གོམ་གསུམ་རྒྱང་མཆོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོམ་གསུམ་རྒྱང་མཆོང་།
གོམ་གསུམ་རྒྱང་མཆོང་ཞེས་པ་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་གྲས་ཤིག་ཡིན་ལ། དེ་ནི་དུས་རབས18པའི་དུས་དཀྱིལ་དུ་སུའུ་ཀེ་ལན་དང་ཨིར་ལན་དུ་བྱུང་ཞིང་འཕེལ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三级跳
བྱུང་དུས།
དུས་རབས18པའི་དུས་དཀྱིལ།
རྒྱ་ཡིག་གི་མིང་ཧྲིལ་བོ།
三级跳远
འབྱུང་ཡུལ།
སུའུ་ཀེ་ལན་དང་ཨིར་ལན།
ངོ་བོ།
མཆོང་རྒྱུག་འཕེན་གསུམ་ཁྲོད་ཀྱི་རྣམ་གྲངས་གཅིག
1 ​ངོ་སྤྲོད། 

གོམ་གསུམ་རྒྱང་མཆོང་ཞེས་པ་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་གྲས་ཤིག་ཡིན་ལ། དེ་ནི་དུས་རབས18པའི་དུས་དཀྱིལ་དུ་སུའུ་ཀེ་ལན་དང་ཨིར་ལན་དུ་བྱུང་ཞིང་། སྐྱེས་པའི་གོམ་གསུམ་རྒྱང་མཆོང་ནི་སྤྱི་ལོ1896ལོར་ཨོ་རྩལ་འགྲན་ཚོགས་སུ་འགྲན་སྡུར་རྣམ་གྲངས་སུ་བཀོད། སྐྱེས་མའི་གོམ་གསུམ་རྒྱང་མཆོང་ནི་དུས་རབས18པའི་ལོ་རབས80པའི་ལོ་མགོར་རྒྱ་ཆེར་སྤེལ་ཏེ། སྤྱི་ལོ1992ལོར་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་སུ་བཀོད། 

2 ལུས་རྩལ་གྱི་རིམ་པ། 

ཉེ་ལམ་ཀྲུང་གོའི་གོམ་གསུམ་རྒྱང་མཆོང་འགུལ་སྐྱོད་ལུས་རྩལ་པའི་གོ་རིམ་གཤམ་གསལ་ལྟར་རོ། །

གོམ་གསུམ་རྒྱང་མཆོང་སྨི12.00ནི་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་ལུས་རྩལ་པ་ཡིན། 

གོམ་གསུམ་རྒྱང་མཆོང་སྨི13.60ནི་རྒྱལ་ཁབ་ཀྱི་རིམ་གཉིས་པའི་ལུས་རྩལ་པ་ཡིན། 

གོམ་གསུམ་རྒྱང་མཆོང་སྨི15.35ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་ཡིན། 

གོམ་གསུམ་རྒྱང་མཆོང་སྨི16.40ནི་རྒྱལ་ཁབ་ཀྱི་ཕུལ་བྱུང་ལུས་རྩལ་པ་ཡིན། 

གོམ་གསུམ་རྒྱང་མཆོང་སྨི16.85ནི་རྒྱལ་སྤྱིའི་ཕུལ་བྱུང་ལུས་རྩལ་པ་ཡིན། 

3 འཛམ་གླིང་ཟིན་ཐོ་བཀོད་ཚུལ། 

སྐྱེས་པའི་གོམ་གསུམ་རྒྱང་མཆོང་ལ་སྤྱི་ལོ1995ལོའི་ཟླ08པའི་ཚེས07ཉིན་དབྱིན་ཇི་པ་ཆའོ་ན་སེན་ཨའེ་ཏེ་ཧྭ་ཚི་སྨི18.29ལ་མཆོང་ནས་འཛམ་གླིང་ཟིན་ཐོ་བཀོད། 

སྐྱེས་མའི་གོམ་གསུམ་རྒྱང་མཆོང་ལ། སྤྱི་ལོ1998ལོའི་ཟླ10པར་ཝུའུ་ཁི་ལན་པ་དབྱི་ན་ས་ཁེ་ལ་ཝེ་ཚི་སྨི15.50ལ་མཆོང་ནས་འཛམ་གླིང་ཐིན་ཐོ་བཀོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།