རྩིས་རམས་པ་བསམ་གྲུབ་རྒྱ་མཚོ།

ཁོང་ནི་རབ་བྱུང་བཅོ་ལྔ་བའི་ནང་ལ་མདོ་སྨད་དུ་འཁྲུངས་ཤིང་། སྐུ་ན་ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚོགས་ཞུགས་གནང་། དགེ་བའི་བཤེས་གཉེན་ཨོ་འཁྱིལ་སྐལ་བཟང་ལེགས་བཤད་སོགས་ལ་བསྟེན་ནས་སྐར་རྩིས་དང་རྒྱ་རྩིས་སོགས་ཐ་སྙད་རིག་གནས་ཀུན་ལ་སྦྱངས་པ་མ་ཟད། དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་དགེ་བའི་བཤེས་གཉེན་འཇམ་དབྱངས་རྒྱ་མཚོ་སོགས་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་བསྟེན་ནས་མདོ་སྔགས་གཞུང་ལུགས་མཐའ་དག་ལ་དཔྱིས་ཕྱིན་པར་སྦྱངས་པ་མཛད་དེ་མཁས་པའི་གོ་འཕང་ཐོབ། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བསྟན་འགྲོ་ཀུན་ལ་ཕན་པའི་དོན་རྒྱ་ཆེན་པོ་མཛད་ཅིང་། སྒོས་སུ་གནམ་ལུགས་སྐར་རྩིས་ཀྱི་ཐད་ལ་ཕྱག་རྗེས་ཀུན་ལས་ལྷག་པ་བཞག་ཡོད་དོ། །

རིགས་དབྱེ།  

ལོ་ཁམས་བརྩི་ཚུལ།

ཕྱི་ལོའམ་སྤྱི་ལོ་ཞེས་པ་འཛམ་གླིང་སྤྱི་མཐུན་ཐུན་མོང་དུ་གྲགས་པའི་ལོ་རྩི་ཚུལ་ཞིག་སྟེ། དེ་ནི་ཁ་ཆེའི་ཆོས་ལུགས་དང༌། སངས་རྒྱས་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་ཡོད་པ་ལས། ཡེ་ཤུའི་ཆོས་ལུགས་ཀྱི་མངའ་བདག་སྟོན་པ་ཡེ་ཤུ་མ་ཤི་ཀ་འཁྲུངས་ལོ་སྟེ། སྤྱི་ལོའི་སྔོན་གྱི་ལོ་གྲངས་བདུན་ཅུ་དོན་བདུན་ལ་རིགས་ལྡན་གསུམ་པ་བཟང་པོ་ཁྲིར་བྱོན། འདིའི་ཁྲི་ལོ་བདུན་ཅུ་དོན་བརྒྱད་པར་སྤྱི་ལོ་ཞེས་པ་འགོ་ཚུགས་པ་ཡིན།

རིགས་དབྱེ།  

ཞི་ཕ་ཏི་ཡ།

ཞི་ཕ་ཏི་ཡ་ནི་ཕལ་ཆེར་སྤྱི་ལོ370ལོར་གནའ་བོའི་གྷི་རིག་ཡ་ལིས་ཧྲན་ཏར་འཁྲུངས་ཤིང་། སྤྱི་ལོ415ལོར་ས་དེ་རུ་སྐུ་གཤེགས།

རིགས་དབྱེ།  

ཧེ་རོན།

ཧེ་རོན་གྱི་འཁྲུངས་ལོ་དང་འདས་ལོ་ལ་བཞེད་ཚུལ་སྣ་ཚོགས་ཡོད། ཕལ་ཆེར་སྤྱི་ལོ62ཡས་མས་སུ་གྷི་རིག་གི་ཡ་ལིས་ཧྲན་ཏའི་གྲོང་ཁྱེར་ན་བཞུགས་ཡོད་པ་རེད། ཁོང་ནི་གྲངས་རིག་མཁས་ཅན་དང་། དངོས་ལུགས་རིག་པ་བ། འཕྲུལ་ཆས་རིག་པ་བ་བཅས་ཡིན།

རིགས་དབྱེ།  

ཐོ་ལེ་མེ།

ཐོ་ལེ་མེ་ནི་གྷི་རིག་ཡ་ལིས་ཧྲན་ཏའི་གྲངས་རིག་མཁས་ཅན་དང་གནམ་དཔྱད་རིག་པ་བ་ཞིག་ཡིན། ཕལ་ཆེར་སྤྱི་ལོ100 ལོར་གྷི་རིག་ནས་སྐུ་འཁྲུངས་པ་དང་། སྤྱི་ལོ170ལོར་སྐུ་གཤེགས།

རིགས་དབྱེ།  

དིས་ལེ་ཁི་ལེ།

དིས་ལེ་ཁི་ལེ་ནི་འཇར་མན་གྱི་གྲངས་རིག་མཁས་ཅན་ཞིག་ཡིན་ལ། སྤྱི་ལོ1805ལོའི་ཟླ2པའི་ཚེས13ཉིན་ཏེ་ལོན་ནས་སྐུ་འཁྲུངས་ཤིང་། སྤྱི་ལོ1859ལོའི་ཟླ5བའི་ཚེས5ཉིན་ཀོ་ཏིང་ཀེན་ནས་སྐུ་གཤེགས།

རིགས་དབྱེ།  

མེ་ནོ་ལོ་སི།

མེ་ནོ་ལོ་སི་ནི་ཕལ་ཆེར་སྤྱི་ལོ་དུས་རབས1-2བར་དུ་སྐུ་འཁྲུངས་པའི་གྷི་རིག་གྲངས་རིག་མཁས་ཅན་དང་གནམ་དཔྱད་རིག་པ་བ་བཅས་ཡིན་ནོ།།

རིགས་དབྱེ།  

བྱམས་པ་འཕྲིན་ལས།

ཁོང་ནི་སྤྱི་ལོ1928ལོར་འཁྲུངས་པའི་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པའི་མཁས་པ་ཞིག་ཡིན། སྤྱི་ལོ2011ལོའི་ཟླ2པའི་ཚེས21ཉིན་ལྷ་ས་ནས་དགོངས་པ་རྫོགས།

རིགས་དབྱེ།  

པུའུ་ལ་ཧོ།

གནམ་དཔྱད་རིག་པའི་ལོ་རྒྱུས་སྟེང་མིག་གིས་ལྟ་ཞིབ་བྱེད་མཁན་གྱི་གནམ་དཔྱད་རིག་པ་བ་ཐོག་མ་དང་། སྐག་རྩིས་རིག་པ་བ་ཏི་ཀུའུ·པུའུ་ལ་ཧོ།

རིགས་དབྱེ།  

བསམ་འགྲུབ་རྒྱ་མཚོ།

ཁོང་ནི་དུས་རབས་ཉི་ཤུ་བའི་དུས་འགོར་མདོ་སྨད་ཐེ་བོ་ས་ཆ་རུ་སྐྱེས་ཤིང་། བོད་ཀྱི་སློབ་གསོ་དང་སྐར་རྩིས་ལ་མཁས་པའི་དམ་པ་ཞིག་ཡིན།

རིགས་དབྱེ།  

ཀླུང་རྟའི་ལྡེ་མིག་བསྟན་པ་བཞི།

མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ནག་རྩིས་ལས་བྱུང་བའི་ཀླུང་རྟའི་ལྡེ་མིག་བསྟན་པ་བཞི་བསྟན་ཡོད།

རིགས་དབྱེ།  

འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་ཅཱ་ཅཱ་ལིན།

ཅཱ་ཅཱ་ལིན་སུའུ་ལེན་ནས་སྐྱེས་ལ། ལོ་ཉི་ཤུའི་སྟེང་དམག་ལ་ཞུགས་ཏེ་ལོ་ཉེར་གསུམ་སྟེང་ཁ་ལོ་ཧྥུ་དམག་དོན་མཁའ་སྐྱོད་སློབ་གྲྭའི་ཐོག་དང་པོའི་མཐར་ཕྱིན་སློབ་མ་ཡིན། ཁོང་གི་བློ་རིག་གསལ་ལ་ལག་རྩལ་བཟང་བས་ཚད་འཇལ་དང་རྒྱུགས་འབྲས་གང་ཡིན་རུང་ཕལ་ཆེར་ཆེས་ལེགས་པོ་ཡིན། སྤྱི་ལོ1960ལོར་ཅཱ་ཅཱ་ལིན་འཇིག་རྟེན་འཕུར་སྐྱོད་པར་བདམས་ལ། སྔོན་མེད་འཕུར་སྐྱོད་མཇུག་རྫོགས་རྗེས་ཅཱ་ཅཱ་ལིན་རོ་ཁི་ཧྥུ་སི་ཅི་སྐམ་དམག་བཟོ་བསྐྲུན་སློབ་གྲྭ་ནས་ཟབ་སྦྱོང་བྱས་ཏེ་རྒྱུགས་འབྲས་ལེགས་པོ་བླངས་ནས་སློབ་མཐར་ཕྱིན།

རིགས་དབྱེ།  

ཚའེ་རུང་ཀེན།

ཁོང་ནི་སྤྱི་ལོ1964ལོའི་ཟླ9པར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཧྥུ་དབྱང་ཁུལ་དུ་སྐྱེས་ལ། རིགས་གཞུང་དངོས་ལུགས་རིག་པའི་མཁས་པ་དང་། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་ཁང་གི་ཡོན་ཧྲི་བཅས་ཡིན། ད་ལྟ་ཉིང་པོ་སློབ་ཆེན་གྱི་སློབ་གཙོ་དང་། ཀྲུང་གོའི་ཚན་རིག་ཁང་གི་རིགས་གཞུང་དངོས་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་། སའོ་ཀྲང་། ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། ཁོང་ནི་སྤྱི་ལོ1985ལོར་ཧང་ཀྲོའུ་དགེ་འོས་སློབ་གླིང་གི་དངོས་ཁམས་ཚན་ཁག་ནས་མཐར་ཕྱིན། སྤྱི་ལོ1987ལོར་སི་ཁྲོན་སློབ་གྲྭ་ཆེན་མོའི་དངོས་ཁམས་ཚན་ཁག་ནས་རབ་འབྱམས་པའི་བསླབ་གནས་ཐོབ། སྤྱི་ལོ1995ལོར་ཧྥུའུ་ཏན་སློབ་ཆེན་ནས་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ2017ལོར་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲིར་བདམས། སྤྱི་ལོ2019ལོའི་ཟླ3པར་རྒྱལ་སྤྱིའི་ཁྱབ་ཆེའི་བལྟོས་བཅས་སྨྲ་བ་དང་འཐེན་ཤུགས་སློབ་ཚོགས་ཀྱི་ཚོགས་མིར་བདམས། སྤྱི་ལོ2019ལོའི་ཟླ7པར་ཀྲུང་གོ་དངོས་ཁམས་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ལ་བདམས། སྤྱི་ལོ2020ལོར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་ཁང་གི་ཡོན་ཧྲིར་བདམས། སྤྱི་ལོ2023ལོར་ཉིང་པོ་སློབ་ཆེན་གྱི་སློབ་གཙོའི་འགན་བཞེས། ཚའེ་རུང་ཀེན་གྱི་ཞིབ་འཇུག་ཁྱབ་ཁོངས་ནི་འཐེན་ཤུགས་གཞུང་ལུགས་དང་འཇིག་རྟེན་རིག་པ་ཡིན། ཞིབ་འཇུག་ཁ་ཕྱོགས་གཙོ་བོ་ནི་ནག་ཁུང་དངོས་ལུགས་དང་། འཐེན་ཤུགས་ཀྱི་གཞི་རྩའི་ངོ་བོ། སྐུད་བརྒལ་གཞུང་ལུགས་དང་འཇིག་རྟེན་རིག་པ་སོགས་ཡིན།

རིགས་དབྱེ།  

ཁྲེན་པིའོ།

ཁྲེན་པིའོ་ནི་མིན་གོ་སྲིད་ལོ་བཅུ་གཉིས་པར(སྤྱི་ལོ1923ལོའི)ཟླ11པའི་ཚེས23ཉིན་པེ་ཅིང་དུ་སྐྱེས་ལ། ཧྥུའུ་ཅན་ཧྥུའུ་ཀྲོའུ་ཡི་མི་ཡིན། གནམ་དཔྱད་རིག་པའི་མཁས་པ་དང་། ཀྲུང་གོའི་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན། ཀྲུང་གོའི་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་ལས་ཁུངས་ཀྱི་ཞིབ་འཇུག་པ་བཅས་ཡིན། སྤྱི་ལོ1946ལོར་ནན་ཅིང་ཅིན་ལིན་སློབ་ཆེན་གྱི་དངོས་ཁམས་ཚན་ཁག་ནས་མཐར་ཕྱིན་རྗེས། ཐའེ་ཝན་སློབ་ཆེན་གྱི་དངོས་ཁམས་ཚན་ཁག་ཏུ་ལས་རོགས་དགེ་རྒན་ལོ་ཕྱེད་ཙམ་ལ་བྱས། སྤྱི་ལོ1947ལོར་ཅིན་ལིན་སློབ་ཆེན་གྱི་དངོས་ལུགས་ཚན་ཁག་ཏུ་དགེ་རྒན་བྱེད་པར་བསྒྱུར། ལོ་དེའི་ཟླ8པར་ཀྲུང་དབྱང་ཞིབ་འཇུག་གླིང་གི་གནམ་དཔྱད་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་ནས་ལས་རོགས་པའི་འགན་བཞེས། སྤྱི་ལོ1980ལོར་ཀྲུང་གོའི་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན(ཡོན་ཧྲི)ལ་བདམས། སྤྱི་ལོ1982ལོ་ནས་སྤྱི་ལོ1985ལོའི་བར་ཀྲུང་གོའི་ཚན་རིག་ཁང་ཡུན་ནན་གནམ་དཔྱད་ཁང་གི་ཐའེ་ཀྲང་གི་འགན་བཞེས། སྤྱི་ལོ1985ལོར་ཡུན་ནན་གནམ་དཔྱད་ཁང་གི་མཚན་འཛིན་ཐའེ་ཀྲང་གི་འགན་ཁུར། ཁོང་གི་ཞིབ་འཇུག་ཁྱབ་ཁོངས་གཙོ་བོ་ནི་ཉི་མའི་ལྟ་ཞིབ་ཚད་ལེན་ཡོ་བྱད་ཇུས་འགོད་བཟོ་སྐྲུན་དང་། ཉི་མའི་བྱེད་སྒོའི་དུས་འཁོར་དང་ཉི་མའི་གཏད་རྒྱུག་རིམ་པའི་གྲུབ་ཆ་སོགས་ཡིན་པ་དང་། དེ་དང་ཆབས་ཅིག་ཀྲུང་གོའི་ཉི་མའི་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཉི་མའི་བྱེད་སྒོ་རྩ་འཛུགས་བྱེད་པའི་དབུ་ཚོགས་ཀྱི་རྒྱལ་ཡོངས་ཀྱི་ལྟ་ཞིབ་ཚད་ལེན། ཉི་མའི་དངོས་ལུགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ལ་གཞོལ་ཡོད།

རིགས་དབྱེ།  

ཧན་ཀྲན་ཝུན།

ཁོང་ནི་སྤྱི་ལོ1965ལོའི་ཟླ10པའི་ཚེས3ཉིན་ཧུ་པེ་ཞིང་ཆེན་ཧྲུན་ཕིང་རྫོང་ནས་སྐྱེས་པ་དང་། ཀྲུང་གུང་ཏང་ཡོན་ཡིན། སྐར་མའི་གོ་ལའི་དངོས་ལུགས་རིག་པའི་མཁས་པ་དང་། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི། ཀྲུང་གོའི་ཚན་རིག་ཁང་ཡུན་ནན་གནམ་རིག་ལས་ཁུངས་ཀྱི་ཞིབ་འཇུག་པ། ཀྲུང་གོའི་ཚན་རིག་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན་བཅས་ཡིན།

རིགས་དབྱེ།