ཧེ་རོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧེ་རོན།
ཧེ་རོན་གྱི་འཁྲུངས་ལོ་དང་འདས་ལོ་ལ་བཞེད་ཚུལ་སྣ་ཚོགས་ཡོད། ཕལ་ཆེར་སྤྱི་ལོ62ཡས་མས་སུ་གྷི་རིག་གི་ཡ་ལིས་ཧྲན་ཏའི་གྲོང་ཁྱེར་ན་བཞུགས་ཡོད་པ་རེད། ཁོང་ནི་གྲངས་རིག་མཁས་ཅན་དང་། དངོས་ལུགས་རིག་པ་བ། འཕྲུལ་ཆས་རིག་པ་བ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海伦
བོད་ཡིག་གི་མིང་།
ཧེ་རོན།
ཕྱི་ཡིག་གི་མིང་།
གནའ་བོའི་གྷི་རིག
ཞིབ་འཇུག་ཁྱབ་ཁོངས།
གྲངས་རིག་པ། དངོས་ལུགས་རིག་པ། རླུང་གཟུགས་ཤུགས་རིག་པ། འཕྲུལ་ཆས་རིག་པ།
1 ངོ་སྤྲོད།

ཧེ་རོན་གྱི་འཁྲུངས་ལོ་དང་འདས་ལོ་ལ་བཞེད་ཚུལ་སྣ་ཚོགས་ཡོད། ཕལ་ཆེར་སྤྱི་ལོ62ཡས་མས་སུ་གྷི་རིག་གི་ཡ་ལིས་ཧྲན་ཏའི་གྲོང་ཁྱེར་ན་བཞུགས་ཡོད་པ་རེད། ཁོང་ནི་གྲངས་རིག་མཁས་ཅན་དང་། དངོས་ལུགས་རིག་པ་བ། འཕྲུལ་ཆས་རིག་པ་བ་བཅས་ཡིན། 

2 བརྩམས་གཞུང་། 

ཁོང་གི་བརྩམས་གཞུང་ལ་རིགས་གཉིས་སུ་དགར་ཆོག་སྟེ། གཅིག་ནི་དབྱིབས་རྩིས་རིག་པའི་ཕྱོགས་དང་། གཞན་ཞིག་ནི་འཕྲུལ་ཆས་ཀྱི་ཕྱོགས་ཡིན། དབྱིབས་རྩིས་རིག་པའི་བརྩམས་གཞུང་མང་ཆེ་བ་ཞིག་ཚད་འཇལ་གྱི་སྐོར་དང་། འཕྲུལ་ཆས་ཕྱོགས་ཀྱི་བརྩམས་གཞུང་ཁྲོད་འཕྲུལ་ཆས་ཀྱི་སྒྲིག་སྦྱོར་སྐོར་རྒྱས་བཤད་བྱས།

ཧེ་རོན་གྱི་དབྱིབས་རྩིས་རིག་པའི་ཐད་ཀྱི་བརྩམས་གཞུང་ནི། 《མཚན་ཉིད》 《དབྱིབས་རྩིས》 《 ས་གཞི་འཇལ་ཐབས》 《 བོངས་ཚད་རྩི་ཐབས》

ཧེ་རོན་གྱིས་ཁོང་གི་ངེས་སྲོལ་དང་ངེས་ལཡགས་མང་པོ་ཞིག་ཙེད་སྤྱད་ནས་ཟློས་གར་ཁང་དང་། གསོལ་སྟོན་ཁང་། ཁྲུས་ཁང་སོགས་ཇུས་འགོད་བྱས་མྱོང་། ཁོང་གི་བེད་སྤྱོད་ཕྱོགས་ཀྱི་བརྩམས་གཞུང་ནི།

《འཕྲུལ་ཆས་རིག་པ》 《རྡོ་མདའ་འཕེན་པ》 《 ཚད་འཇལ》 《 མེ་མདའི་ཇུས་འགོད》 《 རླུང་གཟུགས་ཤུགས་རིག་པ》 《རང་འགུལ་འཕྲུལ་ཆས་བཟོ་བའི་ལག་རྩལ》 བཅས་ཡིན།

3 ངེས་སྲོལ། 

ཧེ་རོན་ལ་ངེས་སྲོལ་མིང་གྲགས་ཅན་ཞིག་ཡོད་པ་ནི། ཟུར་གསུམ་དབྱིབས་ཀྱི་རྒྱ་ཁྱོན་རྩི་སྲོལ་ཞིག་ཡིན་ཏེ། གལ་ཏེΔABCནང་དུ། .pngAB=c,BC=a,AC=b,p=,ΔABCཡི་རྒྱ་ཁྱོནsབཅས་ཡིན་པའི་དབང་དུ་བཏང་ན། རི་མོ་ལྟར།

.png

ཡིན། དེར་ད་ལྟ་ཧེ་རོན་ངེས་སྲོལ་ཟེར། དོན་དངོས་སྟེང་། ངེས་སྲོལ་དེ་ཨར་ཆུ་མེ་ཏེའི་བྱས་རྗེས་ཡིན་པར་བཤད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།