ཀོ་གྲུ་འགྲན་སྡུར་ནི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། སྤྱི་ལོ1924ལོ་ཨོ་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་སུ་ཚུད་ཅིང་། སྤྱི་ལོ1936ལོ་དངོས་གཞིའི་འགྲན་སྡུར་རྣམ་གྲངས་སུ་བཞག
གངས་ཤུད་ལུས་རྩལ་ནི་ལུས་རྩལ་པས་གངས་ཤུད་གློད་སྤྱད་དེ་ལྷམ་མཐིལ་དུ་སྤྲད་ནས་གངས་ནང་མགྱོགས་ཚད་དང་མཆོང་བ། ཐུར་ཤུད་བཅས་འགྲན་སྡུར་བྱེད་པའི་ལུས་རྩལ་ཞིག་ཡིན།
གཟེབ་གྲུག་ལུས་རྩལ་ནི་ཨ་རི་ནས་དར་བ་ཡིན། སྤྱི་ལོ1891ལོའི་ཟླ12ཚེས21ཉིན། ཨ་རིའི་མ་ས་ཀྲུའུ་སའེ་ཁུལ་གྱི་སི་ཕུའུ་ལིན་ཧྥེ་ཨེར་ཏི་ཡེ་ཤུའི་ཆོས་ལུགས་གཞོན་ནུ་སྦྱོང་བརྡར་སློབ་གྲྭའི་ལུས་སྦྱོང་དགེ་རྒན་ཇེམ་སི་ནིས་སྨི་སིས་གསར་གཏོད་གནང་བ་ཡིན། སྤྱི་ལོ1896ལོར། གཟེབ་གྲུག་ཀྲུང་གོ་ལ་དར།
གཡོར་གྲུ་ནི་རླུང་ཤུགས་ལ་རྟེན་ནས་མདུན་སྐྱོད་བྱེད་པའི་གྲུ་ཡིན། གཡོར་གྲུ་ལུས་རྩལ་ནི་རང་བྱུང་གི་རླུང་ཤུགས་དེས་གྲུ་གཡོར་ལ་བྱེད་ནུས་བཏོན་ཏེ། མིས་གྲུ་ལ་ཁ་ལོ་སྒྱུར་བཞིན་པའི་ཆུའི་སྟེང་གི་ལུས་རྩལ་ཞིག་ཡིན། དེ་ལ་འགྲན་རྩལ་དང་རོལ་རྩེད། ལྟ་སྐོར་དང་མྱུལ་དཔྱད་ལས་གྲུབ་པས། མི་རྣམས་དེ་ལ་དགའ་མོས་ཆེན་པོ་ལྡན་པ་མ་ཟད། རྒྱལ་ཁབ་སོ་སོའི་མི་རྣམས་ཀྱིས་རྒྱ་མཚོ་རིག་གནས་བརྗེ་རེས་བྱེད་པའི་ཐབས་ལམ་ཞིག་ཀྱང་ཡིན། 1900ལོའི་ཐེངས་གཉིས་པའི་ཨོ་རྩལ་འགྲན་ཚོགས་ནས་བཟུང་འགྲན་ཞུགས་རྣམ་གྲངས་སུ་བཞག་པ་རེད།
གྲུ་ཆུང་འགྲན་སྡུར་གྱི་ལུས་རྩལ་དེ་ནི་དབྱིན་ཇི་ནས་དར་བ་རེད། དུས་རབས17པར་ཐེམ་སི་གཙང་བོའི་གྲུ་བ་རྣམས་ཀྱིས་རྒྱུན་དུ་གྲུ་ཆུང་འགྲན་སྡུར་བྱེད་ལ། སྤྱི་ལོ1715ལོར་དབྱིན་ཇིའི་རྒྱལ་པོ་ཁྲི་འདོན་མངའ་གསོལ་བའི་མཛད་སྒོར་གྲུ་ཆུང་འགྲན་སྡུར་ཐོག་མར་སྤེལ་བ་རེད། སྤྱི་ལོ1775ལོར་དབྱིན་ཇིས་གྲུ་ཆུང་འགྲན་སྡུར་གྱི་སྒྲིག་སྲོལ་གཏན་འབེབ་གནང་ཞིང་ལོ་དེར་གྲུ་ཆུང་འགྲན་སྡུར་རོལ་རྩེད་གླིང་བཙུགས། སྤྱི་ལོ1891ལོའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོར་གྲུ་ཆུང་འགྲན་སྡུར་དེ་དངོས་གཞིའི་འགྲན་སྡུར་རྣམ་གྲངས་སུ་བཞག
ཆུར་རྐྱལ་ནི་ཆུའི་ནང་དུ་རྐང་ལག་གཡབ་པ་སོགས་ཀྱིས་འགྲོ་བ་སྟེ། ལུས་ཀྱི་རྐང་ལག་གི་འགུལ་སྐྱོད་ལ་བརྟེན་ནས་མདུན་དུ་བསྐྱོད་པའི་རྩལ་ནུས་ཤིག་ཡིན།
དབྱུག་འཁྱོག་སྤོ་ལོ་འདིའི་མིང་ཡོང་ཁུངས་ནི་ཧྥ་རན་སེའི་སྐད་ཡིན་ལ། བསྟན་དོན་ནི་ལུག་རྫིའི་ལག་རྟེན་ལ་གོ འཛམ་གླིང་སྟེང་གི་ལུས་རྩལ་རྣམ་གྲངས་ཁྲོད་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་བ་ཡིན། དབྱུག་འཁྱོག་སྤོ་ལོའི་བྱུང་བ་དེ་ཨོ་ལེན་ཕིག་འགྲན་ཚོགས་ལས་ལོ1200འམ་དེ་ལས་སྔ་བ་རེད།
དབྱུག་རྩེད་སྤོ་ལོ་ནི་དབྱུག་པས་སྤོ་ལོ་རྒྱག་པ་དེ་ཁྱད་ཆོས་གཙོ་བོ་ཡིན་པ་མ་ཟད། ད་དུང་ཐུན་མོང་རང་བཞིན་དང་འགྲན་རྒོལ་གྱི་རང་བཞིན་ལྡན་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན།
དར་ཐོག་སྤོ་ལོ་ལ་དར་ཐོག་གི་དབྱུག་འཁྱོག་སྤོ་ལོ་ཡང་ཟེར། དར་ཐོག་སྤོ་ལོ་ཁ་ན་ཏ་ནས་དར་བ་དང་། རྗེས་སུ་ཡོ་རོབ་གླིང་གི་མེ་གླིང་བྱང་མའི་ས་ཆར་དར། སྤྱི་ལོ1908ལོར་པ་ལི་ནས་རྒྱལ་སྤྱིའི་དར་ཐོག་སྤོ་ལོའི་མནའ་འབྲེལ་ལྷན་ཚོགས་བཙུགས། སྤྱི་ལོ1924ལོར་དགུན་དུས་ཀྱི་ཨོ་རྩལ་འགྲན་སྡུར་རྣམ་གྲངས་སུ་ཚུད་པ་རེད།
དྲ་གྲུག་ནི་ཡིད་དུ་འོང་ཡང་ཛ་དྲག་ཅན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དྲ་གྲུག་ལུས་རྩལ་གྱི་བྱུང་བ་དང་འཕེལ་རྒྱས་དེ་ཚིག་ཕྲེང་བཞི་ལ་བསྡུས་ཆོག དེ་ནི་ཧྥ་རན་སེ་ནས་གསོ་སྐྱོང་བྱས་ལ། དབྱིན་ཇི་ནས་མཚར་ལོངས་བྱུང་། ཨ་རི་ནས་མགོ་བརྩམས་ཏེ་ཁྱབ་གདལ་དང་དེའི་རྣམ་པ་ཡང་རྩེར་སོན།
དྲག་རྩལ་ཐའེ་ཆོན་ཏའོ་ནི་ཁྲའོ་ཞན་ཕྱེད་གླིང་ནས་དར་བ་དང་། གནའ་ནས་ད་བར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད། དྲག་རྩལ་ཐའེ་ཆོན་ཏའོ་ལ་འཛམ་གླིང་ན་མིང་དུ་གྲགས་པའི་རྩ་འཛུགས་མ་ལག་གཉིས་ཡོད། སྤྱི་ལོ2000ལོའི་ཨོ་རྩལ་ཐོག་དྲག་རྩལ་ཐའེ་ཆོན་ཏའོ་དངོས་སུ་འགྲན་བསྡུར་རྣམ་གྲངས་སུ་ཚུད་པ་རེད།
ལོ་ཉིས་སྟོང་སྔོན་གྱི་ཡར་སྔོན་དུ། ཀྲུང་གོ་དང་རྒྱ་གར་བཅས་རྒྱལ་ཁབ་ཁ་ཤས་སུ་བྱ་སྒྲོའི་སྤོ་ལོའི་ལུས་རྩལ་དང་འདྲ་བའི་རོལ་རྩེད་བྱུང་བ་དང་། རྗེས་སུ་དབྱིན་ཇི་དང་ཨའོ་གླིང་བྱང་མའི་རྒྱལ་ཁབ་བཅས་སུ་ཁྱབ།
སྤྱི་ལོ་སྔོན་གྱི776ལོར། གནའ་བོའི་ཀེ་རི་སེའི་ཨོ་ལིན་ཕིག་གྲོང་སྡེར་གནའ་བོའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་བསྡུས་ཤིང་། དེ་ནས་བཟུང་། ལུས་རྩལ་དེ་རིགས་འགྲན་སྡུར་རྣམ་གྲངས་སུ་ཚུད། སྤྱི་ལོ1894ལོར། ཧྥ་རན་སེའི་རྒྱལ་ས་ཕ་རི་སིར་དེང་རབས་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་བཙུགས། སྤྱི་ལོ1896ལོར་ཀེ་རི་སེ་ནས་དེང་རབས་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་བསྡུས་པ་རེད།
མདའ་རྩལ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་། དང་ཐོག་རྔོན་ལས་དང་དམག་འཁྲུག་སོགས་སུ་སྤྱོད་པ་ཡིན། སྔར་མདའ་བ་ཚང་མ་རྔོན་པ་ཡིན་པ་དང་། རྗེས་སུ་མདའ་རྩལ་དམག་འཁྲུག་ཏུ་སྤྱོད་པའི་མཚོན་ཆའི་རིགས་སུ་གྱུར། དེང་རབས་མདའ་རྩལ་ནི་ཆེས་ཐོག་མར་དབྱིན་ཇི་ནས་བྱུང་བ་ཡིན།
འཁྱགས་ཤུད་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན་པ་དང་། དུས་རབས་བཅུ་པར་ཧོ་ལན་ནས་དར། འཁྱགས་ཤུད་ལུས་རྩལ་ལ་མྱུར་ཚད་འཁྱགས་ཤུད་དང་། རྒྱུག་ལམ་ཐུང་བའི་མྱུར་ཚད་འཁྱགས་ཤུད། གར་སྟབས་འཁྱགས་ཤུད་བཅས་འགྲན་སྡུར་རྣམ་གྲངས་གསུམ་ཡོད།
དེང་རབས་རྐང་གྲུག་དར་ཡུལ་ནི་དབྱིན་ཇི་ཡིན་ལ། བཤད་སྲོལ་ལ་དུས་རབས་བཅུ་གཅིག་པར་དབྱིན་ཇི་དང་ཏན་མག་བར་ལ་དམག་འཁྲུག་ཅིག་ལངས་ཤིང་། དམག་འཁྲུག་མཇུག་རྫོགས་ཏེ་དབྱིན་ཇི་བས་འཐབ་རར་གཙང་སྒྲིག་བྱེད་དུས་ཏན་མག་བཙན་འཛུལ་བའི་མགོ་རུས་ཤིག་རྙེད། ཀུན་པོ་ཁོང་ཁྲོ་ལངས་ཏེ་མགོ་རུས་དེར་རྡོག་པས་བཞུས་པ་དེར་ཡོད་ཀྱི་བྱིས་པ་སྐོར་ཞིག་གིས་མཐོང་སྟེ་ལད་མོ་བྱས། འོན་ཀྱང་དེ་ཤིན་ཏུ་མཁྲེགས་ནས་རྐང་བ་ན་བས་སྐམས་ཀྱི་ལྒང་བུར་དབུགས་བརྒྱབ་ནས་རྩེས་པས་དེང་རབས་རྐང་གྲུག་བྱུང་བར་བཤད།
ལུས་རྩལ་འདི་ནི་ཨ་རི་ནས་བྱུང་ཞིང་། སྤྱི་ལོ1895ལ། ཨ་རིའི་མངའ་སྡེ་མཱ་ས་ཊོ་སེའི་གྲོང་ཁྱེར་ཧོ་ལེ་ཁུག་ཅེས་པར་མིང་ལ་ཝེ་ལེན་མོ་ཀེན་ཟེར་བའི་རྩལ་སྦྱོང་ལས་བྱེད་མི་སྣ་ཞིག་གིས་གསར་གཏོད་གནང་བ་རེད། དང་ཐོག་རྡེབ་གྲུག་ལMintonetteསྟེ་གཟེབ་ཆུང་གི་དོན་ཞིག་ལྡན་མོད། སྤྱི་ལོ1896ལ། ཧོར་སི་ཐེ་ཏི་ནས་འགྲན་སྡུར་གྱི་ཁྱད་ཆོས་ལྟརVolleyballསྟེ། དེང་རབས་རྒྱལ་སྤྱིའི་གཅིག་སྤྱོད་ཀྱི་མིང་རྡེབ་གྲུག་ཅེས་སུ་བཏགས།
ལེ་ཆིའུ་སྤོ་ལོའི་ལག་རྩལ་གྱི་དཀའ་ཚད་དང་འགུལ་སྤྱོད་དྲག་ཚད་སོགས་དབྱུག་རྩེད་སྤོ་ལོ་ལས་དམའ་བས། རྗེས་སོར་སྐྱེས་མའི་ལུས་རྩལ་རྣམ་གྲངས་སུ་གྱུར་བ་རེད། ལེ་ཆིའུ་སྤོ་ལོའི་བྱུང་བ་ནི་དགོས་དབང་འདི་འདྲ་ཞིག་ལ་ཐུག་ཡོད་པ་སྟེ། གནམ་གཤིས་སྡུག་པོ་དང་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ཟང་ཟིང་འོག་དབྱུག་རྩེད་སྤོ་ལོའི་ལུས་རྩལ་དེ་དཔོང་སར་སྤར་བས་ལེ་ཆིའུ་སྤོ་ལོའི་ལུས་རྩལ་དུ་གྱུར་བ་རེད།
ཨོ་རྩལ་འགྲན་ཚོགས་ཀྱི་ལྕགས་རྟ་འགྲན་སྡུར་ནི་སྤྱི་ལོ1896ལ་ཨ་ཐེན་སིའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་ནས་སྤེལ་ཅིང་། འགྲན་སྡུར་དེ་དུས་ཚོད12རིང་སྤེལ་ལ། འགྲན་ཞུགས་པས་ཞོགས་པའི་དུས་ཚོད5ནས་མགོ་བརྩམས་སྟེ་ཟ་མ་མི་ཟ་ལ་ངལ་ཡང་མི་གསོ་བར་འགྲན་རར་བསྐོར་བ900ལྷག་རྒྱག་དགོས། ས་རུབ་དུས་ད་གཟོད་འགྲན་སྡུར་མཇུག་བསྡུ་བའི་འགྲན་ཞུགས་རྣམ་གྲངས་ཤིག་རེད།
ལྗིད་འདེགས་ནི་གནའ་སྔ་མོའི་དུས་རབས་ཁྲོད་མིའི་རིགས་ཀྱིས་རྡོ་ལ་སོགས་ཡར་བཀྱགས་ནས་ལུས་སྟོབས་མངོན་པ་ལས་བྱུང་བ་ཡིན་ལ། རྗེས་སུ་རིམ་གྱིས་ལུས་རྩལ་རྣམ་གྲངས་ཀྱི་གྲས་སུ་ཚུད། ཉེ་རབས་ཀྱི་ལྗིད་འདེགས་ལུས་རྩལ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་དུ་དར་བ་ཡིན་ལ། ཨའོ་གླིང་དུ་རྒྱུགས་ཆེ། དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་མགོར་ལྗིད་འདེགས་དངོས་སུ་འགྲན་སྡུར་རྣམ་གྲངས་ཀྱི་གྲས་སུ་ཚུད།
འཇུ་རེས་ནི་འཛམ་གླིང་སྟེང་ཆེས་སྔ་བའི་ལུས་རྩལ་འགྲན་སྡུར་ཞིག་ཡིན་པ་ཀུན་གྱིས་ཁས་ལེན། ཀེ་རི་སེ་དང་ཨེ་ཅིབ། ཀྲུང་གོ འཇར་པན་ལ་སོགས་རྒྱལ་ཁབ་ཀྱི་གནའ་བོའི་རིག་གནས་ཁྲོད་འཇུ་རེས་ཀྱི་སྐོར་ཡིག་ཐོག་ཏུ་བཀོད་ཡོད། སྤྱི་ལོ་སྔོན་གྱི776ལོར་གནའ་རབས་ཨོ་རྩལ་བྱུང་བ་ནས་བཟུང་། འཇུ་རེས་ནི་ནང་གསེས་ཀྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན།
རྩལ་ཅན་གྱི་རྣམ་གྲངས་གསུམ་ནི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེ་ནི་གསར་དར་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་རྣམ་གྲངས་ཁོངས་སུ་གཏོགས། འགྲན་སྡུར་དེ་ནི་རང་བྱུང་ཆུ་ཁོངས་སུ་ཆུར་རྐྱལ་བ་དང་། གཞུང་ལམ་ལྕགས་རྟ་འགྲན་བསྡུར་དང་གཞུང་ལམ་རྒྱང་རྒྱུག་བཅས་རྣམ་གྲངས་གསུམ་པོ་རིམ་པ་ལྟར་གྲུབ་པ་ཡིན། ལུས་རྩལ་པས་དབུགས་གཏོང་ཐེངས་གཅིག་གི་འགྲན་སྡུར་མཇུག་རྫོགས་དགོས། སྤྱི་ལོ2000ལོར་ཨོ་རྩལ་འགྲན་སྡུར་རྣམ་གྲངས་སུ་ཚུད། སྤྱི་ལོ2006ལོར་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་སུ་བཞག་པ་རེད།
རྟ་རྩལ་ནི་སྤྱི་ལོ1900ལོའི་ཨོ་རྩལ་འགྲན་ཚོགས་སྟེང་ཐོག་དང་པོར་ཞུགས་པ་དང་། དེའི་རྗེས་སྤྱི་ལོ1912ལོའི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་པ་རེད། རྟ་རྩལ་ལ་དབྱེ་ན་འགྲན་སྡུར་རྣམ་གྲངས་གསུམ་ཡོད་དེ། བཀག་བརྒལ་འགྲན་སྡུར་དང་གར་སྟབས་ཞོན་རྩལ། སྣ་འཛོམས་ཀུན་ཐུབ་རྟ་རྩལ་འགྲན་སྡུར་ཏེ། ཉིན་གསུམ་ལ་འགྲན་སྡུར་བྱེད་པ་ཡིན།
མེ་གླིང་རྟགས་མའི་འགྲན་སྡུར་ནི་མེ་གླིང་ལྷོ་མའི་རྐང་གྲུག་རུ་ཁག་གི་རྒྱལ་ཁབ་དག་ཞུགས་པའི་གལ་ཆེ་བའི་རྒྱལ་ཁབ་རིམ་པའི་རྐང་གྲུག་འགྲན་སྡུར་དོན་ཆེན་ཞིག་ཡིན། མེ་གླིང་ལྷོ་མའི་རྐང་གྲུག་སྐྱེས་འབུལ་འགྲན་སྡུར་ནི་འཛམ་གླིང་གི་ལོ་རྒྱུས་ཆེས་རིང་བའི་རྒྱལ་ཁབ་རིམ་པའི་རྐང་གྲུག་འགྲན་སྡུར་དོན་ཆེན་ཞིག་ཡིན།
ཡ་གླིང་རྟགས་མའི་འགྲན་སྡུར་ནི་ཡ་གླིང་གི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཙུགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་སྐྱེས་པ་དར་མའི་རྐང་གྲུག་འགྲན་སྡུར་ཞིག་ཡིན། ལོ་བཞིའི་ནང་ཐེངས་རེར་སྡུད་ཀྱི་ཡོད།
ཡོ་རོབ་གླིང་གི་རྐང་གྲུག་སྐྱེས་འབུལ་འགྲན་སྡུར་ནི་ཡོ་རོབ་གླིང་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཙུགས་ཤིང་། ཡོ་རོབ་གླིང་གི་རྐང་གྲུག་མཐུན་ཚོགས་ཀྱི་རྒྱལ་ཁབ་བར་ཞུགས་པའི་ཆེས་མཐོའི་རྒྱལ་ཁབ་རིམ་པའི་རྐང་གྲུག་འགྲན་སྡུར་དོན་ཆེན་ཞིག་ཡིན། སྤྱི་ལོ1960ལ་སྐབས་དང་པོ་བསྡུས་ཤིང་། དེའི་རྗེས་ནས་བཟུང་ལོ་བཞིའི་ནང་ཐེངས་གཅིག་རེར་སྡུད་ཀྱི་ཡོད་ལ།
ཡོ་རོབ་གླིང་རྟིང་རྩོད་མཉམ་འབྲེལ་འགྲན་སྡུར་ནི་ཡོ་རོབ་གླིང་རྐང་གྲུག་མཉམ་འབྲེལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཏེ་ལོ་རེར་སྤེལ་བའི་རྐང་གྲུག་འགྲན་སྡུར་ཞིག་ཡིན། དེས་ཡོ་རོབ་ཀྱི་རྐང་གྲུག་ཚོགས་པའི་རྐང་གྲུག་གི་ཆེས་མཐོའི་གཟི་བརྗིད་དང་ཆུ་ཚད་མཚོན་པས། འཛམ་གླིང་གི་བྱ་དགའི་དངུལ་ཆེས་མང་བའི་རྐང་གྲུག་དང་རྩལ་སྦྱོང་འགྲན་སྡུར་དོན་ཆེན་གྲས་ཀྱི་གཅིག་ཡིན་པས།
དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནི་སྤྱི་ལོ1960ལོར། རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་དབང་བོ་སྐྱོན་ཅན་ཆེད་དམིགས་ཀྱི་འཛམ་གླིང་གི་སྣ་འཛོམས་ཆེ་གྲས་ཅན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན།
ཡ་གླིང་གི་ལུས་རྩལ་འགྲན་ཚོགས་ནི་ཡ་གླིང་ས་ཁུལ་ཏུ་གཞི་ཁྱོན་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། ཡ་གླིང་གི་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ནས་རེས་མོས་ཀྱིས་གཙོ་སྒྲུབ་གནང་གི་ཡོད་ཅིང་། ལོ་བཞིའི་ནང་ཐེངས་གཅིག་ལ་སྤེལ་གྱི་ཡོད་པ་དང་། འགྲན་ཚོགས་འདི་ཨོ་རྩལ་འགྲན་ཚོགས་དང་སྤེལ་མར་བསྡུས་ཀྱི་ཡོད།