ཧྥུ་ལའེ་མིང་།

ཧྥུ་ལའེ་མིང་ནི་དབྱིན་ཇིའི་འབུ་ཕྲའི་རིག་པ་བ་དང་སྐྱེ་དངོས་རྫས་འགྱུར་རིག་པ་བ། འབུ་ཕྲ་རབ་རིག་པ་བ་བཅས་ཡིན། ཁོང་གིས་ཤེས་རྟོགས་བྱུང་བའི་སྨན་རྫས་ཕན་ཉི་ཞི་ལིན(འཆང་མེ་སུའུ)གྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་མི་ཁྲི་མ་འབུམ་གྱི་ཚེ་སྲོག་བསྐྱབས། སྤྱི་ལོ1945ལོར་ཁོང་ལ་ནོ་པེར་ལུས་ཁམས་རིག་པ་དང་གསོ་བ་རིག་པའི་བྱ་དགའ་ཐོབ་པ་རེད།

རིགས་དབྱེ།  

པཱ་སི་ཏུ།

པཱ་སི་ཏུ་ནི་ཧྥ་རན་སེའི་སྐྱེ་དངོས་ཕྲ་རབ་སྐྱེ་ལུགས་རིག་པ་བ། རྫས་འགྱུར་རིག་པ་བ་ཞིག་ཡིན། ཁོས་སྐྱེ་དངོས་ཕྲ་རབ་ཀྱི་རིགས་དང་གོམ་གཤིས། འཚོ་བཅུད། སྐྱེ་འཕེལ། ནུས་པ་སོགས་ལ་ཞིབ་འཇུག་བྱས་ནས་བཟོ་ལས་སྐྱེ་དངོས་ཕྲ་རབ་དང་གསོ་རིག་སྐྱེ་དངོས་ཕྲ་རབ་ཀྱི་རྨང་བཏིང་བ་མ་ཟད་སྐྱེ་དངོས་ཕྲ་རབ་སྐྱེ་ལུགས་རིག་པ་གསར་གཏོད་མཛད།

རིགས་དབྱེ།  

མེང་ཏི་ཨེར།

མེང་ཏི་ཨེར་ནི་ཨོ་སི་ཁྲུ་རི་ཡར་འཁྲུངས་ཤིང་། རྒྱུད་འཛིན་རིག་པའི་རྨང་འདིང་མཁན་ཡིན། ཁོང་ལ་དེང་རབས་རྒྱུད་འཛིན་རིག་པའི་ཡབ་ཆེན་ཞེས་པའི་མཚན་སྙན་ཐོབ་ཡོད། ཁོང་གིས་སྲན་མའི་དངོས་བཤེར་བརྒྱུད་རྒྱུད་འཛིན་རིག་པའི་རྩ་བའི་ཆོས་ཉིད་ཆེན་པོ་གསུམ་ལས་གྱེས་པའི་ཆོས་ཉིད་དང་རང་མོས་སྡེབ་སྒྲིག་ཆོས་ཉིད་གཉིས་གསར་རྙེད་བྱུང་བ་རེད།

རིགས་དབྱེ།  

ཁྲེན་ཁྲང་ཀེང་།

ཁྲེན་ཁྲང་ཀེང་ནི་སྤྱི་ལོ1930ལོར་ཧྲང་ཧའེ་གྲོང་ཁྱེར་ནས་སྐྱེས་ཤིང་ཧྲང་ཧའེ་དགེ་ཐོན་སློབ་ཆེན་སྐྱེ་དངོས་ལག་རྩལ་ཚན་ཁག་གི་དགེ་རྒན་ཆེན་མོ་བཅས་ཡིན། སྤྱི་ལོ1953ལོར་ཧྥུ་ཏན་སློབ་གྲྭ་ཆེན་མོའི་སྐྱེ་དངོས་ཚན་ཁག་ནས་སློབ་མཐར་ཕྱིན། སྤྱི་ལོ1954ལོ་ནས་སྤྱི་ལོ1956ལོའི་བར་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་འཛིན་གྲྭར་རྩི་ཤིང་སྐྱེ་ལུགས་སྦྱངས།

རིགས་དབྱེ།  

ཁུ་ཨུན་པོ་ཀུ

ཁོང་ནི་སྤྱི་ལོ1918ལོའི་ཟླ3པའི་ཚེས3ཉིན་ཨ་རིའི་ཉིག་ཡོག་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1937ལོར་ཉིག་ཡོག་གྲོང་ཁྱེར་སློབ་གླིང་དུ་རང་བྱུང་རིག་པའི་ཤེས་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1941ལོར་ལོ་ཆེ་སི་ཐེ་སློབ་ཆེན་དུ་གསོ་རིག་འབུམ་རམས་པའི་སློབ་གནས་ཐོབ། སྤྱི་ལོ2007ལོའི་ཟླ10ཚེས26ཉིན་སྐུ་གཤེགས་པ་དང་དགུང་ལོ89ལ་བཞུགས།

རིགས་དབྱེ།  

ཧྥུའུ་སི་མན།

ཁོང་ནི་འཇར་མན་གྱི་སྨན་པ་ཞིག་ཡིན་ཞིང་། སྤྱི་ལོ1904ལོའི་ཟླ8པའི་ཚེས29ཉིན་འཇར་མན་གྱི་པེར་ལིན་གྲོང་ཁྱེར་དུ་འཁྲུངས། ཁོང་ནི་སྙིང་འདྲེན་སྦུ་གུའི་གསར་གཏོད་པ་ཡིན་ཞེས་བཤད་ཆོག སྤྱི་ལོ1956ལོར་ཁོང་དང་ཨན་ཏུ་ལིའེ·ཧྥུ་ལེ་ཏུ་ལི་ཁུ·ཁའོ་ནན་ཏུ་དང་ཏི་ཁེན་སེན·ཝེ་ལན·ལི་ཁྲ་ཚི་གསུམ་ཀས་མཉམ་དུ“སྙིང་ཁམས་འདྲེན་སྦུག་གསར་གཏོད་བྱས་པ་དང་འཁོར་སྐྱོད་མ་ལག་གི་ནད་གཞི་འགྱུར་ལྡོག་གསར་རྙེད་བྱུང་བས་པེར་སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་གནང་།

རིགས་དབྱེ།  

ཨའེ་ཁུ་ཨེར་སི།

ཁོང་ནི་ཨོ་སི་ཁྲུ་ལི་ཡའི་དབང་རྩ་སྐྱེ་ལུགས་རིག་པ་བ་ཞིག་ཡིན། སྤྱི་ལོ1903ལོའི་ཟླ1པོའི་ཚེས27ཉིན་ཨོ་སི་ཁུ་ལི་ཡའི་མོ་ཨེར་པུན་གྲོང་ཁྱེར་དུ་འཁྲུངས། སྤྱི་ལོ1963ལོར་ཐོལ་བྱུང་རེག་ཐུག་ཞིབ་འཇུག་ཐད་གྲུབ་འབྲས་འབུར་ཐོན་བཞག་པས་ནོ་པེར་སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཧུའོ་ཆི་ཅིན།

ཁོང་ནི་དབྱིན་ཇིའི་སྐྱེ་ཁམས་རིག་པ་བ་དང་སྐྱེ་དངོས་དངོས་ལུགས་རིག་པ་བ་ཞིག་ཡིན། དབང་རྩའི་ཕྲ་ཕུང་གློག་སྤྲོ་ཐད་ཤིང་རྟའི་སྲོལ་འབྱེད་རང་བཞིན་གྱི་ཞིབ་འཇུག་གནང་བ་དང་། འཕར་རྩ་ཚི་སྣ་རྐྱང་པ་ལས་བརྒྱུད་སྤྲོད་བྱེད་པའི་རྫས་འགྱུར་བརྒྱུད་རིམ་གསར་རྙེད་བྱུང་བས། ཁོང་ལ་སྤྱི་ལོ1963ལོའི་ནོ་པེར་སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ལི་ཁྲ་ཚི།

ཁོང་ནི་ཨ་མེ་རི་ཁའི་སྨན་པ་དང་སྐྱེ་ལུགས་རིག་པ་བ་ཞིག་ཡིན།

རིགས་དབྱེ།  

པོ་ཝེ།

ཁོང་ནི་སུའེ་ཙེར་གྱི་ན་ཧྲ་ཐེར་དུ་སྐྱེས་པ་དང་། སུའེ་ཙེར་ཁྲག་རྒྱུད་ཅན་གྱི་དབྱི་ཐ་ལིའི་སྨན་རྫས་རིག་པ་མཁས་ཅན་ཞིག་ཡིན།

རིགས་དབྱེ།  

པི་ཏུ་ཨེར།

ཁོང་ནི་ཨ་རིའི་རྒྱུད་འཛིན་རིག་པ་བ་ཞིག་ཡིན། ཁོང་དང་ཨའེ་ཏུ་ཧྭ·ལའོ་ལི·ཐཱ་ཐུ་མུའུ་གཉིས་ཀྱིས་གཞི་རྒྱུ་ལ་དམིགས་བསལ་གྱི་རྫས་འགྱུར་བརྒྱུད་རིམ་གྱི་ཚོད་འཛིན་ཐེབས་པས་སྤྱི་ལོ1958ལོར་ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། བྱ་དགའ་དེའི་ཕྱེད་ཀ་ནི་ཆའོ་ཧྲུའུ་ཡཱ·ལེ་ཏུ་པོ་ཀུ་ལ་སྤྲད།

རིགས་དབྱེ།  

ཨོ་ཆའོ་ཡཱ།

ཁོང་ནི་སི་ཕེན་གྱི་ཁྲག་རྒྱུད་ཡོད་པའི་ཨ་རིའི་སྐྱེ་དངོས་རྫས་འགྱུར་རིག་པ། སྤྱི་ལོ1959ལོར་ནོ་པེར་སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

པོ་ནེ་ཐུ།

ཁོང་ནི་ཨོ་སི་ཁྲུ་ལི་ཡའི་སྐྱེ་དངོས་ཕྲ་རབ་རིག་པ་བ། གཙོ་བོ་རིམས་འགོག་རིག་པར་ཞིབ་འཇུག་གནང་གིན་ཡོད། ཁོང་གིས་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་ཐད་ཐོད་བརྒལ་ཆེན་པོ་བྱུང་བ་དང་། དེ་དག་གི་ཁྱད་ཆོས་དང་འདྲ་བཟོ། དེ་བཞིན་རིམས་འགོག་མ་ལག་གི་ཕན་ཚུན་ནུས་པ་ཐོན་པ་ཤེས་རྟོགས་བྱུང་། ཁོང་དང་པི་ཏུ·མེ་ཏཱ་ཨོ་གཉིས་ལ་མཉམ་དུ་སྤྱི་ལོ1960ལོའི་ནོ་པེར་སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

མེ་ཏཱ་ཨོ།

ཁོང་ནི་ཨ་རབ་ཀྱི་རྒྱུད་པའི་དབྱིན་ཇི་བ་ཞིག་ཡིན་པ་དང་། སྤྱི་ལོ1915ལོར་པར་ཙིར་གྱི་ལི་ཡུའེ་རེ་ནེ་ལུའུ་རུ་སྐྱེས། ཕ་ནི་ལེ་པ་ནོན་གྱི་ཚོང་པ་ཞིག་ཡིན་པ་དང་། སློབ་འབྲིང་མཐར་ཕྱིན་རྗེས་ཁོང་གིས་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་གྱི་ཁོངས་གཏོགས་མ་ཀི་ཏ་ལུན་སློབ་གླིང་དུ་ཞུགས་ནས་སྲོག་ཆགས་རིག་པར་སྦྱངས།

རིགས་དབྱེ།  

པེ་ཁའེ་ཞི།

ཁོང་ནི་རྒྱལ་ཁོངས་ཨ་རི་ཡིན་པའི་ཧང་ག་རིའི་དངོས་ལུགས་རིག་པ་བ་དང་སྐྱེ་དངོས་རིག་པ་བ་ཞིག་ཡིན། སྤྱི་ལོ1961ལོར་ཁོང་ལ་ནོ་པེར་སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་གནང་སྟེ་འོ་འཐུང་སྲོག་ཆགས་ཀྱི་རྣ་བའི་དུང་འཁྱིལ་གྱིས་བྱེད་ནུས་ཐོན་ཚུལ་ལ་ཞིབ་འཇུག་གནང་བར་གཟེངས་བསྟོད་བྱས།

རིགས་དབྱེ།  

ཁུ་ལི་ཁུ།

ཁོང་ནི་དབྱིན་ཇིའི་སྐྱེ་དངོས་རིག་པ་བ་དང་། དངོས་ལུགས་རིག་པའི་མཁས་པ། དེ་བཞིན་དབང་རྩའི་ཚན་རིག་མཁས་ཅན་བཅས་ཡིན། གྲུབ་འབྲས་གལ་ཆེ་ཤོས་ནི་སྤྱི་ལོ1953ལོར་ཅན་ཆའོ་སློབ་ཆེན་གྱི་ཁ་ཝུན་ཏི་ཞུས་ཚོད་ལྟ་ཁང་དང་ཀྲན་མུའུ་སི·ཝོ་སེན་གཉིས་ཀྱིས་མཉམ་དུ་དབྱང་འདོར་ཉིང་ཧྭགས་ཉིང་སྐྱུརDNAཡི་ཟུང་འཁྱིལ་གྲུབ་ཚུལ་རྙེད་པ་དེ་རེད། ཁོང་གཉིས་ཀར་ཡང་དེའི་རྐྱེན་གྱིས་མོ་ལི་སི·ཝེ་ཨེར་ཅིན་སི་དང་མཉམ་དུ་སྤྱི་ལོ1962ལོའི་ནོ་པེར་སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་ཐོབ་པ་དང་། གཟེངས་རྟགས་དེ་པའེ་མུའུ་ཏི་བསྐྱར་སྐྱེས་གསོ་རིག་ལྟེ་གནས་སུ་ཉར་ཚགས་བྱས་ཡོད། སྤྱི་ལོ2004ལོར་རྒྱུ་མའི་འབྲས་སྐྲན་བྱུང་སྟེ་ཚེ་ལས་འདས།

རིགས་དབྱེ།  

ལའེ་ཏུ་པོ་ཀུ

ཁོང་ནི་ཨ་རིའི་ཆ་རྡུལ་སྐྱེ་དངོས་རིག་པ་བ་དང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་རྒྱུད་འཛིན་རིག་པ་དང་། མིས་བཟོས་རིག་ནུས། བར་སྣང་འཚོལ་ཞིབ་བཅས་ཡིན། འབུ་ཕྲའི་རྒྱུད་འཛིན་དངོས་རྫས་དང་གཞི་རྒྱུ་བསྐྱར་སྒྲིག་སྣང་ཚུལ་ཤེས་རྟོགས་བྱུང་བའི་དབང་གིས་སྤྱི་ལོ1958ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཝ་མུའུ་སི།

ཁོང་ནི་ཨ་རིའི་ཚན་རིག་པ་ཞིག་ཡིན། སྤྱི་ལོ1989ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

མོ་ལི།

ཁོང་ནི་ཨ་རིའི་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ཡིན། ཁོང་གིས་དབང་པོ་སྤོ་འཛུགས་ཀྱི་གཤགས་བཅོས་ཐོག་མ་དེ་ལེགས་གྲུབ་བྱུང་བ་དང་གཤགས་བཅོས་དེ་མཚེ་མའི་བར་དུ་བྱས། སྤྱི་ལོ1990ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཐུའོ་མཱ་སི།

ཁོང་ནི་ཨ་རིའི་གསོ་རིག་མཁས་ཅན་ཞིག་ཡིན། ཤིས་ཡ་ཐུའུ་ཝ་ཧྲིང་ཐོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་། ཤིས་ཡ་ཐུའུ་ཧྥུ་ལེ་ཏེ·ཧ་ཆིན་སེན་འབྲས་སྐྲན་ཞིབ་འཇུག་ལྟེ་གནས(Fred Hutchinson Cancer Research Center)སུ་ནད་ཐོག་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས་མྱོང་།

རིགས་དབྱེ།  

ནེ་ཨེར།

ཁོང་ནི་འཇར་མན་གྱི་སྐྱེ་དངོས་དངོས་ལུགས་རིག་པ་བ་ཞིག་ཡིན་ཞིང་། སྤྱི་ལོ1991ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

སཱ་ཁུ་མན།

ཁོང་ནི་འཇར་མན་གྱི་ཚན་རིག་མཁས་ཅན་དང་། ཕྲ་ཕུང་སྐྱེ་དངོས་རིག་པ་བ་ཞིག་ཡིན་ཞིང་། སྤྱི་ལོ1991ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཧྥེ་ཞི་ཨེར།

ཁོང་ནི་སུའེ་ཙེར་དང་ཨ་རིའི་རྒྱལ་ཁོངས་ཡོད་པའི་སྐྱེ་དངོས་རྫས་འགྱུར་རིག་པ་བ་ཡིན། ཀྲུང་གོའི་ཧྲང་ཧའེ་རུ་འཁྲུངས་པ་དང་ལོ7ལ་སླེབས་སྐབས། ཁོང་གི་གཅེན་པོ་གཉིས་དང་མཉམ་དུ་སུའེ་ཙེར་དུ་སློབ་སྦྱོང་བྱེད་པར་བསྐྱོད།

རིགས་དབྱེ།  

ཁུ་ལེ་པུའུ་སི།

ཁོང་ནི་སྤྱི་ལོ1918ལོའི་ཟླ6པའི་ཚེས6ཉིན་དབྱི་ཨ་ཧྭ་ཁུལ་དུ་འཁྲུངས་ཤིང་། སྐྱེ་དངོས་རྫས་འགྱུར་རིག་པ་བ་ཞིག་ཡིན། སྤྱི་ལོ1992ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ལུའོ་པོ་ཚི།

ཁོང་ནི་སྤྱི་ལོ1943ལོའི་ཟླ9པའི་ཚེས6ཉིན་དབྱིན་ཀེ་ལན་ཏུ་པི་རུ་འཁྲུངས་ཤིང་། སྤྱི་ལོ1993ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཞཱ་ཕུའུ།

ཁོང་ནི་ཨ་རིའི་རྒྱུད་འཛིན་རིག་པ་བ་དང་ཆ་རྡུལ་སྐྱེ་དངོས་རིག་པ་བ་ཞིག་ཡིན་ཞིང་། གས་ཆག་བྱུང་བའི་གཞི་རྒྱུ་ཤེས་རྟོགས་བྱུང་བའི་རྐྱེན་གྱིས་སྤྱི་ལོ1993ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཅི་ཨེར་མན།

ཁོང་ནི་སྤྱི་ལོ1941ལོའི་ཟླ7པའི་ཚེས་1ཉིན་ཨ་རིར་འཁྲུངས་ཤིང་། སྨན་རྫས་རིག་པ་བ་དང་སྐྱེ་དངོས་རྫས་འགྱུར་རིག་པ་བ་ཞིག་ཡིན། གྲུབ་འབྲས་གཙོ་བོ་ནིGསྤྲི་དཀར་གསར་རྙེད་བྱུང་བ་དེ་ཡིན།

རིགས་དབྱེ།  

ལུའོ་ཏུ་པེ་ཨེར།

ཁོང་ནི་ཨ་མེ་རི་ཁའི་སྐྱེ་དངོས་རྫས་འགྱུར་དང་ཆ་རྡུལ་གསང་རྒྱུད་ཟགས་གཤེར་རིག་པ་བ་ཞིག་ཡིན་ལ། Gསྤྲི་དཀར་གསར་རྙེད་བྱུང་བས་མིང་གྲགས་རྒྱས།

རིགས་དབྱེ།  

ལུའུ་དབྱི་སི།

ཁོང་ནི་ཨ་རིའི་རྒྱུད་འཛིན་རིག་པ་བ་ཞིག་ཡིན་ཞིང་། སྤྱི་ལོ1995ལོར་ཨའེ་རུའེ་ཁུ·ཝེ་སི་ཆའོ་སི་དང་ཁུ་ལི་སི་ཏིང·ཉིའུ་སི་ལིན_ཝོ་ཨེར་ཧཱ་ཏུ་གཉིས་དང་མཉམ་དུ་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཝོ་ཨེར་ཧཱ་ཏུ།

ཁོང་མོ་ནི་འཇར་མན་གྱི་སྐྱེ་འཕེལ་རྒྱུད་འཛིན་རིག་པ་བ་ཡིན་ཞིང་། སྤྱི་ལོ1942ལོའི་ཟླ10པའི་ཚེས20ཉིན་མཱ་ཀུ་ཏུ་པའོ་རུ་འཁྲུངས།

རིགས་དབྱེ།