དིས་ལེ་ཁི་ལེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དིས་ལེ་ཁི་ལེ།
དིས་ལེ་ཁི་ལེ་ནི་འཇར་མན་གྱི་གྲངས་རིག་མཁས་ཅན་ཞིག་ཡིན་ལ། སྤྱི་ལོ1805ལོའི་ཟླ2པའི་ཚེས13ཉིན་ཏེ་ལོན་ནས་སྐུ་འཁྲུངས་ཤིང་། སྤྱི་ལོ1859ལོའི་ཟླ5བའི་ཚེས5ཉིན་ཀོ་ཏིང་ཀེན་ནས་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
狄利克雷
རྒྱལ་ཁབ།
འཇར་མན།
ཕྱི་ཡིག་གི་མིང་།
Dirichlet,Peter Gustav Lejeume
ལས་རིགས།
གྲངས་རིག་པ་བ།
1 ​འཚར་ལོངས་དང་སློབ་སྦྱོང་། 

དིས་ལེ་ཁི་ལེ་ནི་འཇར་མན་གྱི་གྲངས་རིག་མཁས་ཅན་ཞིག་ཡིན་ལ། སྤྱི་ལོ1805ལོའི་ཟླ2པའི་ཚེས13ཉིན་ཏེ་ལོན་ནས་སྐུ་འཁྲུངས་ཤིང་། སྤྱི་ལོ1859ལོའི་ཟླ5བའི་ཚེས5ཉིན་ཀོ་ཏིང་ཀེན་ནས་སྐུ་གཤེགས།    

དིས་ལེ་ཁི་ལེ་ཧྥ་ལན་ཞི་ཡི་ཁྲག་རྒྱུན་དང་འདྲེས་ཡོད་པའི་ཁྱིམ་ཚང་ཞིག་ནས་སྐྱེས། ཁོང་གིས་ཐོག་མར་ཏེ་ལོན་ནས་སློབ་སྦྱོང་བྱས་ཤིང་། རྗེས་ཀོ་ཏིང་ཀེན་ནས་ཀའོ་སུ་དགེ་རྒན་ལ་བསྟེན།  

སྤྱི་ལོ1822ལོ་ནསསྤྱི་ལོ1827ལོའི་བར་ལ་པ་ལི་ནས་ཁྱིམ་ཚང་དགེ་རྒན་བྱས་པའི་སྐབས་དེར། ཧྥུ་ལིས་ཡེ་ཡི་རིག་གཞུང་བསམ་བློའི་ཤན་ཤུགས་ཟབ་མོ་ཐེབས། 

2 བྱ་གཞག་དང་མཛད་རྗེས། 

སྤྱི་ལོ1827ལོར་པོ་ལན་པི་ལེ་སི་ལོ་སློབ་ཆེན་ནས་འཆད་ཁྲིད་དགེ་རྒན་གྱི་འགན་བཞེས། སྤྱི་ལོ1839ལོ་ནས་བཟུང་ལེར་ལིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བའི་འགན་བཞེས། སྤྱི་ལོ1855ལོར་ཀའོ་སུ་སྐུ་གཤེགས་རྗེས། ཁོང་ཉིད་འཚོ་བཞུགས་བར་དུ། ཀའོ་སུའི་ལས་འགན་མུ་འཛིན་པ་ཡིན་པའི་ཆ་ནས་ཀོ་ཏེང་ཀེན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བར་བསྐོ་བཞག་བྱས་ལ། སྤྱི་ལོ1831ལོར་ཁོང་ཉིད་ཕའོ་ལོ་ཧྲི་ཚན་རིག་སློབ་ཁང་གི་ཡོའན་ཧྲི་རུ་འདེམས་བསྐོ་བྱས། སྤྱི་ལོ1855ལོར་དབྱིན་ཇིའི་གོང་མ་ཚང་གི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མིར་བདམས།  དིས་ལེ་ཁི་ལེ་ལ་གྲངས་རིག་དང་ཤུགས་རིག་གཉིས་ཀྱི་ཁོངས་སུ་སྙན་གྲགས་རྒྱས་ཡོད།

3 གདེང་འཇོག་དང་བརྩམས་ཆོས། 

ལྷག་པར་དུ་དབྱེ་ཞིབ་དང་། གྲངས་ཀྱི་སྨྲ་བ། གནས་སྟོབས་སྨྲ་བ་སོགས་གཙོར་བྱས་པའི་བྱས་རྗེས་ཆེན་པོ་ཡོད། སྐད་གྲགས་ཅན་གྱི་གྲངས་རིག་པ་ཨ་པེར་གྱིས་གསུང་རྒྱུར་དིས་ལེ་ཁི་ལེ་ནི་མཐིལ་རྟོགས་ཀྱི་ནུས་བ་ལྡན་པའི་གྲངས་རིག་མཁས་ཅན་ཞིག་ཡིན།

དིས་ལེ་ཁི་ལེ་ཡིས་འཇར་མན་དང་ཧྥ་རན་སེ་སོགས་ཕྱིའི་རྒྱལ་ཁབ་ཀྱི་གྲངས་རིག་མཁས་ཅན་ཚོར་བསམ་བློ་བརྗེ་རེས་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་དེའི་ཕྱོགས་ཀྱི་དཔྱད་རྩོམ་གཙོ་བོ《དིས་ལེ་ཁི་ལེའི་དཔྱད་རྩོམ་ཕྱོགས་བསྡུས》ཞེས་པར་འཚོལ་སྡུད་བྱས་ཡོད་ལ། ཁྱོན་སྡོམ་བམ་པོ་གཉིས་ཡོད་ཅིང་། དེ་དག་སྤྱི་ལོ1889ལོ་དངསྤྱི་ལོ1897ལོར་པར་དུ་བཏབས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-07

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།