མེ་ནོ་ལོ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེ་ནོ་ལོ་སི།
མེ་ནོ་ལོ་སི་ནི་ཕལ་ཆེར་སྤྱི་ལོ་དུས་རབས1-2བར་དུ་སྐུ་འཁྲུངས་པའི་གྷི་རིག་གྲངས་རིག་མཁས་ཅན་དང་གནམ་དཔྱད་རིག་པ་བ་བཅས་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梅内劳斯
འཁྲུངས་འདས།
ཕལ་ཆེར་སྤྱི་ལོ་དུས་རབས1-2བར།
ཕྱི་ཡིག་གི་མིང་།
Menelaus
ཆེད་གཉེར་རིག་ཚན།
གནམ་དཔྱད་རིག་པ། གྲངས་རིག་པ་བ།
1 ངོ་སྤྲོད་མདོར་བསྡུས། 

མེ་ནོ་ལོ་སི་ནི་ཕལ་ཆེར་སྤྱི་ལོ་དུས་རབས1-2བར་དུ་སྐུ་འཁྲུངས་པའི་གྷི་རིག་གྲངས་རིག་མཁས་ཅན་དང་གནམ་དཔྱད་རིག་པ་བ་བཅས་ཡིན་ནོ།། 

2 མཛད་རྗེས་རགས་བཀོད། 

གྷི་རིག་གི་ཟུར་གསུམ་རིག་པ་ནི། མེ་ནོ་ལོ་སིའི་སྐབས་སུ་ཡང་རྩེར་སླེབས་ཡོད་པ་རེད། ཁོང་གི་བརྩམས་གཞུང《ཟླུམ་ངོས་དབྱིབས་རྩིས 》མ་གཏོགས་གཞན་རྣམས་ཀྱི་རྒྱུན་ཆད་ཡོད། 《ཟླུམ་ངོས་དབྱིབས་རྩིས》ཀྱིས་གྷི་རིག་གི་ཟུར་གསུམ་རིག་པའི་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་བཏོན། ཨ་རབ་ཀྱི་ཡི་གེར་བསྒྱུར་ཡོད་ཅིང་ཉར་ཚགས་བྱས་ཡོད་པའི《ཟླུམ་ངོས་དབྱིབས་རྩིས》 ལ་བམ་པོ་གསུམ་གྱིས་བགོས་ཡོད། བམ་པོ་དང་པོའི་ནང་དུ། ཐེངས་དང་པོར་ཟླུམ་ངོས་ཟུར་གསུམ་དབྱིབས་ལ་མཚན་ཉིད་བཞག 

ཁོང་གིས་ཨོའུ་ཅི་ལེ་ཏེས་སྙོམས་ངོས་ཟུར་གསུམ་དབྱིབས་ཀྱི་ཁྲོད་ར་སྤྲོད་བྱས་མྱོང་བའི་རྗོད་གཞི་རྣམས་ཟླུམ་ངོས་ཟུར་གསུམ་དབྱིབས་ཀྱི་ཁྲོད་ནས་ར་སྤྲོད་བྱས་པ་དང་། དཔེར་ན། ཡོངས་མཚུངས་ངེས་སྲོལ་དང་། སྐེད་མཉམ་ཟུར་གསུམ་དབྱིབས་ཀྱི་ངེས་སྲོལ་ལ་སོགས་ལྟ་བུ། དེ་ལས་གཞན། ད་རུང་གལ་ཏེ་ཟླུམ་ངོས་ཟུར་གསུམ་དབྱིབས་གཉིས་ཀྱི་ལྟོས་ཟླའི་ཟུར་སོ་སོ་འདྲ་མཚུངས་ཡིན་ན། ཟླུམ་ངོས་ཟུར་གསུམ་དབྱིབས་དེ་གཉིས་ཡོངས་མཚུངས(སྙོམས་ངོས་ཟུར་གསུམ་དབྱིབས་ཀྱི་ནང་དུ་རྗོད་གཞི་འདི་འདྲ་མེད)ཡིན་པ་དང་། ཟླུམ་ངོས་ཟུར་གསུམ་དབྱིབས་ཀྱི་ནང་ཟུར་གསུམ་གྱི་སྡོམ་གྲངས་དེ་དྲང་ཟུར་གཉིས་ལས་ཆེ། ཆ་འགྲིག་གི་ཟླུམ་ངོས་ཟུར་གསུམ་དབྱིབས་དེ་ཡོངས་མཚུངས་སུ་མཐོང་ཆོག བམ་པོ་གཉིས་པའི་ནང་དུ་གནམ་དཔྱད་རིག་པའི་ཁྲོད་ཀྱི་ངེས་སྲོལ་ཡ་མཚར་ཅན་འགའ་ཡོད། བམ་པོ་གསུམ་པ་ནི་སྐབས་དེའི་ཟླུམ་ངོས་ཟུར་གསུམ་རིག་པ་གསལ་བོར་བསྟན་ཡོད་དེ། མང་ཤོས་ནི་ད་ལྟའི་སློབ་གྲྭ་ཆེན་མོའི་དབྱིབས་རྩིས་བསླབ་དེབ་ཁྲོད་ཀྱི་མེ་ནོ་ལོ་སིའི་ངེས་སྲོལ་ཡིན་ལ་ངེས་སྲོལ་དེ་ཐོག་མར་ཟླུམ་ངོས་ཀྱི་གནས་ཚུལ་གཞིར་བཟུང་ནས་རིགས་བསྒྲེ་བྱས་པ་ཞིག་རེད།  

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-27

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།