ལྡིང་བརྒལ་རྒྱུག་འགྲན།

ལྡིང་བརྒལ་རྒྱུག་འགྲན་ནི་ལམ་བུར་དུ་གྲངས་ཀ་དང་བར་ཐག མཐོ་ཚད་བཅས་ངེས་གཏན་མེད་པའི་འགོག་ཤིང་ལ་བརྒལ་བའི་ཐུང་རྒྱུག་གི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

ལག་རྒྱུག

ལག་ཏུ་དབྱུག་དུམ་བཟུང་ནས་ལམ་གྱི་བཞི་ཆ་གཅིག་ལ་བརྒྱུགས་རྗེས་ལག་གི་དབྱུག་དུམ་མི་གཞན་ཞིག་ལ་སྤྲད་པ་ན་དེས་ཀྱང་སྔར་གྱི་མུར་མཐུད་ནས་རྒྱུག་འགྲན་བྱེད་པའི་ལུས་རྩལ་ཞིག་གོ། །

རིགས་དབྱེ།  

སྨི800ཡི་རྒྱུག་འགྲན།

སྨི800ཡི་རྒྱུག་འགྲན་ལ་སྨི800ཡི་འབྲིང་རྒྱུག་ཡང་ཟེར་ཞིང་། དེ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་གལ་ཆེན་གྱི་གྲས་ཤིག་ཡིན། སྤྱི་ལོ1896ལོར་ཀེ་རི་སེའི་ཨ་ཐེན་སི་ཨོ་ལིན་ཕི་ཡས་སྐབས་དང་པོའི་དེང་རབས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་བ་དང་། དེའི་ནང་སྐྱེས་པའི་སྨི800ཡི་རྒྱག་འགྲན་དེ་དངོས་སུ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་རྣམ་གྲངས་སུ་གྱུར།

རིགས་དབྱེ།  

སྨི100ཡི་ཐུང་རྒྱུག

སྨི100ཡི་ཐུང་རྒྱུག་ནི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་ཁྲོད་བར་ཐག་ཐུང་ཤོས་ཀྱི་འགྲན་བསྡུར་ཞིག་ཡིན་ལ“མིའི་རིགས་ཀྱི་མྱུར་ཚད་ལ་འགྲན་སློང་བྱེད་པའི”འགྲན་བསྡུར་ཞིག་ཀྱང་རེད། སྤྱི་ལོ2015ལོའི་བར་སྐྱེས་པའི་སྨི100ཡི་ཐུང་རྒྱུག་གི་འཛམ་གླིང་ཟིན་ཐོ་ནི་པོའར་ཐེས་སྤྱི་ལོ2009ལོའི་པེར་ལིན་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཐོག་སྐར་ཆ9དང་ཆ་ཤས58ཀྱི་ཟིན་ཐོ་བཏོད་ཡོད། ལུས་རྩལ་འདི་ནི་མི་རྣམས་ཀྱིས་དུས་མཉམ་དུ་མྱུར་ཚད་ཆེས་མགྱོགས་པ་དང་། གཏན་འཁེལ་བྱས་པའི་རྒྱུག་ལམ་སྟེང་གཏན་འཁེལ་བྱས་པའི་བར་ཐག་རྒྱུག་ཚར་བར་མ་ཟད། ཆེས་ཐོག་མར་རྒྱུག་ཚར་མཁན་ལ་རྒྱལ་ཁ་ཐོབ་པའི་རྣམ་གྲངས་ཤིག་ཡིན། མིའི་ལུས་ཁམས་ཀྱི་ནུས་པའི་མཁོ་སྤྲོད་ཀྱི་ཕྱོགས་ནས། མིའི་ལུས་ཕུང་གིས་ཚད་ཆེས་ཆེ་བའི་སྒོ་ནས་མིའི་གདོད་ནུས་འདོན་སྤེལ་བྱེད་པ་དང་། དབྱང་མེད་བརྗེ་ཚབ་ནུས་འདོན་གྱི་རྣམ་པས་ནུས་ཚད་འདོན་སྤྲོད་བྱེད་པ་ཡིན།

རིགས་དབྱེ།  

ཤུགས་སྦྲེལ་བང་རྒྱུག

ཤུགས་སྦྲེལ་བང་རྒྱུག་ནི་ཤུགས་སྦྲེལ་རུ་ཁག་གིས་རིམ་བཞིན་སྦྲེལ་ལེན་བྱས་ནས་བར་ཐག་ངེས་ཅན་རྒྱུག་ཚར་བར་བྱེད་པའི་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

ཐང་རྩེད།

ཐང་རྩེད་ནི་རྒྱུག་ལམ་ནས་འགྲན་བསྡུར་བྱེད་པའི་རྣམ་གྲངས་དག་ཡིན་ཞིང་། དུས་ཚོད་ཚད་གཞི་བྱེད་པ་ཡིན།

རིགས་དབྱེ།  

མཆོང་བརྒལ་བང་རྒྱུག

མཆོང་བརྒལ་བང་རྒྱུག་ནི་ལམ་བར་དུ་གྲངས་ཀ་དང་བར་ཐག མཐོ་ཚད་བཅས་ངེས་གཏན་མེད་པའི་འགོག་ཤིང་ལ་བརྒལ་བའི་ཐུང་རྒྱུག་གི་ལུས་རྩལ་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

སྨི110ཅན་གྱི་སྐྱེས་པའི་མཆོང་རྒྱུག

སྨི110ཅན་གྱི་སྐྱེས་པའི་མཆོང་རྒྱུག་ལ་སྨི110ཅན་གྱི་སྐྱེས་པའི་བརྒལ་རྒྱུག་ཀྱང་ཟེར་ཞིང་། དེ་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་རྣམ་གྲངས་ཀྱི་ནང་ཚན་ཞིག་སྟེ། ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་རྣམ་གྲངས་ཀྱང་ཡིན། བཀག་ཤིང་བརྒལ་རྒྱུག་ཆེས་སྔ་བ་ནི་དུས་རབས19པའི་ནང་དུ་དབྱིན་ཇིར་བྱུང་ཞིང་། སྐབས་དེར་བགེགས་རྒྱུག་ཅེས་འབོད།

རིགས་དབྱེ།  

སྨི400ཡི་མཆོང་རྒྱུག

སྨི400ཡི་མཆོང་རྒྱུག་ཅེས་པ་སྲོལ་རྒྱུན་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་དང་། ཨོ་རྩལ་འགྲན་ཚོགས་རྣམ་གྲངས། དེ་ལ་དབྱེ་ན་སྨི400ཡི་སྐྱེས་པ་དང་སྐྱེས་མའི་མཆོང་རྒྱུག་གཉིས་ཡོད།

རིགས་དབྱེ།  

སྨི4x100ཅན་མཐུད་རྒྱུག

སྨི4x100ཅན་མཐུད་རྒྱུག་གི་བསྡུས་མིང་ལ4x1ཟེར་ཞིང་། མཐུད་རྒྱུག་བང་འགྲན་གྱི་རྣམ་པ་ཞིག་ཡིན་པས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན། རུ་ཁག་རེར་མི4ཡོད་ལ། མི་རེ་རྒྱུག་ཐག་གཅིག་མཚུངས་ཡིན།

རིགས་དབྱེ།  

སྨི100ཡི་སྐྱེས་མའི་མཆོང་རྒྱུག

མཆོང་རྒྱུག་ནི་དུས་རབས19པར་དབྱིན་ཇིར་དར་ཞིང་། སྐབས་དེར་བགེགས་རྒྱུག་ཅེས་འབོད།

རིགས་དབྱེ།  

ཐུང་རྒྱུག

ཐུང་རྒྱུག་ནི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ལས་རིགས་ཤིག་ཡིན། དེ་ལ་རྒྱུག་ཐག་སྨི50ཅན་དང་། སྨི60ཅན། སྨི100ཅན། སྨི200ཅན། སྨི400ཅན། སྨི4×100ཅན་མཐུད་རྒྱུག་སོགས་ཡོད། མི་རྣམས་ཀྱིས་དུས་མཉམ་དུ་ཆེས་མྱུར་བའི་གོམ་འགྲོས་ཀྱིས་རྒྱུག་ལམ་དུ་བརྒྱུག་ནས་སྔོན་དུ་ཐོན་མཁན་གྱིས་རྒྱལ་ཁ་ལེན་པའི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།