ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ།

ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ་ཞེས་པ་ནི་ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུའུ་ཡིས་བདམས་ཐོན་བྱུང་བའི་སྤྱི་ལོ2018ལོའི་ཀྲུང་གོའི་ན་གཞོན་ལུས་རྩལ་ཕུལ་བྱུང་ཅན་བཅུ་ལ་ཟེར་བ་ཡིན། སྤྱི་ལོ2018ལོའི་ཟླ12པའི་ཚེས26ཉིན། སྤྱི་ལོ2018ལོའི་ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ་སྟེ། ཝུའུ་ཏ་ཅིང་། སུའུ་པིང་ཐན། ཞུས་ཅཱ་ཡུའུ། ཀྲུའུ་ཐིང་སོགས་མི་བཅུ་བདམས་ཐོན་བྱུང་།

རིགས་དབྱེ།  

ལྡེམ་མཆོང་།

ལྡེམ་མཆོང་ནི་ལྡིང་མཁན་སྨིས40ལྷག་གི་མཐོ་ཚད་དུ་བསྡད་དེ་འགྱིག་ཐག་རིང་པོ་ཞིག་རང་ཉིད་ཀྱི་རྐང་པར་བཏགས་པ་དང་། དེ་ནས་ལག་པ་གཉིས་བརྐྱངས་ཤིང་རྐང་པ་མཉམ་གཤིབས་སྒོས། མགོ་བོ་ཐུར་དུ་དཔྱངས་ཏེ་མར་ལྡིང་པ་ཞིག་ཡིན།

རིགས་དབྱེ།  

ཐག་ལྡིང་།

ཐག་ལྡིང་ནི་དེ་སྔ་དབུས་གཙང་རྒྱུད་དུ་བོད་རིགས་བུད་མེད་གཞོན་ནུ་དང་ལོ་ཆུང་རྣམས་ཀྱིས་དགའ་པོ་བྱེད་པའི་ལུས་རྩལ་གྱི་གྲས་ཤིག་ཡིན།

རིགས་དབྱེ།  

བཀན་མཆོང་།

བཀན་མཆོང་ཞེས་པ་རྒྱབ་གཞུང་གཞུ་ལྟར་བཀུག་ནས་འཕྲེད་དབྱུག་སྟེང་ཕར་མཆོང་བ་ཞིག་ཡིན་ལ། བཀན་མཆོང་ལུས་རྩལ་པ་ཤུགས་ཆེན་པོས་བརྒྱུགས་ནས་རམ་འདེགས་ཀྱིས་གོམ་འགྲོས་ལ་བསྟེན་ཏེ། ཡར་ལྡིང་བའི་ཤེད་ཤུགས་ཀྱིས་རྐང་པ་བཀུམ་ཞིང་རྒྱབ་གཞུང་གཞུ་ལྟར་ཕར་ལྡིང་བ་ཞིག་གོ།

རིགས་དབྱེ།  

མཐོ་མཆོང་།

མཐོ་མཆོང་ཞེས་པ་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། མྱུར་སྐྱོད་མཐོ་མཆོང་ཡང་ཟེར། དལ་ལྷོད་རན་པའི་གྲོམ་འགྲོས་ཀྱི་གཞོགས་འདེགས་ལ་བསྟེན་ནས་རྐང་པ་ཡ་གཅིག་ལས་ཡར་མཆོངས་ཏེ། འཕྲེད་དབྱུག་ལས་ཕར་བརྒལ་ནས་རིམ་བཞིན་མར་ལྷུང་བ་ཞིག་ཡིན་ལ། རྒྱལ་ཁའི་ངང་འཕྲེད་དབྱུག་ལས་ཕར་བརྒལ་བའི་མཐོ་ཚད་ལྟར་རྩིས་བརྒྱབས་ནས་ཨང་རིམ་ཐག་གཅོད་པ་རེད།

རིགས་དབྱེ།  

དབྱུག་བཀན་མཐོ་མཆོང་།

དབྱུག་བཀན་མཐོ་མཆོང་(polevault)ཞེས་པ་བང་རྒྱུག་ལུས་རྩལ་རྣམ་གྲངས་རིགས་ཤིག་ཡིན་ལ། ལུས་རྩལ་པས་དབྱུག་པའི་ལྡེམ་ཤུགས་ལ་བརྟེན་ནས་དཔྱངས་བ་དང་། ལུས་སྐྱོར་བྱེད་པ། རྐང་པ་ཡར་འགྱོགས་པ་སོགས་ཀྱིས་འཕྲེད་ཤིང་ལས་ཕར་བརྒལ་བ་ཞིག་ཡིན། དབྱུག་བཀན་མཐོ་མཆོང་ནི་ལག་རྩལ་རྙོག་འཛིང་ཆེ་བའི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

མཆོང་ཁྲི།

མཆོང་ཁྲི(Trampoline)ཞེས་པ་ལུས་རྩལ་པ་དབྱིབས་མལ་ཁྲི་དང་མཚུངས་པའི་ལྡེམ་ཤུགས་ཅན་གྱི་མཆོང་ཁྲི་ལས་རྩལ་ནུས་མངོན་པའི་རྩལ་འགྲན་ལུས་རྩལ་ཞིག་ཡིན་ལ། དེ་ནི་རྩལ་འགྲན་ལུས་རྩལ་པའི་ཁོངས་སུ་གཏོགས། མཆོང་ཁྲི་ལ་བར་སྣང་གི་པ་ལིའི་ཞབས་བྲོ་ཞེས་ཀྱང་འབོད། སྤྱི་ལོ2000ལོའི་སྐབས27པར་ཞི་ཉི་ཨོ་རྩལ་འགྲན་ཚོགས་ཐོག་མཆོང་ཁྲི་དངོས་སུ་འགྲན་སྡུར་རྣམ་གྲངས་སུ་བདམས

རིགས་དབྱེ།