ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ།
ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ་ཞེས་པར་སྤྱི་ལོ2018ལོའི་ཀྲུང་གོའི་ན་གཞོན་ལུས་རྩལ་ཕུལ་བྱུང་ཅན་བཅུ་ཡི་མིང་དང་། སྐྱེས་ལོ། རྟེན། འགྲན་ཞུགས། གྲུབ་འབྲས་སོགས་ངོ་སྤྲོད་གནང་ཡོད།
གཞི་རྩའི་གནས་ཚུལ།

1211
1111
21212
323
བོད་ཡིག་གི་མིང་།
ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ།
1 ངོ་སྤྲོད། 

1.ཝུའུ་ཏ་ཅིང་། སྐྱེས་པ། ལོ24 ཐག་ཐུང་འཁྱགས་ཤུད།.jpg

ཝུའུ་ཏ་ཅིང་གིས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཐག་ཐུང་འཁྱགས་ཤུད་ཀྱི་སྐྱེས་པའི་སྨི500ཡི་རྣམ་གྲངས་ཀྱི་ཨང་དང་པོ་བླངས་པ་མ་ཟད། འཛམ་གླིང་གི་ཟིན་ཐོ་གསར་པ་ཐེངས་གཉིས་བརྒལ་ཏེ་ཀྲུང་གོའི་འཐུས་མི་ཚོགས་པར་སྐབས་དེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བླངས།


2.སུའུ་པིང་ཐན། སྐྱེས་པ། ལོ29 མཆོང་རྒྱུག་འཕེན་གསུམ།.jpg

སུའུ་པིང་ཐན་གྱིས་ཅ་ཁར་ཐའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སུ་སྐྱེས་པའི་སྨི་བརྒྱའི་འགྲན་བསྡུར་ལ་སྐར་ཆ་9.92ཀྱི་ཐོག་ནས་འགྲན་བསྡུར་དེའི་ཟིན་ཐོ་གསར་པ་བཀོད་དེ་ཨང་དང་པོ་བླངས།


3.ཞུས་ཅ་ཡུས། སྐྱེས་པ། ལོ23 ཆུ་རྐྱལ།.jpg

ཞུས་ཅ་ཡུས་ཀྱིས་ཅ་ཁར་ཐའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་སྨི50དང་། སྨི100 སྨི་200ཡི་གན་རྐྱལ་གྱི་རྣམ་གྲངས་གསུམ་གྱི་ཨང་དང་པོ་བླངས་པ་དང་། ད་དུང་མཐུད་རྒྱུག་འགྲན་བསྡུར་ལ་གསེར་གྱི་རྟགས་མ་གཉིས་བླངས་པ་བཅས་གསེར་གྱི་རྟགས་མ་ལྔ་བླངས་ནས་ཀྲུང་གོའི་རུ་ཁག་གི་གསེར་གྱི་རྟགས་མ་ལེན་མཁན་མང་ཤོས་ཀྱི་བདམས་ཐོན་པར་གྱུར།


4.ཀྲུའུ་ཐིང་། བུད་མེད། ལོ24 ཕའེ་ཆིའུ་སྤོ་ལོ།.jpg

རུ་དཔོན་ཀྲུའུ་ཐིང་གིས་ཀྲུང་གོའི་རུ་ཁག་གི་སྣེ་ཁྲིད་དེ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་ཨང་དང་པོ་བླངས་པ་དང་འབྲེལ། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་ཟངས་ཀྱི་རྟགས་མ་བླངས། ཁོ་མོར་འཛམ་གླིང་ཕའེ་ཆིའུ་སྤོ་ལོའི་སྐྱིད་སྡུག་བུམ་པའི་ཐོབ་ཐང་ཡག་ཤོས་ཀྱི་སྤོ་ལོ་རྒྱག་མཁན་དང་གཙོ་རྒོལ་བྱེད་མཁས་ཤོས་ཀྱི་གཟི་བརྗིད་མཚན་སྙན་བསྩལ།


5.ཅུས་ཝུན་ཅུན། བུད་མེད། ལོ27 རྒྱལ་སྤྱིའི་མིག་མངས།.jpg

ཅུས་ཝུན་ཅུན་གྱིས་ཟླ་ལྔ་པའི་འཛམ་གླིང་རྒྱལ་སྤྱིའི་མིག་མངས་ཀྱི་བུད་མེད་ཀྱི་ལེགས་སྐྱེས་འགྲན་བསྡུར་གྱི་མཐའ་བསྡུར་ལ་ཐན་ཀྲུང་དབྱི་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོ་ནས་ཐོན་པའི་རྒྱལ་སྤྱིའི་མིག་མངས་ཀྱི་འཛམ་གླིང་མིག་མངས་ཀྱི་རྒྱལ་མོ་ཨང་དྲུག་པར་གྱུར།


6.ཝང་ཧྲོང་། བུད་མེད། ལོ23 རྐང་རྩེད་སྤོ་ལོ།.jpg

ཝང་ཧྲོང་སྤྱི་ལོ2018ལོའི་ལོ་འཁོར་གྱི་ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་སྲས་མོར་བདམས་པ་དང་། ཁོ་མོས་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡའི་བུམ་པའི་འགྲན་བསྡུར་ལ་སྤོ་ལོ་བཞི་བླུགས་ནས་ཀྲུང་གོའི་རུ་ཁག་ལ་ཨང་གསུམ་པ་བརྩོན་ལེན་བྱས་པ་མ་ཟད། ད་དུང་ཅ་ཁར་ཐའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་དངུལ་གྱི་རྟགས་མ་ཡང་བླངས།


7.ཝུའུ་ལེ། སྐྱེས་པ། ལོ27 རྐང་རྩེད་སྤོ་ལོ།.jpg

ཧྲང་ཧའེ་ཧྲང་སྒང་རུ་ཁག་གི་ཝུའུ་ལེས་འགྲན་དུས་འདིའི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར་ལ་སྤོ་ལོ27(དྷ་སི་ཀ་ཊམ་ཚུད་མེད་པ)བླུངས་ནས་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར་གྱི་སྤོ་ལོ་རྒྱག་མཁས་ཤོས་དང་སྤོ་ལོ་ལེན་མཁས་ཤོས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་འབྲེལ་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར་གྱི་ཨང་དང་པོ་ལེན་རོགས་ཀྱང་བྱས།


8.ཀུང་ལི་ཅའོ། བུད་མེད། ལོ29 མཆོང་རྒྱུག་འཕེན་གསུམ།.jpg

ཀུང་ལི་ཅའོ་ཡིས་ཅ་ཁར་ཐའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་བུད་མེད་ཀྱི་ཞ་གོང་གི་ཨང་དང་པོ་མུ་མཐུད་བླངས་པ་དང་། 2018ལོར་ཁོ་མོས་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་ཕ་ལམ་འགྲན་བསྡུར་གྱི་ས་ཚིགས་གཉིས་ཀྱི་ཨང་དང་པོ་བླངས་པ་དང་། དེ་རྗེས་སླར་ཡང་ཕ་ལམ་འགྲན་བསྡུར་གྱི་མཐའ་བསྡུར་ནང་སླར་ཡང་ཨང་དང་པོ་བླངས།


9.ཧྲེ་ཐིང་མའོ། བུད་མེད། ལོ27 རྐྱལ་མཆོང་།.jpg

ཧྲེ་ཐིང་མའོ་ཡིས་རྐྱལ་མཆོང་གི་འཛམ་གླིང་བུམ་པའི་འགྲན་བསྡུར་ལ་བུད་མེད་ཀྱི་རྐྱང་མཆོང་དང་ཆ་སྒྲིག་གི་སྨི་གསུམ་གྱི་རྐྱལ་མཆོང་གི་གསེར་གྱི་རྟགས་མ་གཉིས་བླངས་པ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར། འཛམ་གླིང་བུམ་པའི་འགྲན་བསྡུར། ཨོ་རྩལ་འགྲན་ཚོགས་བཅས་ཀྱི་སྨི་གསུམ་གྱི་རྐྱལ་མཆོང་འགྲན་བསྡུར་ཚང་མར་གསེར་གྱི་རྟགས་མ་བླངས།


10.ཤའོ་རུའོ་ཐེང་། སྐྱེས་པ། ལོ22 ལུས་སྦྱོང་ལུས་རྩལ།.jpg

ཤའོ་རུའོ་ཐེང་གིས་ཏེ་ཧ་འཛམ་གླིང་ལུས་སྦྱོང་ལུས་རྩལ་གྱི་ལེགས་སྐྱེས་འགྲན་བསྡུར་ལ་སྐྱེས་པའི་ཚོགས་པ་དང་ལྒང་རྩལ་ཨང་དང་པོ་བླངས་པ་དང་། ཅ་ཁར་ཐའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་ཁོ་པར་སྐྱེས་པའི་ཚོགས་པའི་ཨང་དང་པོ་དང་། ཉིས་རྡང་གི་ཨང་གཉིས་པ། མི་སྒེར་གྱི་ཀུན་ནུས། ཆིག་རྡང་གི་ཨང་གསུམ་པ་བླངས།


བརྡ་འགྲེལ་གདོང་འཛར།

ལུས་རྩལ། མི་སྣ། ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།