ཡ་ལི་ཧྲན་ཏ།

ཡ་ལི་ཧྲན་ཏ་བཙན་རྒྱལ་བཙུགས་པ།

རིགས་དབྱེ།  

མིའི་ཉི་མ་མཐོང་བ་དོན་ལྡན།

མིའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་མཆོག་རིན་ཆེན་མཆོག་ནི་བོད་ཀྱི་གསོ་བ་རིག་པའི་ཐད་བྱང་བདག་པོ་རྣམ་རྒྱལ་གྲགས་བཟང་གི་བཞེད་སྲོལ་ཐུན་མོང་མིན་པ་རྒྱུན་འཛིན་གཏོང་བ་སོགས་ཕྱག་རྗེས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། གསོ་དཔྱད་ཀྱི་ཕྱག་རྩོམ་དང་སློབ་བུ་སོགས་མང་པོ་ཡོད་དོ། །

རིགས་དབྱེ།  

ཟུར་མཁར་བློ་གྲོས་རྒྱལ་པོ།

ཁོང་ནི་རབ་བྱུང་དགུ་བའི་ནང་དུ་བྱོན་ཞིང་ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་ཡིན། ཁོང་ནི་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་ཏུ་གསོ་བ་རིག་པའི་གནས་ལ་མཁྱེན་རྒྱ་ཡོངས་པ་ཞིག་ཡིན་པས། བོད་ཀྱི་གསོ་བ་རིག་པའི་གནས་ལ་ཕྱག་རྗེས་བླ་མེད་བཞག་ཡོད།

རིགས་དབྱེ།  

བྲང་ཏི་དཔལ་ལྡན་འཚོ་བྱེད།

ཁོང་ནི་རབ་བྱུང་བཞི་པའི་ནང་བྲང་ཏི་འཇམ་དཔལ་བཟང་པོའི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་གསོ་རིག་གི་བྱ་བ་མཛད་དེ་རང་གི་གཅེན་རྒྱལ་བ་བཟང་པོ་དང༌། ཕག་སྟོན་ཤཱཀྱ་མགོན་པོ་ཡུན་རིང་དུ་བསྟེན་ནས་དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་ཕྱག་ལེན་དང་བཅས་པའི་གཞུང་དོན་རྫོགས་པར་ཞུས་ནས་ཐོས་ལོ་ཙམ་མ་ཡིན་པར་ཐུགས་སུ་ཆུད་པར་གསན་ཞིང༌། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པའི་བསྟན་དོན་ཁོ་ན་གཉེར། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་སྨན་པ་མཛད། གསུང་རྩོམ་ཡང་གསོ་བ་རིག་པའི་ཁོག་འབུབས་ཤེས་བྱ་རབ་གསལ་སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ་མཛད།

རིགས་དབྱེ།  

ཀའེ་ལུན།

གནའ་རབས་རོ་མའི་དུས་སྐབས་ཀྱི་མིང་དུ་གྲགས་པའི་གསོ་རིག་མཁན་པོ་ཀའེ་ལུན།

རིགས་དབྱེ།  

བསྟན་འཛིན།

བློ་བཟང་བསྟན་འཛིན། ཕོ། སྤྱི་ལོ1942ལོའི་ཟླ3པའི་ཚེས5ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་ཚ་རུ་མ་ཡུལ་ཚོར་འཁྲུངས་ཤིང་། སྤྱི་ལོ1947ལོར་རབ་ཏུ་བྱུང་བ་ནས་བཟུང་གནས་བཅུ་ལ་ཐོས་བསམ་དང་། སྒོས་སུ་གསོ་རིག་ལ་ཉམས་ཞིབ་དང་ལག་ལེན་གནད་སྨིན་པ་མཛད་པས། སྔོ་སྨན་གྱི་ངོས་འཛིན། སྨན་ཁའི་སྡེབ་སྦྱོར། བརྟག་བཅོས་ཀྱི་ལག་ཐབས་བཅས་ལ་ཐུན་མིན་ཁྱད་ཆོས་ལྡན་པར་གྱུར་བས། དང་ཐོག་ཚ་རུ་མའི་ཡུལ་དུ་ཕྱུགས་སྨན་ཁང་གསར་དུ་བཙུགས་ནས་མི་ཕྱུགས་ཀུན་ལ་སྨན་བཅོས་ཀྱི་བཀའ་དྲིན་ཡུན་རིང་བསྐྱངས་པ་རེད།

རིགས་དབྱེ།  

བསྟན་ཁོ།

རྒན་བསྟན་ཁོ་མཆོག་ནི1933ལོར་སི་ཁྲོན་མཛོད་དགེ་རུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་མཛོད་དགེ་ཁང་གསར་དགོན་པ་རུ་ནང་ཆོས་དང་བོད་ཀྱི་གསོ་རིག་ལ་བསླབས། 1949ལོར་བསང་ཆུ་རྫོང་གི་ཁ་གྱ་རུ་བོད་སྨན་སྐད་གྲགས་ཅན་ཨ་ཁུ་བསྟན་པའི་མདུན་དུ་གསོ་རིག་ལ་སློབ་གཉེར་གནང་། 1956ནས1959བར་བླ་བྲང་བཀྲིས་འཁྱིལ་དུ་ཚད་མ་སོགས་གཞུང་ཆེན་པོ་ཏི་ལྔ་ལ་སློབ་གཉེར་གནང་ཞིང་རྩོད་རིགས་སོགས་དགེ་བཤེས་གོ་ཐོབ་བླངས།1960ལོ་ནས་མཛོད་དགེ་རྩྭ་ཐང་དུ་ལོག་སྟེ་བོད་ཀྱི་གསོ་བ་རིག་པའི་ལས་དོན་གཉེར་བ་རེད།

རིགས་དབྱེ།  

དབྱི་ཝན་པཱ་ཧྥུ་ལུའོ་ཧྥུ།

སྐྱེ་ལུགས་རིག་པའི་རྒྱལ་པོ་པཱ་ཧྥུ་ལུའོ་ཧྥུ་ནི་ཨུ་རུ་སི་རུ་སྐྱེས་ཤིང་། ཁོང་ནི་མིང་དུ་གྲགས་པའི་སྐྱེ་ལུགས་རིག་པ་བ་དང་སེམས་ཁམས་རིག་པ་བ། སྨན་པ། མཐོ་རིམ་དབང་རྩའི་རིག་གཞུང་གི་སྲོལ་གཏོད་པ་པོ་བཅས་ཡིན།

རིགས་དབྱེ།  

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཞེས་པ་ནི། སྔར་གྱི་གཡུ་ཐོག་རྙིང་མའི་རིགས་ལས་མཆེད་པའི་གདུང་རབས་བཅུ་གསུམ་པ་ན། གཙང་ཉང་སྟོད་ཀྱི་སའི་ཆ་སྒོ་བཞི་རེ་ཐང་དུ་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང༌། ཡུམ་པདྨ་འོད་ལྡན་གྱི་སྲས་སུ་དགེ་ལེགས་ཀྱི་མཚན་མ་བསམ་གྱིས་མི་ཁྱབ་པ་དང་བཅས་རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ1126ལོ་ལ་སྐུ་འཁྲུངས།

རིགས་དབྱེ།  

བོད་སྨན་མཁས་པ་མི་དགུ།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་བོད་ཀྱི་སྨན་པ་གྲགས་ཆེན་དགུ་སྟེ། སྟོད་ན་གཡུ་ཐོག་ཡོན་ཏན་མགོན་པོ། བི་བྱི་ལེགས་མགོན། འུག་པ་ཆོས་བཟང་གསུམ། བར་ན་ཆེར་རྗེ་ཞིག་པོ། མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་བ་ཆོས་བཟང་། སྟོང་སྨན་གྲགས་རྒྱལ། མཐའ་བཞི་དར་པོ་བཅས་སོ། །

རིགས་དབྱེ།  

སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ།

སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་ནི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་དབུས་གཙང་རུ་བཞིའི་རྒྱལ་ཁམས་ཆེན་པོ་ལས། ཡུལ་མིང་ཤབ་སྟོད་སྐྱིད་པའི་ལྗོངས། ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱའི་ཉེ་འདབས་ཕུ་གསུམ་སྦུར་ཚོ་ཞེས་པར་སྨན་པའི་དགེ་བཤེས་རྒྱུན་མ་ཆད་པར་བྱོན་ཞིང་མཁས་པའི་གདུང་འཛིན་ཡབ་རྡོ་རྗེའི་མཚན་ཅན་དང་། ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་མེ་བྱི་ལོ་སྟེ་སྤྱི་ལོ1516ལོའི་ས་ག་ཟླ་བའི་ཚེས10ལ་འཁྲུངས་པ་དང་། དགུང་ལོ་བཅུ་བཞིའི་སྟེང་ཆོས་འཁོར་རྩེར་གྲྭ་ཁྲལ་ལ་ཕེབས་ནས་ཆོས་ཀྱི་རྗེ་རྡོ་རྗེ་པའི་དྲུང་དུ་དབུ་སྐྲ་བཅད། མཚན་ཡོན་ཏན་རྒྱ་མཚོ་ཞེས་སུ་གསོལ།

རིགས་དབྱེ།  

ཀྲུང་ནན་ཧྲན།

ཀྲུང་ནན་ཧྲན། ཕོ། རྒྱ་རིགས། ཧྥུ་ཅན་ཞིང་ཆེན་ཞ་མོན་ནས་ཡིན། སྤྱི་ལོ1936ལོའི་ཟླ10པར་ནན་ཅིང་དུ་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། མིང་དུ་གྲགས་པའི་དབུགས་ལམ་ནད་རིག་པའི་ཆེད་མཁས། ཀྲུང་གོའི་དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་མཁན་གྱི་སྣེ་ཁྲིད་མི་སྣ་བཅས་ཡིན། ཀོང་ཀྲོའུ་གསོ་རིག་སློབ་གླིང་གི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི། ཀོང་ཀྲོའུ་གྲོང་ཁྱེར་དབུགས་ལམ་ནད་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ཀོང་ཀྲོའུ་དབུགས་ལམ་ནད་རིགས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས་མྱོང་། ད་ལྟ་རྒྱལ་ཁབ་དབུགས་ལམ་མ་ལག་ནད་རིགས་ཀྱི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མཐོ་རིམ་ཆེད་མཁས་ཚོགས་པའི་ཚོགས་གཙོའི་འགན་གཅིག་ལྕོགས་སུ་བཞེས་ཀྱིན་ཡོད།

རིགས་དབྱེ།  

ལི་ལན་ཅོན།

ལི་ལན་ཅོན། བུད་མེད། སྤྱི་ལོ1947ལོའི་ཟླ9པའི་ཚེས13ཉིན་ཀྲེ་ཅང་ཧྲའོ་ཞིན་དུ་སྐྱེས། འགོས་ནད་རིག་པའི་མཁས་ཅན་དང་། ཀྲུང་གོའི་མིས་བཟོས་མཆིན་པ་གསར་སྤེལ་མཁན། རྒྱལ་ཁབ་ཀྱི་འགོས་ནད་གཙོ་གནད་རིག་ཚན་གྱི་སྣེ་ཁྲིད་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀྲེ་ཅང་སློབ་ཆེན་གསོ་རིག་པུ་ཡི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན། ཀྲེ་ཅང་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་དང་། རིམས་ནད་འགོག་བཅོས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་མཐོའི་ཆེད་མཁས་པའི་ཚོགས་ཆུང་གི་ཁོངས་མི་བཅས་ཡིན།

རིགས་དབྱེ།  

ཨའོ་ཐུའོ•ཧའེ་དབྱིན་ལི་ཞི•ཝ་ཨེར་པའོ།

ཨའོ་ཐུའོ·ཧའེ་དབྱིན་ལི་ཞི·ཝ་ཨེར་པའོ་ནི(འཇར་མན་གྱི་སྐད། Otto Heinrich Warburg)འཇར་མན་གྱི་ལུས་ཁམས་རིག་པ་བ་དང་སྨན་པ་ཞིག་ཡིན་ཞིང་། སྤྱི་ལོ1931ལོར་འབྱིན་རྔུབ་རྩབས་ཀྱི་ངོ་བོ་དང་ནུས་པ་འདོན་སྟངས་གསར་རྙེད་བྱུང་པར་བརྟེན་ནས་ནུའོ་པེ་ཨེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཨཱ་ཏུ་ལི་ཨན།

ཁོང་ནི་སྤྱི་ལོ1889ལོའི་ཟླ11ཚེས30ཉིན་དབྱིན་ཇིའི་ལུན་ཏུན་དུ་སྐུ་འཁྲུངས་ཤིང་། དབྱིན་ཇིའི་གློག་རྣམ་ལུས་ཁམས་རིག་པ་བ་ཞིག་ཡིན། ཁོང་དང་ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིན་ཏུན་གཉིས་ཀྱིས་མཉམ་དུ་དབང་རྩའི་བྱེད་ལས་ཕྱོགས་ཀྱི་གསར་རྟོགས་ལ་བརྟེན་ནས་སྤྱི་ལོ1932ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་བླངས། སྤྱི་ལོ1977ལོའི་ཟླ8པའི་ཚེས4ཉིན་ལུན་ཏུན་དུ་སྐུ་གཤེགས།

རིགས་དབྱེ།  

ཏུའོ་དབྱི་ཞི།

ཁོང་ནི་སྤྱི་ལོ1893ལོའི་ཟླ11པའི་ཚེས3ཉིན་ཨ་རིའི་དབྱི་ལི་ནུའོ་སི་ཀྲོའུ་ཡི་ཧུའོ་མཱ་རུ་སྐུ་འཁྲུངས་ཤིང་། ཨ་རིའི་སྐྱེ་དངོས་རྫས་འགྱུར་རིག་པ་ཞིག་ཡིན། ཁོང་གིས་འཚོ་རྒྱུKདང་དེའི་གྲུབ་ཚུལ་དང་ལུས་ཁམས་ཀྱི་ནུས་པ་ཤེས་རྟོགས་བྱུང་བའི་དབང་གིས་ཧེང་ལི་ཁུ·ཏཱ་མུའུ(Henrik Dam)དང་མཉམ་དུ་སྤྱི་ལོ1943ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་བླངས། སྤྱི་ལོ1986ལོའི་ཟླ10པའི་ཚེས23ཉིན་གཤེགས།

རིགས་དབྱེ།  

ལུ་ཝེ།

ཨའོ་ཐུའོ·ལུ་ཝེ(སྤྱི་ལོ1873ལོའི་ཟླ6པའི་ཚེས3ཉིན་ནས་སྤྱི་ལོ1961ལོའི་ཟླ12པའི་ཚེས25ཉིན་བར)ནི་ཨོ་སི་ཁྲུ་ལི་ཡ་དང་འཇར་མན། ཨ་རིའི་སྨན་རྫས་རིག་པ་བ་ཞིག་ཡིན།

རིགས་དབྱེ།  

ཞེ་ལིང་ཏུན།

ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིང་ཏུན་ནི་སྤྱི་ལོ1857ལོའི་ཟླ11པའི་ཚེས27ཉིན་ལུན་ཏུན་ཆེན་པོའི་བྱང་རྒྱུད་ཀྱི་དབྱི་སི་ལིང་ཏུན་དུ་འཁྲུངས་ཤིང་དབྱིན་ཇིའི་ཚན་རིག་པ་ཞིག་ཡིན་པ་དང་། ལུས་ཁམས་རིག་པ་དང་དབང་རྩའི་མ་ལག་གི་ཚན་རིག་ཐད་བྱས་རྗེས་མང་དུ་བཞག་ཡོད། ཁོང་དང་ཨེ་ཏུ་ཅཱ·ཨ་ཏི་ལི་ཨན་གཉིས་ཀྱི་དབང་རྩའི་བྱེད་ནུས་ཕྱོགས་ཀྱི་གསར་རྟོགས་ལ་སྤྱི་ལོ1932ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། སྤྱི་ལོ1952ལོའི་ཟླ3པའི་ཚེས4ཉིན་སྐུ་གཤེགས།

རིགས་དབྱེ།  

སི་ཕེ་མན།

ཧན་སི·སི་ཕེ་མན་ནི་སྤྱི་ལོ1869ལོར་འཁྲུངས་ཤིང་། འཇར་མན་གྱི་སྐྱེ་དངོས་རིག་པ་བ་ཞིག་དང་ཚོད་ལྟའི་སྦྲུམ་རྟེན་རིག་པའི་ཁྱབ་ཁོངས་ཀྱི་སྔོན་བྱོན་པ་ཞིག་ཡིན། ཁོང་གིས་སྦྲུམ་རྟེན་གྱི་འཚར་སྐྱེས་བརྒྱུད་རིམ་ཤེས་རྟོགས་བྱུང་བར་བརྟེན་སྤྱི་ལོ1935ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། ཁོང་གིས་གསར་གཏོད་བྱས་པའི་སྦྲུམ་རྟེན་འཇམ་ཁྲིད་ཀྱི་འདུ་ཤེས་ཀྱིས་འཚར་སྐྱེས་སྐྱེ་དངོས་རིག་པའི་ཡན་ལག་ཚུགས་པ་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

རིགས་དབྱེ།  

པེ་ལིན།

ཁོང(སྤྱི་ལོ1854ལོའི་ཟླ1པོའི་ཚེས5-སྤྱི་ལོ1917ལོའི་ཟླ3པའི་ཚེས31ཉིན་བར)ནི་འཇར་མན་གྱི་གསོ་རིག་མཁས་ཅན་ཞིག་ཡིན། མིད་པའི་དྭངས་ཁྲག་བཅོས་ཐབས་ལ་ཞིབ་འཇུག་བྱས་པས་སྤྱི་ལོ1901ལོའི་སྐབས་དང་པོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། པེ་ལིན་ནི་སྐབས་དེའི་ཕུའུ་ལུའུ་ཧྲིའི་རྒྱལ་ཁབ་ཀྱི་ཞི་ཕུའུ་ལུའུ་ཧྲི་ལུའོ་སེན་པའོ་རྫོང་གི་གྲོང་ཚོ་ཆུང་ཆུང་ཞིག་སྟེ་ཧན་སི་ཏུའོ་ཧྥུ་རུ་སྐུ་འཁྲུངས་ཤིང་།(ད་ལྟའི་པོ་ལན་གྱི་ཁོངས་སུ་གཏོགས) སྤྱི་ལོ1917ལོར་ཚེ་ལས་འདས།

རིགས་དབྱེ།  

ཀའོ་ཨེར་ཅི།

ཁཱ་སྨི་ལུའོ•ཀའོ་ཨེར་ཅི་ནི(སྤྱི་ལོ1843ལོའི་ཟླ7པའི་ཚེས7ནས་སྤྱི་ལོ1926ལོའི་ཟླ1པོའི་ཚེས21ཉིན་བར)ཕུལ་དུ་བྱུང་བའི་དབང་རྩའི་གཤགས་ལས་རིག་པ་བ་དང་། དབང་རྩའི་ཕུང་གྲུབ་རིག་པ་བ། ནད་ལུགས་རིག་པ་བ་བཅས་ཡིན། ཁོང་གིས་སྐད་གྲགས་ཆེ་བའི་ཁིར་སྐྱུར་ཚྭ་སྟེ་ཟེ་སྐྱུར་དངུལ་གྱི་བྱེད་ཐབས་གསར་གཏོད་བྱས་ཏེ། དབང་རྩའི་ལྟེ་བའི་མ་ལག་ལ་ཞིབ་འཇུག་བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་བཏོད་པ་རེད། དེང་རབས་སྐྱེ་དངོས་ཚན་རིག་གི་རྨང་གཞིའི་གཞུང་ལུགས་ཤིག་སྟེ། དབང་རྩའི་རྒྱུའི་གཞུང་ལུགས་ནི་ཁོང་གི་ཞིབ་འཇུག་གི་རྨང་གཞིའི་སྟེང་བཙུགས་པ་ཡིན། ཁོང་གིས་སྤྱི་ལོ1906ལོར་ཁ་ཧ་ཨེར་དང་མཉམ་དུ་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་པ་དང་། སྐབས་དེའི་དབྱི་ཐ་ལིར་འཛམ་གླིང་ཐོག་མཚན་སྙན་ལྡན་པའི་གསོ་རིག་ཚན་རིག་པ་ཞིག་རེད།

རིགས་དབྱེ།  

ཁུ་ཧུ།

ལུའོ་པོ་ཐི•ཁུ་ཧུ།(སྤྱི་ལོ1843-སྤྱི་ལོ1910ལོའི་བར)འཇར་མན་གྱི་སྨན་པ་དང་འབུ་ཕྲ་རིག་པ་བ། འཛམ་གླིང་གི་ནད་གཞི་འབུ་ཕྲ་རིག་པའི་རྨང་གཞི་འདིང་མཁན་དང་གསར་གཏོད་པ་བཅས་ཡིན། ཁོས་གསོ་རིག་བྱ་གཞག་ལ་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་དེས་ཁོང་འཛམ་གླིང་གསོ་རིག་ཁྱབ་ཁོངས་ནང་མཚན་སྙན་གྲགས་གང་སར་ཁྱབ་ཡོད། སྤྱི་ལོ1905ལོར་ནོ་པེར་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ལུའོ་སི།

ཁོང(སྤྱི་ལོ1857ལོའི་ཟླ5ཚེས13ཉིན་ནས་སྤྱི་ལོ1932ལོའི་ཟླ9ཚེས16ཉིན་བར)ནི་དབྱིན་ཇིའི་སྨན་པ་དང་། དབྱིན་ཇིའི་སྐྱེ་དངོས་ཕྲ་རབ་རིག་པ་བ། ཚ་ཁུལ་གྱི་ནད་སྨན་པ་བཅས་ཡིན། སྔོན་དམག་མིའི་ཐོབ་ཐང་གི་ངོས་ཐད་ནས་འབར་མའི་དམག་འཁྲུག་ཐེངས་གསུམ་པར་ཞུགས་པ་དང་། དུས་མཚུངས་སུ་ཁོང་གིས་ཀྱང་སྙན་ངག་དང་བརྩམས་སྒྲུང་འགའ་བྲིས་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོའི་ལེགས་སྐྱེས་ཆེ་ཤོས་ནི་དུག་སྦྲང་ནི་འདར་ནད་འགོ་བའི་སྦྲེལ་མཚམས་སུ་གྱུར་ཡོད་པ་ཐག་ཆོད་གནང་། དེ་བས་སྤྱི་ལོ1902ལོར་ནོ་པེར་ལུས་ཁམས་རིག་པ་དང་གསོ་རིག་གི་བྱ་དགའ་ཐོབ།

རིགས་དབྱེ།  

ཧྥེན་སིན།

ཁོང་ནི(སྤྱི་ལོ1860ལོའི་ཟླ12ཚེས15ཉིན་ནས་སྤྱི་ལོ1904ལོའི་ཟླ9ཚེས24ཉིན་བར)ཏེན་མག་ཧྥ་ལུའོ་ནས་ཡོང་བའི་སྨན་པ་དཀའ་བཅུ་པ་དང་ཚན་རིག་མཁས་ཅན་ཞིག་རེད། སྤྱི་ལོ1903ལོར་ནོ་པེར་སྐྱེ་ཁམས་རིག་པ་དང་གསོ་རིག་གི་བྱ་དགའ་ཐོབ་མྱོང་ཞིང་། ཏེན་མག་གི་ནོ་པེར་བྱ་དགའ་ཐོབ་མཁན་ཐོག་མ་དེ་རེད། བྱ་དགའ་ཐོབ་པའི་རྒྱུ་རྐྱེན་ནི“ཁོང་གིས་ནད་གཞི་སྨན་བཅོས་བྱེད་པའི་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་བྱས་པ་དང་། ལྷག་པར་དུ་འཕྲོ་འོད་ཀྱིས་མེ་དབལ(lupus vulgaris)སྨན་བཅོས་བྱེད་པའི་གསོ་རིག་གི་བྱེད་ཐབས་གསར་པ་ཞིག་སྤེལ་འགོ་ཚུགས་པ་དེ་རེད”ཅེས་བཤད།

རིགས་དབྱེ།  

ལའ་མེང་ཁཱ་ཧཱ་ཨེར།

ཁོང(སྤྱི་ལོ1852ལོའི་ཟླ5པའི་ཚེས1ཉིན་ནས་སྤྱི་ལོ1934ལོའི་ཟླ10པའི་ཚེས17ཉིན་བར)ནི་སི་ཕན་གྱི་ནད་རིག་པ་བ་དང་རྩ་འཛུགས་རིག་པ་བ། དབང་རྩ་རིག་པ་བ་བཅས་ཡིན། སི་ཕེན་གྱི་ཨ་ལ་ཀུང་རང་སྐྱོང་ལྗོངས་སུ་སྐྱེས་ཤིང་། སྤྱི་ལོ1906ལོར་ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

རྒྱ་ཡེ་ཉི་མ།

ཁོང་ནི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་ལི་ཧྲི་གཞོན་པ་ཡིན།

རིགས་དབྱེ།  

ལཱ་ཝེ་ལང་།

ཁོང་ནི(སྤྱི་ལོ1845ལོའི་ཟླ6པའི་ཚེས18ཉིན་ནས་སྤྱི་ལོ1922ལོའི་ཟླ5པའི་ཚེས18ཉིན་བར)ནི་ཧྥ་རན་སིའི་སྨན་པ་དཀའ་བཅུ་པ་དང་། སྤྱི་ལོ1907ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཨའེ་ཁུ་མན།

ཁོང་ནི(སྤྱི་ལོ1858ལོའི་ཟླ8པའི་ཚེས11ཉིན་ནས་སྤྱི་ལོ1930ལོའི་ཟླ11པའི་ཚེས5ཉིན་བར)སྤྱི་ལོ1858ལོར་ཧོ་ལན་དུ་སྐུ་འཁྲུངས་ཤིང་། ཨ་མུའུ་སི་ཐེ་ཏན་སློབ་ཆེན་ནས་མཐར་ཕྱིན་རྗེས་ཧིན་རྡུ་ཉི་ཞི་ཡའི་དམག་མིའི་སྨན་པ་བྱེད་པར་བསྐྱོད་པ་དང་དེ་རྗེས་འདར་ནད་ཕོག་པའི་རྐྱེན་གྱིས་ཕྱིར་ལོག་པ་རེད། སྤྱི་ལོ1886ལོར་ཁོང་སླར་ཡང་ཧིན་རྡུ་ཉི་ཞི་ཡའི་ཀ་ཝ་རུ་ཕྱིར་ལོག་བྱས་ཏེ་ཚོད་ལྟ་ཁང་བཙུགས་ནས་མུ་མཐུད་དུ་རྐང་དྲི་ནད་ལ་ཞིབ་འཇུག་བྱས། ཁོང་གིས་རྐང་དྲི་ནད་ཀྱི་ནད་རྐྱེན་ནི་འབུ་ཕྲ་ལས་འགོས་པ་མིན་པར་འཚོ་རྒྱུB1མེད་པ་ཤེས། གསར་རྙེད་འདིས་ཁོ་ལ་སྤྱི་ལོ1929ལོར་ནོ་པེར་ལུས་ཁམས་རིག་པའི་བྱ་དགའ་ཐོབ། སྤྱི་ལོ1930ལོར་ཚེ་ལས་འདས།

རིགས་དབྱེ།  

ལན་ཏུ་སི་ཐའེ་ནཱ།

ཁོང་ནི་སྤྱི་ལོ1868ལོའི་ཟླ6པའི་ཚེས14ཉིན་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཡེ་ནཱར་སྐྱེས་ཤིང་། ཨོ་སི་ཁྲུ་རི་ཡའི་སྐད་གྲགས་ཆེ་བའི་གསོ་བ་རིག་པ་བ་དང་ལུས་ཁམས་རིག་པ་བ་ཞིག་ཡིན། ཝི་ཡེ་ནཱ་སློབ་ཆེན་གྱི་གསོ་རིག་སློབ་གླིང་ནས་མཐར་ཕྱིན་རྗེས་མུ་མཐུད་དུ་སློབ་གྲྭར་བསྡད་དེ་རྫས་འགྱུར་སློབ་སྦྱོང་བྱས། སྤྱི་ལོ1900ལོར་ཁྲག་རིགསAདངB,O,ABབཅས་ལས་རིགས་སྔོན་མ་གསུམ་གསར་རྙེད་བྱུང་བ་དང་། སྤྱི་ལོ1930ལོར་ནོ་པེར་གསོ་རིག་བྱ་དགའ་དང་ལུས་ཁམས་རིག་པའི་བྱ་དགའ་ཐོབ། སྤྱི་ལོ1943ལོར་སྐུ་གཤེགས།

རིགས་དབྱེ།  

ཧུའོ་ཕུའུ་ཅིན་སི།

ཁོང(སྤྱི་ལོ1861ལོའི་ཟླ6པའི་ཚེས20ནས་སྤྱི་ལོ1947ལོའི་ཟླ5པའི་ཚེས16ཉིན་བར)ནི་དབྱིན་ཇིའི་སྐྱེ་དངོས་རིག་པ་བ་ཞིག་ཡིན་ཞིང་། སྤྱི་ལོ1929ལོར་ཁེ་ལི་སི་ཏི་ཨན•ཨའེ་ཁེ་མན་དང་འཚོ་བཅུད་སྣ་ཚོགས་རྙེད་པའི་དབང་གིས་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་ཐོབ་པ་རེད། གཞན་ཡང་ཁོང་གིས་སྤྱི་ལོ1901ལོར་མདོག་ཨེམ་སྐྱུར(ཨན་རྨང་སྐྱུར་གཙོ་བོའི་གྲས་ཤིག)གསར་རྙེད་བྱུང་།

རིགས་དབྱེ།