ཡོངས་འཛིན་རིག་མཛོད། >མི་སྣ། >རང་བྱུང་ཚན་རིག >གཞན་དག

ཀུ་ལུན་པུའུ།

ཀུ་ལུན་པུའུ་ནི་དབྱི་ཐ་ལིའི་མིང་དུ་གྲགས་པའི་མཚོ་འགྲུལ་མཁས་པ་དང་མྱུལ་དཔྱད་པ། གསར་གཏོད་པ་བཅས་ཡིན། ཁོང་ཐེངས་བཞིར་གྲུར་བསྡད་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་འཕྲེད་ཀྱིས་བཅད་ཅིང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་ནས་ཨ་མེ་རི་ཁ་གླིང་ཆེན་བར་གྱི་མཚོ་ལམ་བཏོད།

རིགས་དབྱེ།  

ཨ་མེ་ལི་ཀུ

མྱུལ་དཔྱད་པ་ཨ་མེ་ལི་ཀུ་ནི་དབྱི་ཐ་ལིའི་ཧྥོ་ལུའོ་ལུན་ས་ཡི་ཚོང་པ་དང་དངུལ་ཁང་མཁས་ཅན་ཞིག་ཡིན། དུས་རབས་བཅུ་དྲུག་པའི་དུས་མགོར་ཁོང་གིས་སྐམ་ས་གསར་བའི་གོ་དོན་འཛམས་གླིང་ཡོངས་ལ་བསྒྲགས་པས། མིའི་རིགས་ཀྱིས་འཛམ་གླིང་ངོས་འཛིན་ཐད་ལ་བྱས་རྗེས་རླབས་ཆེན་བཞག

རིགས་དབྱེ།  

མའེ་ཀྲེ་ལུན།

མའེ་ཀྲེ་ལུན་ནི་ཕུའུ་ཐའོ་ཡ་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་མཚོ་འགྲུལ་མཁན་དང་མྱུལ་དཔྱད་པ་ཡིན། སྔ་ཕྱིར་ཕུའུ་ཐའོ་ཡ་དང་སི་ཕེན་དུ་མཚོ་འགྲུལ་མྱུལ་དཔྱད་བྱས།

རིགས་དབྱེ།  

པི་ཨེར་ཀའེ་ཚི།

པི་ཨེར﹒ཀའེ་ཚི་ནི་མཉེན་ཆས་ཕྲ་མོའི་ཀུང་སིའི་ཀྲུའུ་ཞི་དང་མཉེན་ཆས་ཇུས་འགོད་པ་ཐོག་མ་ཡིན།

རིགས་དབྱེ།  

ཨའེ་ལ་ཐུའོ་སེ་ཉི།

ས་རྒྱུས་རིག་པའི་ཤིང་རྟའི་སྲོལ་འབྱེད་ཨའེ་ལ་ཐུའོ་སེ་ཉི།

རིགས་དབྱེ།  

མགོན་པོ་རབ་བརྟན།

མགོན་པོ་རབ་བརྟན་ལགས་ནི་སྤྱི་ལོ1964ལོར་མདོ་སྨད་གཅན་ཚའི་ཡུལ་དུ་འཁྲུངས། སྤྱི་ལོ1990ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པའི་ཚན་ཁག་ནས་སློབ་མཐར་ཕྱིན། བྱ་བར་ཞུགས་པ་ནས་ད་ལྟའི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སྡེ་ཁག་དང་། རྔ་བ་ཁུལ་མཐོ་རིམ་དགེ་ཐོན་ཆེད་སྦྱོང་སློབ་གྲྭ། མཚོ་སྔོན་སློབ་ཆེན་མི་རིགས་སྡེ་ཁག་སོགས་སུ་སློབ་ཁྲིད་གནང་། ད་ལྟ་ཁོང་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དངོས་ལུགས་ཚན་ཁག་གི་དགེ་རྒན་ཆེན་མོ་བ་ཡིན།

རིགས་དབྱེ།  

ཧྥེང་རུའུ།

ཁོང་ནི་རང་རྒྱལ་གྱི་གནམ་གྲུ་བཟོ་མཁན་ཐོག་མ་དང་འཕུར་སྐྱོད་བྱེད་མཁན་ཐོག་མའང་ཡིན། ཁོང་གི་མཚན་དངོས་ལ་ཧྥུན་ཅིག་རུའུ་ཞུ་བ་དང་ཀོང་ཏུང་ཞིང་ཆེན་དུ་སྐུ་བལྟམས།

རིགས་དབྱེ།  

ཧྭ་ལུའོ་ཀེང་།

ཁོང་ནི་འཛམ་གླིང་ན་སྙན་པ་འབར་བའི་རྩིས་རིག་གི་དེད་དཔོན་ཆེན་པོ་ཡིན་ལ། ཨ་རིའི་ཀྲི་ཅ་ཀོ་ཚན་རྩལ་རྟེན་མཛོད་ཁང་གིས་དེང་དུས་འཛམ་གླིང་གི་རླབས་ཆེ་བའི་རྩིས་རིག་མཁན་པོ་གྱ་བརྒྱད་ཀྱི་གྲས་སུ་བགྲང་འདུག

རིགས་དབྱེ།  

ལྕམ་ཅུའུ་ལི།

ཁོ་མོ་ནི་སྤྱི་ལོ1867ལོའི་ཟླ11པའི་ཚེས7ཉིན་འཁྲུངས། འཛམ་གླིང་ཐོག“ཅུའུ་ལི་ལྕམ”ཞེས་འབོད། ཧྥ་རན་སེའི་ཕ་ལན་གྱི་རྒྱུད་པའི་ཚན་རིག་པ་དང་། དངོས་ལུགས་རིག་པའི་མཁས་ཅན། རྫས་འགྱུར་རིག་པ་བ་བཅས་ཡིན། སྤྱི་ལོ1903ལོར་ཅུའུ་ལི་བཟའ་ཟླ་གཉིས་དང་པེ་ཁེ་ལེར་གྱིས་འགྱེད་འཕྲོའི་རང་བཞིན་གྱི་ཞིབ་འཇུག་ལ་བརྟེན་ནས་ཐུན་མོང་ཐོག་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་བླངས། སྤྱི་ལོ1911ལོར་གཞི་རྒྱུ་ཕོ་དང་ལེ་ཤེས་རྟོགས་བྱུང་ནས་སླར་ཡང་ནོར་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་པ་རེད། དེར་བརྟེན་འཛམ་གླིང་ཐོག་ནོར་པེར་བྱ་དགའ་ཐེངས་གཉིས་ཐོབ་མཁན་དང་པོར་གྱུར། དུས་ཡུན་རིང་བོར་འགྱེད་འཕྲོ་རང་བཞིན་གྱི་དངོས་རྫས་ལ་འཕྲད་པས། ལྕམ་མོ་ཅུའུ་ལིས་སྤྱི་ལོ1934ལོའི་ཟླ7པའི་ཚེས4ཉིན་ཟུངས་ཁྲག་ཞན་པའི་ནད་བྱུང་ནས་ཚེ་ལས་འདས།

རིགས་དབྱེ།  

པི་ཞི་ནཱ།

ཁོང་ནི་སྤྱི་ལོ1860ལོའི་ཟླ5པའི་ཚེས20ཉིན་འཇར་མན་ནས་འཁྲུངས་ཤིང་། འཇར་མན་གྱི་རྫས་འགྱུར་རིག་པ་བ་ཞིག་ཡིན། སྤྱི་ལོ1907ལོར་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ། ཁོང་ལ་“སྐྱེ་ཁུངས་ཞིང་པ་ཡིན་པའི་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་གྱི་རྫས་འགྱུར་རིག་པའི་མཁས་པ”ཞེས་འབོད་ཀྱིན་ཡོད། སྤྱི་ལོ1917ལོའི་ཟླ8པའི་ཚེས13ཉིན་དམག་འཁྲུག་གི་ཁྲོད་དུ་སྐུ་གཤེགས།

རིགས་དབྱེ།  

ལུའུ་སེ་ཧྥུ།

ཁོང་ནི་སྤྱི་ལོ1871ལོའི་ཟླ8པའི་ཚེས30ཉིན་འཁྲུངས། དབྱིན་ཇིའི་སྐད་གྲགས་ཆེ་བའི་དངོས་ལུགས་རིག་པ་བ་དང་། མ་རྡུལ་ཉིང་དངོས་ལུགས་རིག་པའི་ཡབ་ཆེན་ཡིན། རིག་གཞུང་སྡེ་ཁག་གིས་ཁོ་ནི་མའེ་ཁུ་ཨེར་ཧྥ་ལ་ཏིའི་རྗེས་ཀྱི་ཆེས་རླབས་ཆེ་བའི་དངོས་བཤེར་དངོས་ལུགས་རིག་པ་བ་ཡིན་པར་ཁས་བླངས། ལུའུ་སེ་ཧྥུའུ་ཡིས་ཐོག་མར་འགྱེད་འཕྲོ་རང་བཞིན་གྱི་ཕྱེད་ཟད་དུས་སྐབས་ཀྱི་དོན་སྤྱི་བཏོན་པ་དང་། འགྱེད་འཕྲོའི་རང་བཞིན་དེ་གཞི་རྒྱུ་རིགས་ཤིག་ནས་གཞི་རྒྱུ་གཞན་ཞིག་གི་རིམ་འགྱུར་དང་འབྲེལ་བ་ར་སྤྲོད་བྱས། ཁོང་གིས་ཡང་འགྱེད་འཕྲོ་རང་བཞིན་གྱི་དངོས་རྫས་དེ་བརྒྱུད་འཇུག་ནུས་ལྟརaའཕྲོ་ཐིག་དངβའཕྲོ་ཐིག་ཏུ་ཕྱེ་བ་མ་ཟད། སྔོན་མ་ནི་ཧེལ་གྱེས་རྡུལ་ཡིན་པ་ར་སྤྲོད་བྱས། ཁོང་ལ་སྤྱི་ལོ1908ལོའི་ནོར་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ། སྤྱི་ལོ1937ལོའི་ཟླ10པའི་ཚེས19ཉིན། ཨོ་ནེ་སི་ཐུ•ལུའུ་སེ་ཧྥུ་ལ་ནད་ཕོག་ནས་ཅན་ཆའོ་རུ་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ66རེད།

རིགས་དབྱེ།  

ཨའོ་སི་ཐུ་ཝ་ཨེར་ཏུ།

ཁོང་ནི་སྤྱི་ལོ1853ལོའི་ཟླ9བའི་ཚེས2ཉིན་སྐུ་འཁྲུངས། ལཱ་ཐུའུ་ཝེ་ཡཱའི་འཇར་མན་ནས་ཡིན་པའི་དངོས་ཁམས་རིག་པ་མཁས་ཅན་ཞིག་ཡིན། དངོས་ལུགས་རྫས་འགྱུར་གྱི་གསར་འཛུགས་མཁན་གྱི་གྲས་ཤིག་ཡིན། སྤྱི་ལོ1909ལོར་འགྱུར་སྐུལ་བྱེད་རྫས་ཀྱི་ནུས་པ་དང་། རྫས་འགྱུར་དོ་མཉམ། རྫས་འགྱུར་འགྱུར་ལྡོག་གི་མྱུར་ཚད་བཅས་ཀྱི་ཕྱོགས་སུ་འབུར་དུ་ཐོན་པའི་བྱས་རྗེས་བཞག་པས། ནོ་པེར་རྫས་འགྱུར་བྱ་དགའ་ཐོབ།

རིགས་དབྱེ།  

ཝ་ལ་ཧུ།

ཁོང་ནི་འཇར་མན་གྱི་རྫས་འགྱུར་རིག་པ་བ་ཞིག་ཡིན་ཞིང་། ཐེངས་དང་པོར་མིས་བཟོས་པའི་འདྲེས་སྦྱོར་སྨན་རྫས་ཀྱིས་ཚིལ་གདུབ་ཀྱི་འདྲེས་སྦྱོར་དངོས་རྫས་ཞིབ་འཇུག་ཁྲོད་ལེགས་སྐྱེས་ཕུལ་ཡོད། སྤྱི་ལོ1910ལོར་ནོར་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཀེ་ལིན་ཉི་ཡཱ།

ཁོང་ནི་སྤྱི་ལོ1871ལོའི་ཟླ5པའི་ཚེས6ཉིན་ཧྥ་རན་སིའི་སེ་པའོ་རུ་སྐུ་འཁྲུངས་པ་དང་། སྐུ་ཚེ་གང་པོར་ཚན་རིག་སྐོར་གྱི་དཔྱད་རྩོམ6000ལྷག་བརྩམས་ཤིང་། མིའི་རིགས་ཀྱི་ཚན་རིག་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད། སྤྱི་ལོ1912ལོར་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ། སྤྱི་ལོ1935ལོའི་ཟླ12པའི་ཚེས13ཉིན་ཧྥ་རན་སིའི་ལི་ཨང་དུ་སྐུ་གཤེགས།

རིགས་དབྱེ།  

སཱ་པཱ་ཅེ།

ཁོང་ནི་སྤྱི་ལོ1854ལོའི་ཟླ11པའི་ཚེས5ཉིན། ཧྥ་རན་སེའི་ཁར་ཁ་སུང་དུ་སྐུ་འཁྲུངས། ཧྥ་རན་སིའི་རྫས་འགྱུར་རིག་པ་བ་དང་། ལྕགས་རིགས་ཕྱེ་མ་ཕྲ་མོའི་འོག་གི་སྐྱེ་ལྡན་འདྲེས་འགྱུར་རྫས་ཀྱི་ཆིང་བསྣན་ཐབས་གསར་གཏོད་བྱས། སྤྱི་ལོ1912ལོར་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ། སྤྱི་ལོ1941ལོའི་ཟླ8པའི་ཚེས14ཉིན་ཐུའུ་ལུའུ་ཙེ་ནས་སྐུ་གཤེགས།

རིགས་དབྱེ།  

ཝེ་ཨེར་ནཱ།

ཁོང་ནི་ཧྥ་རན་སིའི་ཨའར་ས་སིའི་མགར་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། སྤྱི་ལོ1871ལོར་ཕུའུ་ལུའུ་ཧྲིས་ཧྥ་རན་སིར་བཙན་འཛུལ་བྱས་ཤིང་། ཕ་ཡུལ་ནི་འཇར་མན་དམག་འཁྲུག་ས་ཁུལ་དུ་གྱུར། འོན་ཀྱང་ཁོང་གིས་སྔར་བཞིན་ཧྥ་རན་སིའི་སྐད་བཤད་པ་རྒྱུན་འཁྱོངས་བྱས་པས། ཁོང་ཆུང་དུས་ནས་ཨུ་ཚུགས་ཆེ་བས་འགོག་རྒོལ་གྱི་སྙིང་སྟོབས་ལྡན། སུའུ་ལི་ཧྲིའི་སློབ་ཆེན་དུ་ཞུགས་རྗེས། གྲངས་རིག་དང་དབྱིབས་རྩིས་གཉིས་རྒྱུན་དུ་རྒྱུགས་མི་འཕྲོད་མོད། འོན་ཀྱང་དབྱིབས་རྩིས་ཀྱི་བར་སྟོང་གོ་དོན་དང་ཕུན་སུམ་ཚོགས་པའི་བསམ་པའི་བཀོད་ཤུགས་ཀྱིས་ཁོང་གིས་རྫས་འགྱུར་ཁྲོད་དུ་ནུས་པ་ཆེན་པོ་ཐོན་ཡོད། མཇུག་མཐར་རྫས་འགྱུར་རིག་པའི་ཕྱོགས་ལ་ཞིབ་འཇུག་གི་གྲུབ་འབྲས་ལེགས་པོ་ཐོབ་པས། སྤྱི་ལོ1913ལོའི་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ།

རིགས་དབྱེ།  

ལི་ཁྲ་ཚི།

ཁོང་ནི་སྤྱི་ལོ1868ལོའི་ཟླ1པོའི་ཚེས31ཉིན་འཁྲུངས་ཤིང་། ཨ་མེ་རི་ཁའི་རྫས་འགྱུར་རིག་པ་བ་གྲགས་ཅན་ཞིག་ཡིན། ཨ་མེ་རི་ཁའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན་ཨང་དང་པོ་ཡིན་ལ། ཁོང་ལ་“རྡུལ་ཕྲན་གྲངས་ཚད་འཇལ་བའི་ཆེད་མཁས”ཞེས་འབོད་ཀྱིན་ཡོད།

རིགས་དབྱེ།  

ཝེ་ཨེར་ཧྲི་ཐའེ་ཐུ།

ཁོང་ནི་སྤྱི་ལོ1872ལོའི་ཟླ8པའི་ཚེས13ཉིན་འཁྲུངས་ཤིང་། འཇར་མན་གྱི་རྫས་འགྱུར་རིག་པ་བ་ཞིག་ཡིན། སྤྱི་ལོ1915ལོར་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ། སྤྱི་ལོ1942ལོར་སུའེ་ཙེར་དུ་སྐུ་གཤེགས།

རིགས་དབྱེ།  

ཝེ་ཏི་ཞི།

ཁོང་ནི་འཇར་མན་གྱི་རྫས་འགྱུར་རིག་པ་བ་ཞིག་ཡིན་ཞིང་། སྤྱི་ལོ1979ལོར་ལིན་འདྲེས་འགྱུར་རྫས་དེ་སྐྱེ་ལྡན་འདྲེས་གྲུབ་ཁྲོད་དུ་སྤྱད་པའི་དབང་གིས་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ།

རིགས་དབྱེ།  

པོ་ཀུ།

ཁོང་ནི་སྤྱི་ལོ1926ལོར་འཁྲུངས། པིན་ཞི་ཧྥ་ཉི་ཡ་ཀྲོའུ་སློབ་ཆེན་ནས་སློབ་མཐར་ཕྱིན། ཞི་པོ་ལུའུ་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1959ལོ་ནས་བཟུང་སི་ཐན་ཧྥུའུ་སློབ་ཆེན་གྱི་སློབ་དཔོན་ཆེན་མོའི་འགན་བཞེས། སྤྱི་ལོ1980ལོར་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ།

རིགས་དབྱེ།  

ཅི་ཨེར་པོ་ཐུ།

ཁོང་ནི་སྤྱི་ལོ1932ལོའི་ཟླ3པའི་ཚེས21ཉིན་འཁྲུངས། ཨ་རིའི་དངོས་ལུགས་རིག་པའི་མཁས་པ་དང་སྐྱེ་དངོས་རྫས་འགྱུར་རིག་པ་བ་ཞིག་ཡིན་ལ། ཆ་རྡུལ་སྐྱེ་དངོས་རིག་པའི་སྔ་དུས་ཀྱི་ཞིབ་འཇུག་པའི་གྲས་ཤིག་ཀྱང་ཡིན། སྤྱི་ལོ1980ལོར་ཧྥེ་ལེ་ཏེ་ལི་ཁེ•སང་ཀུསDNAཡི་གོ་རིམ་གཏན་འཁེལ་བྱེད་ཐབས་སྤྱད་པའི་དབང་གིས་པའོ་ལོ•པོ་ཀེ་དང་མཉམ་དུ་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་པ་རེད།

རིགས་དབྱེ།  

སང་ཀུ།

ཁོང་ནི་སྤྱི་ལོ1918ལོའི་ཟླ8པའི་ཚེས13ཉིན་འཁྲུངས་ཤིང་། དབྱིན་ཇིའི་སྐྱེ་དངོས་རྫས་འགྱུར་རིག་པ་བ་ཞིག་ཡིན་ལ། སྤྱི་ལོ1958ལོ་དང་སྤྱི་ལོ1980ལོར་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐེངས་གཉིས་ལ་ཐོབ་པ་དང་། ཁོང་ནི་ཐེངས་བཞི་པའི་ནོ་པེར་བྱ་དགའ་ཐོབ་མཁན་ཡིན་ལ། རྫས་འགྱུར་རིག་པའི་བྱ་དགའ་ཐེངས་གཉིས་ཐོབ་མཁན་གཅིག་པུའང་ཡིན།

རིགས་དབྱེ།  

ཆན་དབྱི།

ཁོང་ནི་སྤྱི་ལོ1818ལོའི་ཟླ10པའི་ཚེས4ཉིན་འཁྲུངས། འཇར་པན་གྱི་ཚད་རྡུལ་རྫས་འགྱུར་རིག་པ་བ་ཞིག་ཡིན། ཅིན་ཏུའུ་སློབ་ཆེན་ནས་སློབ་མཐར་ཕྱིན། འཇར་པན་གྱི་རྫས་འགྱུར་རིག་པའི་མཁས་ཅན་དང་། ཨ་རིའི་ཚན་རིག་ཁང་གི་ཕྱི་རྒྱལ་གྱི་ཡོན་ཧྲི། ཡོ་རོབ་སྒྱུ་རྩལ་སློབ་གླིང་གི་ཡོན་ཧྲི། འཇར་པན་སྲིད་གཞུང་གི་རིག་གནས་གཟེངས་རྟགས་ཐོབ་མཁན་བཅས་ཡིན། སྤྱི་ལོ1981ལོར་ཅིན་ཏུའུ་སློབ་ཆེན་གྱི་སློབ་དཔོན་ཆེན་མོའི་འགན་བཞེས་པའི་སྐབས་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ། ཁོང་ནི་འཇར་པན་གྱི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན་གྱི་ཚན་རིག་པ་དང་པོ་ཡིན་ལ། ཡ་གླིང་གི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན་ཨང་དང་པོ་ཡང་ཡིན། སྤྱི་ལོ1998ལོར་སྐུ་གཤེགས།

རིགས་དབྱེ།  

ཧུའོ་ཧྥུའུ་མན།

ཁོང་ནི་སྤྱི་ལོ1937ལོའི་ཟླ7པའི་ཚེས18ཉིན་འཁྲུངས། ཨ་རིའི་རྫས་འགྱུར་རིག་པ་བ་དང་། ལས་ཞོར་སྙན་ངག་པ། རྫས་འགྱུར་རིག་པའི་ཚན་རྩལ་ཁྱབ་གདལ་པ་བཅས་ཡིན། སྤྱི་ལོ1981ལོར་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ། ད་ལྟ་ཁང་ནའེ་ཨེར་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།

རིགས་དབྱེ།  

ཁུ་ལུའུ་ཀུ།

ཁོང་ནི་སྤྱི་ལོ1926ལོའི་ཟླ8པའི་ཚེས11ཉིན་འཁྲུངས་ཤིང་། ལི་ཐའོ་ཝན་དུ་སྐྱེས་པའི་དབྱིན་ཇིའི་རྫས་འགྱུར་རིག་པ་བ་དང་སྐྱེ་དངོས་དངོས་ལུགས་རིག་པ་བ་ཞིག་ཡིན། སྤྱི་ལོ1982ལོར་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ། སྤྱི་ལོ1995ལོ་ནས་སྤྱི་ལོ2000ལོའི་བར། དབྱིན་ཇིའི་གོང་མ་ཚང་སློབ་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས།

རིགས་དབྱེ།  

ཡའོ་པུའུ།

ཁོང་ནི་སྤྱི་ལོ1915ལོའི་ཟླ11པའི་ཚེས30ཉིན་འཁྲུངས། རྫས་འགྱུར་རིག་པ་བ་ཞིག་ཡིན། ཁོང་སྤྲོ་བ་ཡོད་པའི་ཞིབ་འཇུག་ནི་དབྱང་འགྱུར་སོར་ལོག་འགྱུར་འབྱུང་ཡིན་པ་དང་། དེའི་ནང་གི་ལྕགས་རིགས་གནས་སྡེབ་འདྲེས་འགྱུར་རྫས་ཀྱི་གློག་རྡུལ་སྤོར་སྒྱུར་རྐྱེན་རྩ་ལ་ཞིབ་འཇུག་བྱས་པས་སྤྱི་ལོ1983ལོར་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ།

རིགས་དབྱེ།  

མེ་ལི་ཧྥེ་ཨེར་ཏུ།

ཁོང་ནི་སྤྱི་ལོ1921ལོའི་ཟླ7པའི་ཚེས15ཉིན་འཁྲུངས་ཤིང་། ཨ་མེ་རི་ཁའི་སྐྱེ་དངོས་རྫས་འགྱུར་རིག་པའི་མཁས་པ་ཡིན་ལ། སྤྱི་ལོ1984ལོར་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཧའོ་ཕུའུ་ཐུ་མཱན།

ཁོང་ནི་སྤྱི་ལོ1917ལོའི་ཟླ2པའི་ཚེས14ཉིན་འཁྲུངས་ཤིང་། ཨ་རིའི་གྲངས་རིག་མཁས་པ་དང་རྫས་འགྱུར་རིག་པ་བ་ཡིན། སྤྱི་ལོ1985ལོར་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཁཱ་ཨེར།

ཁོང་ནི་སྤྱི་ལོ1818ལོའི་ཟླ6པའི་ཚེས18ཉིན་ཉིའུ་ཡའོ་གྲོང་ཁྱེར་དུ་འཁྲུངས་ཤིང་། ཡིའུ་ཐའེ་རྒྱུད་ཀྱི་ཨ་རིའི་དངོས་ཁམས་རིག་པ་བ་ཞིག་ཡིན། Xའཕྲོ་ཐིག་གི་སྐོར་འཕྲོའི་དངོས་པོའི་བདར་གཟུགས་ཆགས་ཚུལ་གཏན་འཁེལ་གྱི་ཐད་ཀར་རྩིས་རྒྱག་པའི་བྱ་ཐབས་གསར་སྤེལ་བྱས་པས། ཧུ་པོ་ཐུ•ཧའོ་ཕུའུ་ཐུ་མན་དང་མཉམ་དུ་སྤྱི་ལོ1985ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ།

རིགས་དབྱེ།  

ཧི་ཧྲི་པཱ་ཧི།

ཁོང་ནི་སྤྱི་ལོ1932ལོའི་ཟླ6པའི་ཚེས18ཉིན་འཁྲུངས་ཤིང་། ཨ་མེ་རི་ཁའི་རྫས་འགྱུར་རིག་པ་བ་ཞིག་ཡིན། རྫས་འགྱུར་རྨང་རྒྱུའི་འགྱུར་འབྱུང་ལ་ཞིབ་འཇུག་བྱེད་པའི་མ་ལག་དེ་ནུས་པའི་ངོས་འགུལ་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་སྒུལ་ཤུགས་རིག་པར་ཞིབ་འཇུག་བྱས་པས། ལི་ཡོན་ཀྲེ་དང་ཡོ་ཧན་པོ་ལཱ་ཉི་གཉིས་དང་མཉམ་དུ་སྤྱི་ལོ1986ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ལོངས་སྤྱོད་བྱས། ཧཱ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་དགེ་རྒན་ཆེན་མོ་ཡིན།

རིགས་དབྱེ།