ལི་ལན་ཅོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ལན་ཅོན།
ལི་ལན་ཅོན། བུད་མེད། སྤྱི་ལོ1947ལོའི་ཟླ9པའི་ཚེས13ཉིན་ཀྲེ་ཅང་ཧྲའོ་ཞིན་དུ་སྐྱེས། འགོས་ནད་རིག་པའི་མཁས་ཅན་དང་། ཀྲུང་གོའི་མིས་བཟོས་མཆིན་པ་གསར་སྤེལ་མཁན། རྒྱལ་ཁབ་ཀྱི་འགོས་ནད་གཙོ་གནད་རིག་ཚན་གྱི་སྣེ་ཁྲིད་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀྲེ་ཅང་སློབ་ཆེན་གསོ་རིག་པུ་ཡི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན། ཀྲེ་ཅང་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་དང་། རིམས་ནད་འགོག་བཅོས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་མཐོའི་ཆེད་མཁས་པའི་ཚོགས་ཆུང་གི་ཁོངས་མི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李兰娟
རྒྱལ་ཁོངས།
ཀྲུང་གོ།
སྐྱེས་ཡུལ།
ཀྲེ་ཅང་ཧྲའོ་ཞིན།
སྐྱེས་ལོ།
སྤྱི་ལོ1947ལོའི་ཟླ9པའི་ཚེས13ཉིན།
ལས་རིགས།
སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལས་ཀ་བྱེད་མཁན།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཀྲེ་ཅང་གསོ་རིག་སློབ་ཆེན།
གྲུབ་འབྲས་གཙོ་བོ།
སྤྱི་ལོ2005ལོར་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་རུ་བདམས།
རྟེན།
མོ།
ཁྱོ་ག།
ཀྲིན་ཧྲའུ་སིན།
1 མི་སྣ་ངོ་སྤྲོད།

ལི་ལན་ཅོན། བུད་མེད། སྤྱི་ལོ1947ལོའི་ཟླ9པའི་ཚེས13ཉིན་ཀྲེ་ཅང་ཧྲའོ་ཞིན་དུ་སྐྱེས། འགོས་ནད་རིག་པའི་མཁས་ཅན་དང་། ཀྲུང་གོའི་མིས་བཟོས་མཆིན་པ་གསར་སྤེལ་མཁན། རྒྱལ་ཁབ་ཀྱི་འགོས་ནད་གཙོ་གནད་རིག་ཚན་གྱི་སྣེ་ཁྲིད་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀྲེ་ཅང་སློབ་ཆེན་གསོ་རིག་པུའི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན། ཀྲེ་ཅང་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་དང་། རིམས་ནད་འགོག་བཅོས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་མཐོའི་ཆེད་མཁས་པའི་ཚོགས་ཆུང་གི་ཁོངས་མི་བཅས་ཡིན།
    ལི་ལན་ཅོན་གྱིས་གཙོ་བོ་འགོས་ནད་ཀྱི་ནད་ཐོག་སྨན་བཅོས་དང་། ཚན་རིག་ཞིབ་འཇུག་སློབ་ཁྲིད་བཅས་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པ་དང་། མཆིན་ཚད་སྣ་ཚོགས་དང་། འགོས་ནད་རང་བཞིན་གྱི་ནད། ཐོལ་བྱུང་འགོས་ནད་ཀྱི་སྨན་བཅོས་བཅས་ལ་མཁས། ལྷག་པར་དུ་མཆིན་པ་ཉམས་ཟད་དང་། ནད་དུག་རང་བཞིན་གྱི་མཆིན་ཚད། མཆིན་ནད་ཀྱི་སྣོད་བཅུད་ཕྲ་མོ་ཞིབ་འཇུག་བཅས་བྱེད་ཀྱིན་ཡོད། 

2 མི་སྣའི་བྱ་བའི་བརྒྱུད་རིམ།

སྤྱི་ལོ1947ལོའི་ཟླ9པའི་ཚེས13ཉིན་ལི་ལན་ཅོན་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་རྫོང་ཞ་ལུའེ་གྲོང་རྡལ་ཞ་ལུའེ་ཆའོ་སྡེ་བར་སྐྱེས། 

སྤྱི་ལོ1960ལོའི་ཟླ7པར། ལི་ལན་ཅོན་ཧྲའོ་ཞིན་ཞ་ལའོ་ལྟེ་བའི་སློབ་ཆུང་ནས་མཐར་ཕྱིན་རྗེས། ཧྲའོ་ཞིན་སློབ་འབྲིང་གསུམ་པར་འོས་སྐྱེལ་བྱས། 

སྤྱི་ལོ1963ལོར་ལི་ལན་ཅོན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་སློབ་འབྲིང་དང་པོ(ད་ལྟའི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་མཐོ་རིམ་སློབ་འབྲིང)་ཡིས་བསྡུས་ཤིང་། མཐོ་འབྲིང་སློབ་མཐར་ཕྱིན་རྗེས་ཁོང་ཞ་ལུའི་གྲོང་རྡལ་དུ་དགེ་རྒན་བྱས་པ་དང་འབྲེལ་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དུ་གསེར་ཁབ་སློབ་པ་རེད། དེ་རྗེས་རུ་ཆེན་གྱིས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གྲ་སྒྲིག་བྱས་པ་དང་། རུ་ཆེན་གྱི་ཀྲི་པུའི་ཧྲུའུ་ཅིས་ཁོ་མོ་རྐང་རྗེན་སྨན་པ་བྱེད་དུ་བཅུག་པ་དང་། ལི་ལན་ཅོན་གྱི་སྨན་བཅོས་ལམ་བུ་དེ་ནས་བཟུང་འགོ་ཚུགས། 

སྤྱི་ལོ1970ལོར་ལི་ལན་ཅོན་རུ་ཆེན་གྱིས་ཀྲེ་ཅང་གསོ་རིག་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་མངག་པ་རེད།

སྤྱི་ལོ1972ལོའི་ཟླ4བར་སློབ་གཉེར་བྱེད་བཞིན་པའི་ལི་ལན་ཅོན་གུང་ཁྲན་ཏང་ཡོན་ཞུགས།

སྤྱི་ལོ1973ལོའི་ཟླ6པར། ལི་ལན་ཅོན་ཀྲེ་ཅང་གསོ་རིག་སློབ་ཆེན་དུ་སློབ་མཐར་ཕྱིན་རྗེས། ཀྲེ་ཅང་གསོ་རིག་སློབ་ཆེན་ཁོང་གཏོག་སྨན་ཁང་དང་པོ་རུ་གཙོ་བཅོས་སྨན་པའི་འགན་བཞེས།

སྤྱི་ལོ1974ལོའི་ཟླ9པ་ནས་སྤྱི་ལོ1975ལོའི་ཟླ6པའི་བར་དུ། ལི་ལན་ཅོན་གྱིས་ཀྲེ་ཅང་གསོ་རིག་ཚན་ཁག་སློབ་ཆེན་དུ་རྨང་གཞིའི་གསོ་རིག་སྡེ་ཁག་གི་སློབ་སྦྱོང་བྱས།

སྤྱི་ལོ1983ལོའི་ཟླ9པ་ནས་སྤྱི་ལོ1984ལོའི་ཟླ1པོའི་བར་དུ། ལི་ལན་ཅོན་ཀྲེ་ཅང་ཞིང་ཆེན་འཕྲོད་བསྟེན་དབྱིན་ཡིག་ཟབ་སྦྱོང་སློབ་གྲྭའི་དབྱིན་ཡིག་ཁ་སྐད་འཛིན་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1984ལོའི་ཟླ8པར་ལི་ལན་ཅོན་ཀྲུང་གོ་ཏེན་མག་གསོ་སྦྱོང་ལྟེ་གནས་ཀྱིས་ཟླ་གཉིས་ཀྱི་སྐྱེ་དངོས་ཕྲ་རབ་རིག་པ་སློབ་སྦྱོང་བྱས།

སྤྱི་ལོ1986ལོར། ལི་ལན་ཅོན་མི་ཐབས་ལ་བརྟེན་ནས་མཆིན་པའི་གསོ་བཅོས་མཆིན་ཚད་ལྕི་རིགས་ཀྱི་ན་གཞོན་ཚན་ཞིབ་ཐེབས་རྩའི་གདན་ཞུ་བྱས་ནས། མི་ཐབས་ལ་བརྟེན་ནས་མཆིན་པའི་ལག་རྩལ་གྱི་ཞིབ་འཇུག་བྱེད་འགོ་བརྩམས།

སྤྱི་ལོ1993ལོའི་ཟླ10པ་ནས1996ལོའི་ཟླ10པའི་བར་དུ། ལི་ལན་ཅོན་ཀྲེ་ཅང་གསོ་རིག་སློབ་ཆེན་གྱི་ཁོང་གཏོགས་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ10པའི་བར། ལི་ལན་ཅོན་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཁོང་གཏོགས་སློབ་གླིང་དང་པོའི་དགེ་རྒན་ཆེ་མོའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ11པ་ནས་སྤྱི་ལོ2002ལོའི་ཟླ3པར། འཕྲོད་བསྟེན་པུའུ་ཡི་འགོས་ནད་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར།

སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ2008ལོའི་ཟླ3པའི་བར། ལི་ལན་ཅོན་གྱིས་ཀྲེ་ཅང་ཞིང་ཆེན་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2002ལོའི་ཟླ6པ་ནས་སྤྱི་ལོ2007ལོའི་ཟླ6པའི་བར། ལི་ལན་ཅོན་གྱིས་འཕྲོད་བསྟེན་པུའུ་ཡི་འགོས་ནད་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། 

སྤྱི་ལོ2002ལོར་མཆིན་པ་ཉམས་ཟད་དང་མིས་བཟོས་མཆིན་པའི་རིག་པའི་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་འཁུར་བ་དང་། ཀྲུང་གོའི《མི་ཐབས་མཆིན་པ་རྒྱབ་སྐྱོར་མ་ལག་གི་སྨན་བཅོས་ཕྱོགས་སྟོན》གཙོ་འཛིན་བྱས་ནས་གཏན་འབེབས་བྱས། 

སྤྱི་ལོ2003ལོར་ས་སི་གློ་ཚད་འགོག་རྒོལ་བྱེད་པའི་ལས་དོན་ཁྲོད་ལི་ལན་ཅོན་གྱིས་ཀྲེ་ཅང་ཞིང་ཆེན་གྱི“ས་སི་གློ་ཚད”འགོག་བཅོས་བྱ་རྒྱུ་བཏོན་པ་དང་འབྲེལ་གསར་གཏོད་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད། 

སྤྱི་ལོ2005ལོར་ལི་ལན་ཅོན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་པ་དང་། སྨན་བཅོས་འཕྲོད་བསྟེན་ཚན་ཁག(འགོས་ནད་དང་འགོས་ནད་རིག་པ)ཁོངས་སུ་གཏོགས། 

སྤྱི་ལོ2014ལོར་ཧོ་ལེའང་ཧོ་ལི་ཐེབས་རྩ་ཚན་རིག་དང་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཐོབ།

སྤྱི་ལོ2016ལོར་སྐབས་བཅུ་གཅིག་པའི་ཀོང་ཧྭ་ལས་གྲྭའི་ཚན་རྩལ་བྱ་དགའ་ཐོབ།

སྤྱི་ལོ2018ལོའི་ཟླ་དང་པོར་ལི་ལན་ཅོན་ཚོགས་པར་སྤྱི་ལོ2017ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་དམིགས་བསལ་བྱ་དགའ་ཐོབ། 

སྤྱི་ལོ2020ལོའི་ཟླ2པའི་ཚེས11ཉིན་ཡོན་ཧྲི་ལི་ལན་ཅོན་ཧུའུ་པེ་ཞིང་ཆེན་མི་དམངས་སྨན་ཁང་ཤར་ཁུལ་གྱིICUརུ་བསྐྱོད་དེ་ནད་པ་ཚང་མའི་ནད་གཞི་དབྱེ་ཞིབ་བྱས་པ་དང་འབྲེལ་སྨན་བཅོས་ཇུས་གཞི་ཡང་བཏོན་པ་རེད། 

3 གྲུབ་འབྲས་གཙོ་བོ།
3_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།
3_1_1 ཚན་ཞིབ་ཕྱོགས་བསྡུས་གླེང་བ། 

ལི་ལན་ཅོན་གྱིས་འགོས་ནད་ཀྱི་ནད་ཐོག་སྨན་བཅོས་དང་། ཚན་རིག་ཞིབ་འཇུག སློབ་ཁྲིད་བཅས་ཀྱི་ལས་ཀ་ལོ40ལྷག་ཙམ་ལ་གཉེར་བ་དང་། མཆིན་ཚད་དང་། འགོས་ནད་རང་བཞིན་གྱི་ནད། ཐོལ་བྱུང་འགོས་ནད་ཀྱི་སྨན་བཅོས་བཅས་ལ་མཁས། ལྷག་པར་དུ་མཆིན་པ་ཉམས་ཟད་དང་། ནད་དུག་རང་བཞིན་གྱི་མཆིན་ཚད། མཆིན་ནད་ཀྱི་སྣོད་བཅུད་ཆུང་གྲས་བཅས་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ཀྲུང་གོའི་མིས་བཟོས་མཆིན་པ་གསར་འབྱེད་པ་ཞིག་ཡིན་པའི་ངོས་ནས་ཐུན་མོང་མ་ཡིན་པའི་ནུས་ལྡན་གྱི་ལི་ཧྲི་མིས་བཟོས་མཆིན་པ་རྒྱབ་སྐྱོར་མ་ལག་བཙུགས་ནས་མཆིན་ཚད་ལྕི་རིགས་སྨན་བཅོས་བྱས་པར་ཚད་བརྒལ་ཆེན་པོ་བྱུང་ཡོད། འགོས་ནད་ཕྲ་མོའི་སྐྱེ་ཁམས་རིག་པའི་གཞུང་ལུགས་ཐོག་མར་བཏོན་པ་དང་། སྐྱེ་ཁམས་ཕྲ་མོའི་ཕྱོགས་ནས་འགོས་ནད་བྱུང་ཚུལ་དང་། འཕེལ་རྒྱས། མཇུག་འབྲས་བཅས་ལ་ཞིབ་ལྟ་བྱས་ཏེ། འགོས་ནད་འགོག་བཅོས་ལ་བསམ་ཕྱོགས་གསར་པ་འདོན་སྤྲོད་བྱས་པ་མ་ཟད། ད་དུང་གཞི་རྒྱུའི་ཕྱོགས་ནས་རྒྱུ་མའི་འབུ་ཕྲའི་ཚོགས་དང་མཆིན་པ་སྲ་འགྱུར་གྱི་གསང་བ་ཐོག་མར་གསལ་སྟོན་བྱས་ཡོད། 

མཆིན་ཚད་ལྕི་རིགས་ཀྱི་ནད་པའི་རྒྱུ་ལམ་སྐྱེ་ཁམས་ཕྲ་མོའི་འགྱུར་ལྡོག་ཆོས་ཉིད་ཐོག་མར་གསལ་སྟོན་བྱས་པ་དང་། རྒྱུ་ལམ་སྐྱེ་ཁམས་ཕྲ་མོའི་འགྱུར་ལྡོག་དང་མཆིན་ཚད་ལྕི་རིགས་བྱུང་བ་དང་འཕེལ་རྒྱས་ཀྱི་འབྲེལ་བ་གསལ་བཤད་བྱས་ཏེ། མཆིན་ཚད་ལྕི་རིགས་ཀྱི་ནད་འབྱུང་བའི་ནང་རྐྱེན་གྱི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་། B/Eནི་རྒྱུ་མའི་རྩ་སྤོས་རྒྱག་ཤུགས་ཀྱི་དམིགས་ཚད་གསར་པ་ཡིན་པ་དང་། དེས་རྒྱུ་མའི་སྐྱེ་ཁམས་ཕྲ་མོའི་རྨང་གཞི་དང་ཉེར་སྤྱོད་ཞིབ་འཇུག་ལ་ཕྱི་རོལ་ཡུལ་གྱི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ནད་འབུ་མེད་པའི་བྱི་བ(རྒྱལ་ཁབ་ཀྱི་སྨན་རྫས་སྐྱེ་དངོས་བཟོས་རྫས་ཞིབ་དཔྱད་གཏན་འཁེལ་ཁང་གིས་དཔྱད་སྡོམ་བྱས་ཟིན)གྲུབ་འབྲས་ཐོབ་པའི་ངང་གསོ་སྤེལ་བྱས་ནས་ནད་འབུ་མེད་པའི་སྲོག་ཆགས་ཀྱི་ཚོད་ལྟའི་ཞིབ་འཇུག་ལས་སྟེགས་བཙུགས། ཕྲ་སྲིན་སྨན་བཟོད་ཞིབ་འཇུག་ལ་མཐོང་ཆེན་བྱས་ཏེ། ཕྲ་སྲིན་སྨན་བཟོད་ཞིབ་འཇུག་ཚན་ཆུང་གིསβ-ནང་ཤན་ཨེན་རྩབས་ཀྱི་རྒྱུད་རྒྱུ་གསར་བ་དང་། ཞིབ་འཇུག་བྱ་གཞི་ཚོགས་ཆུང་གི་སྣེ་ཁྲིད་དེSARSནད་དུག་སྐྱེད་སྲིང་བྱས་པ་དང་འབྲེལ་རྒྱུད་རྒྱུ་ཧྲིལ་པོའི་ཚད་འཇལ་གོ་རིམ་ལེགས་གྲུབ་བྱུང་ནས་ཀྲུང་གོའི་སྐམ་ས་ཆེ་མོའི་སྡོང་རྐང་གཉིས་པGenBankཐོ་འགོད་བྱས་པ་དང་། PBMCནང་འདྲ་བཟོ་རིགསSARS-CoVགནས་པ་ཐོག་མར་ཤེས་རྟོགས་བྱུང་བ་དང་། “ས་སི་གློ་ཚད”ཀྱི་ནད་འབྱུང་བའི་ལམ་སྲོལ་གསལ་སྟོན་དོན་སྙིང་ངེས་ཅན་ལྡན།

ལི་ལན་ཅོན་གྱིས་ཐུན་མོང་མ་ཡིན་པའི་ནུས་ལྡན་གྱི་མིས་བཟོས་མཆིན་པ་རྒྱབ་སྐྱོར་མ་ལག་གིས་མཆིན་ཚད་ལྕི་རིགས(ALSS)སྨན་བཅོས་བྱས་པས་མྱུར་གཤིས་དང་མྱུར་གཤིས་ཕལ་བའི་མཆིན་ནད་ལྕི་རིགས་ཀྱི་ཤི་ཚད88.1%ནས21.1%བར་ཇེ་དམའ་རུ་ཕྱིན་པ་དང་། མཆིན་པ་ལྕི་རིགས84.6%ནས56.6%བར་ཆག་ཡོད། ALSSལག་རྩལ་ཚད་ལྡན་བཟོ་རྒྱུ་དེ་རྒྱལ་ཡོངས་ཀྱི་ཚད་གཞིར་བརྩིས་ནས་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་བ་དང་། ཀྲུང་གོའི་མིའི་འབྱུང་ཁུངས་རང་བཞིན་གྱི་མཆིན་པའི་ཕྲ་ཕུང་མ་ལག་དང་པོ་བཙུགས།  གསར་འཛུགས་གོམ་པ་བཞིའི་ནང་དུ་མཆིན་པའི་ཕྲ་ཕུང་གི་བྱེད་ཐབས་གསར་པ་བཏོད་པ། མཉམ་བསྲེས་རྣམ་པའི་མིས་བཟོས་མཆིན་པ་གསར་པ་འཛུགས་བྱེད་པ། མཆིན་པའི་རྒྱུ་མར་ལྕི་བའི་སྣོད་བཅུད་འགྱུར་ལྡོག་གི་ཆོས་ཉིད་ཐོག་མར་གསལ་སྟོན་བྱས།

3_1_2 རིག་གཞུང་ཆེད་རྩོམ།

སྤྱི་ལོ2016ལོའི་ཟླ12པའི་བར་ལི་ལན་ཅོན་གྱིས་དཔྱད་རྩོམ400ལྷག་ཙམ་སྤེལ་བ་དང་། དེའི་ནངNatureདང་། Lancet  NEJMསོགསSCIབསྡུས་པའི་དུས་དེབ200ལྷག་ཙམ་ཡོད་པ་རེད། གཙོ་སྒྲིག་པས་ཀྲུང་གོའི《མིས་བཟོས་མཆིན་པ》དང་། 《སྣོད་བཅུད་ཕྲ་མོ་འགོས་པ》སློབ་གསོ་པུའི་འཆར་འགོད་སློབ་གཞི《འགོས་ནད་རིག་པ》སོགས་ཆེད་རྩོམ36པར་སྐྲུན་བྱས།

3_1_3  རིག་གཞུང་སྤེལ་རེས། 

ལི་ལན་ཅོན་གྱིས་རྒྱལ་སྤྱི་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རྒྱལ་ཡོངས་ཀྱི་མིའི་ཐབས་ལ་བརྟེན་ནས་བཟོས་པའི་མཆིན་པའི་ཚོགས་འདུ་གཙོ་གཉེར་བྱས་པ་དང་། འཇར་པན་སོགས་རྒྱལ་ཁབ་དང་ཆེད་ལས་མཉམ་ལས་བྱས་ནས་རྒྱལ་སྤྱིའི་ཁྲག་གཙང་འགྱུར་སློབ་ཚོགས་ཀྱི་ཀྲུང་གོའི་ལས་འཛིན་གྱི་འགན་འཁུར་ཡོད། རྒྱལ་སྤྱི་དང་ཀྲུང་གོའི་རྒྱལ་ནང་གི་རིག་གཞུང་ཚོགས་འདུ་ཐེངས་མང་གཙོ་གཉེར་བྱས་པ་དང་འབྲེལ་གདན་ཞུས་ལྟར་འཇར་པན་དང་དབྱི་ཐ་ལི་སོགས་རྒྱལ་ཁབ་ཏུ་སློབ་ཁྲིད་དང་སྤེལ་རེས་བྱེད་པར་བསྐྱོད་དེ་འཇར་པན་ཀང་ཧྲན་སློབ་ཆེན་དང་མིས་བཟོས་མཆིན་པའི་མཉམ་ལས་ཞིབ་འཇུག་གི་འབྲེལ་བ་བཙུགས།

4 སྒྲུབ་འགན་འཁུར་བའི་རྣམ་གྲངས། 

སྤྱི་ལོ2018ལོའི་ཟླ11པའི་བར་ལི་ལན་ཅོན་གྱིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ལག་རྩལ་མཐོ་བའི་ཞིབ་འཇུག་འཕེལ་རྒྱས་འཆར་གཞི(863འཆར་གཞི)དང་། རྒྱལ་ཁབ་ཀྱི་གཙོ་གནད་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་འཆར་གཞི(973འཆར་གཞི)“ལོ་ལྔའི་འཆར་གཞི་ཨང་བཅུ་བ”རྒྱལ་ཁབ་ཀྱི་ཚན་རྩལ་འགག་སྒྲོལ་འཆར་གཞི། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་གཙོ་གནད་རྣམ་གྲངས་སོགས་ཞིབ་འཇུག་བྱ་གཞི20ལྷག་ཙམ་གྱི་འགན་འཁུར།

5   ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ། 

སྤྱི་ལོ2016ལོའི་ཟླ12པའི་བར་ལི་ལན་ཅོན་ལ་སྔ་རྗེས་སུ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ2དང་། རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ(གསར་གཏོད་ཚོགས་པ)1རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ2 ཀྲེ་ཅང་ཞིང་ཆེན་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ6བཅས་ཐོབ།

6 མི་སྣ་འཇོན་ཐང་ཅན་བསྐྱེད་སྲིང་།
6_1  སློབ་གསོའི་འདུ་ཤེས།

ལི་ལན་ཅོན་གྱིས་ཚན་རིག་དང་མཐུན་པའི་ཚན་ཞིབ་ཤེས་ལྡན་མི་སྣ་དང་ལྷག་པར་དུ་གཞོན་ནུ་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ནས་ཁོང་ཚོའི་ཚན་ཞིབ་ནུས་པ་གསོ་སྐྱོང་བྱེད་དགོས་པ་མ་ཟད། ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། ཁོ་མོས་སློབ་མར་ཚན་རིག་ཞིབ་འཇུག་བྱེད་པར་ངེས་པར་དུ་གཟབ་ནན་དང་བདེན་འཚོལ་བྱེད་དགོས་པ་ལས། རྫུན་མ་གཏན་ནས་བྱས་མི་ཆོག འབུམ་རམས་སློབ་མ་དང་རབ་འབྱམས་པའི་སློབ་མ་ལི་ལན་ཅོན་གྱི་རུ་ཁག་ཏུ་ཡོང་ནས་སློབ་དཔོན་ཡིན་པའི་ཁོང་གིས་སློབ་མར་སྔོན་ལ་ཞིབ་འཇུག་གི་ཁ་ཕྱོགས་གཏན་འཁེལ་བྱས་རྗེས། ཁོང་ཚོ་རང་ཉིད་ཀྱིས་འདོན་སྤེལ་དང་བསམ་གཞིག་བྱས་རྗེས་ཇུས་གཞི་ཞིག་བཏོན་ནས་ཁ་བྱང་གི་སྙན་ཞུ་བྲིས་ཏེ་སློབ་མའི་རང་བརྟེན་བསམ་གཞིག་ནུས་པ་དང་ཚན་ཞིབ་ནུས་པ་གསོ་སྐྱོང་བྱེད་དུ་བཅུག་པ་རེད། ལི་ལན་ཅོན་གྱིས་མི་ཞིག་གསོ་སྐྱོང་བྱེད་པའི་གལ་ཆེ་ཤོས་ནི་འཇོན་ཐང་གསོ་སྐྱོང་བྱས་ཏེ་ཁོང་ཚོར་བསམ་བློ་གཏོང་མཁས་པ་དང་། བརྗོད་གཞི་ཇུས་འགོད་བྱེད་མཁས་པ། ཞིབ་འཇུག་བྱེད་མཁས་པ། རྩོམ་འབྲི་མཁས་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་དེ་ནི་ཚན་རིག་ཞིབ་འཇུག་གི་ཐད་གསོ་སྐྱོང་བྱ་རྒྱུ་ཁོ་ན་ཙམ་མ་ཡིན་པར་། དེ་བས་གལ་ཆེ་བ་ཞིག་ནི་ཀུན་སྤྱོད་དང་། མི་ཚུལ་ལྡན་ཞིག་བྱེད་པའི་ཐད་ད་དུང་ཁོ་ཚོ་གསོ་སྐྱོང་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཚན་རིག་གི་སྙིང་སྟོབས་གསོ་སྐྱོང་བྱེད་དགོས།

6_2 སློབ་ཁྲིད་ཁྱབ་གདལ་གཏོང་བ།


སྤྱི་ལོ2001ལོ་ནས་བཟུང་ལི་ལན་ཅོན་གྱིས་ལོ་རེར་མི་ཐབས་ལ་བརྟེན་ནས་མཆིན་པ་ཁྱབ་གདལ་གཏོང་བའི་འཛིན་གྲྭ་ཐེངས་གཅིག་གཉེར་ནས་རང་ཉིད་ཀྱི་ཚན་ཞིབ་གྲུབ་འབྲས་དང་། སྨན་བཅོས་བྱེད་ཐབས་རིན་མ་བླངས་པར་སྨན་པ་དེ་བས་མང་བར་སློབ་ཁྲིད་བྱས།

6_3 གཟེངས་བསྟོད་མཚན་སྙན།


དུས་ཚོད།
གཟེངས་བསྟོད་མཚན་སྙན།
སྤྱི་ལོ1999ལོར། འཕྲོད་བསྟེན་པུའུ་ཡིས་བྱས་རྗེས་གཟེངས་ཐོན་བཞག་པའི་ན་གཞོན་ཆེད་མཁས་པ།
སྤྱི་ལོ2005ལོར།  ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི(སྨན་བཅོས་འཕྲོད་བསྟེན་རིག་པ)
སྤྱི་ལོ2010ལོར། “རྒྱལ་ཡོངས་ཀྱི་ཚན་རྩལ་ལས་བྱེད་པ་ཕུལ་བྱུང”གི་མཚན་སྙན་ཐོབ།
སྤྱི་ལོ2014ལོར།  ཧོ་ལིའང་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་ཡར་ཐོན་གྱི་བྱ་དགའ།
སྤྱི་ལོ2014ལོར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་འཁོར་ཚན་རྩལ་གསར་གཏོད་མི་སྣ།
སྤྱི་ལོ2014ལོར། “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི”མཚན་སྙན་ཐོབ་པ།
སྤྱི་ལོ2016ལོའི་ཟླ6པའི་ཚེས1ཉིན། སྐབས་བཅུ་གཅིག་པའི་ཀོང་ཧྭ་ལས་གྲྭའི་ཚན་རྩལ་བྱ་དགའི་ལས་གྲྭའི་བྱ་དགའ།
སྤྱི་ལོ2016ལོར། སྐབས་དགུ་པའི་ཐན་ཅ་ཀྲེན་ཚན་རིག་བྱ་དགའ་ནད་ཐོག་གསོ་རིག་བྱ་དགའ།


7 སྤྱི་ཚོགས་ཀྱི་ལས་འགན་འཁུར་བ།


སྤྱི་ལོ2006ལོའི་ཟླ11པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར། སྤྱི་ལོ2006ལོའི་ཟླ11པ་ནས་སྤྱི་ལོ2011ལོའི་ཟླ11བར་དུ།ཀྲེ་ཅིང་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་སྐབས་བརྒྱད་པའི་ཀྲུའུ་ཞི། 
སྤྱི་ལོ2007ལོར།
ཀྲུང་གོ་འཕྲོད་བསྟེན་ཆ་འཕྲིན་སློབ་ཚོགས་ཀྱི་སྐབས་དྲུག་པ་དང་བདུན་པའི་ཚོགས་གཙོ་གཞོན་པ།
སྤྱི་ལོ2008ལོའི་ཟླ1པོར།
ཀྲེ་ཅང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།
སྤྱི་ལོ2008ལོའི་ཟླ3པ་ནས་སྤྱི་ལོ2013ལོའི་ཟླ3པ།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཨུ་ཡོན། 

ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ལས་འཛིན་དང་ཚོགས་གཙོ་གཞོན་པ།

ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྲེ་ཅང་ཞིང་ཆེན་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། 

ཀྲུང་ཧྭ་གསོ་རིག་སློབ་ཚོགས་འགོས་ནད་ཡན་ལག་མཐུན་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་དང་མཆིན་པ་ཉམས་ཟད་དང་མིས་བཟོས་མཆིན་ནད་རིག་པའི་ཚོགས་ཆུང་གི་ཙུའུ་ཀྲང་།

ཀྲུང་གོའི་བུད་མེད་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། 

ཀྲུང་ཧྭ་སྔོན་འགོག་གསོ་རིག་སློབ་ཚོགས་སྐྱེ་ཁམས་ཕྲ་རབ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ།

 རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་གསོ་རིག་འཆར་འགོད་བསླབ་གཞི《འགོས་ནད་རིག་པ》ཞེས་པའི་རྩོམ་སྒྲིག

རྒྱལ་ཡོངས་ཀྱི་མིས་བཟོས་མཆིན་པ་གསོ་སྦྱོང་རྟེན་གཞིའི་ཀྲུའུ་རེན། 

སློབ་གསོ་པུའུ་ཡི་སྐྱེ་དངོས་དང་གསོ་རིག་རིག་པའི་པུའུ་ཡི་ཀྲུའུ་རེན། 

ཀྲུང་གོའི་སྐྱེ་དངོས་གསོ་རིག་བཟོ་སྐྲུན་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ། 

ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་འགོས་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་པའི་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། 

རྒྱལ་སྤྱིའི་ཁྲག་གཙང་འགྱུར་སློབ་ཚོགས་ཀྱི་ལས་འཛིན།

  ཀྲེ་ཅང་ཞིང་ཆེན་གསོ་རིག་སློབ་ཚོགས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། 

 འགོས་ནད་སྨན་བཅོས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། 

འཕྲོད་བསྟེན་པུའུ་ཡི་འགོས་ནད་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན།

ཀྲེ་ཅང་ཞིང་ཆེན་གྱི་འགོས་ནད་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། 

ཀྲེ་ཅང་ཞིང་ཆེན་གྱི་མིས་བཟོས་མཆིན་པ་ལྟེ་གནས་ཀྱི་ཀྲུའུ་རེན། 

《ཀྲུང་གོའི་སྣོད་བཅུད་རིག་པའི་དུས་དེབ》དང《འགོས་ནད་དུས་དེབ》ཀྱི་རྩོམ་སྒྲིག་པ། 

《ཀྲུང་ཧྭ་འགོས་ནད་དུས་དེབ》དང《རྒྱལ་སྤྱིའི་རིམས་ནད་རིག་པའི་འགོས་ནད་རིག་པའི་དུས་དེབ》ཀྱི་གཙོ་སྒྲིག་པ་གཞོན་པ། 
8 མི་སྒེར་གྱི་འཚོ་བ།

ལི་ལན་ཅོན་གྱི་ཁྱོ་ག་ཀྲེན་ཧྲུའུ་སེན་ནི་མཆིན་པའི་མཁྲིས་རྨེན་ཕྱི་ནད་ཚན་ཁག་གི་ཆེད་མཁས་པ་དང་། དབང་པོ་སྤོས་འཛུགས་དང་དེ་བཞིན་དབང་པོ་མང་པོ་མཉམ་འབྲེལ་སྤོ་འཛུགས་ཀྱི་གསར་འབྱེད་པ་དང་། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཡིན། 

9 མི་སྣ་གདེང་འཇོག།

ལི་ལན་ཅོན་ནི་ཀྲུང་གོའི་མིས་བཟོས་མཆིན་པ་གསར་གཏོད་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ཁོང་གིས་ཐུན་མོང་མ་ཡིན་པའི་ནུས་ལྡན་གྱི་མིས་བཟོས་མཆིན་པ་རྒྱབ་སྐྱོར་མ་ལག་བཙུགས་ནས་མཆིན་ཚད་ལྕི་རིགས་སྨན་བཅོས་བྱས་པར་ཚད་བརྒལ་ཆེན་པོ་བྱུང་ཡོད། འགོས་ནད་ཕྲ་མོའི་སྐྱེ་ཁམས་རིག་པའི་གཞུང་ལུགས་ཐོག་མར་བཏོན་པ་དང་། སྐྱེ་ཁམས་ཕྲ་མོའི་ཕྱོགས་ནས་འགོས་ནད་ཀྱི་བྱུང་བ་དང་། འཕེལ་རྒྱས་དང་མཇུག་འབྲས་ལ་ཞིབ་ལྟ་བྱས་ཏེ་འགོས་ནད་འགོག་བཅོས་ལ་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད།

ལི་ལན་ཅོན་གྱིསSARSདང་། རྐང་ལག་ཁའི་ནད། ས་ཡོམ་གེགས་རྗེས་ཀྱི་རིམས་འགོག   H1N1ཀ་པ་སོགས་འགོས་ནད་སྨན་བཅོས་ཞིབ་འཇུག་གི་ལས་འགན་འཁུར་བ་དང་། ལྷག་པར་དུH7N9འདབ་ཆགས་ཆམ་རིམས་སྔོན་འགོག་ཚོད་འཛིན་གྱི་སྨན་བཅོས་ཞིབ་འཇུག་ཁྲོད་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་མང་པོ་ཐོབ་ནས་ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་ཚད་མཐོའི་གདེང་འཇོག་ཐོབ་ནས་ཀྲུང་གོའི་འགོས་ནད་སྨན་བཅོས་ཐད་ནུས་ཤུགས་གལ་ཆེན་བཏོན་ཡོད།

10 མི་སྣའི་ཤུགས་རྐྱེན།
10_1 ཧྲུའུ་སེན་ལན་ཅོན་ཡོན་ཧྲིའི་ཤེས་ལྡན་མི་སྣའི་ཐེབས་རྩ།

ཟླ5པའི་ཚེས25ཉིན་གྱི་སྔ་དྲོ་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་ཁོངས་གཏོགས་སྨན་ཁང་དང་པོའི་ཡོན་ཧྲི་ཀྲེང་ཧྲུའུ་སེན་དང་ལི་ལན་ཅོན་གཉིས་ཀྱིས་བཙུགས་པའི“ཧྲུའུ་སེན●ལན་ཅོན་ཡོན་ཧྲི་ཤེས་ལྡན་མི་སྣའི་ཐེབས་རྩ”ཀྲེ་ཅང་སློབ་ཆེན་དུ་བཙུགས་པ་རེད། ཐེབས་རྩ་དེ་ནི་ཆེད་དོན་སྤྱི་ཕན་ཐེབས་རྩ་ཡིན་པས་གསོ་རིག་ཚན་ཞིབ་དང་ནད་ཐོག་སྨན་བཅོས་ཁྱབ་ཁོངས་སུ་ཚད་བརྒལ་རང་བཞིན་གྱི་གསར་གཏོད་གྲུབ་འབྲས་ཐོབ་པའི་ཀྲུང་གོའི་ཕུལ་བྱུང་ཚན་རྩལ་ཤེས་ལྡན་མི་སྣར་གཙོ་གནད་ཐོག་བྱ་དགའ་སྤྲོད་རྒྱུ་དང་རྒྱལ་སྤྱིའི་གསོ་རིག་ཚན་རིག་མཁས་ཅན་སྐྱེད་སྲིང་བྱ་རྒྱུ་རེད།

10_2  ཧྲུའུ་ལན་གསོ་རིག་བྱ་དགའ། 

སྤྱི་ལོ2014ལོར་ཧྲུའུ་སེན●ལན་ཅོན་ཡོན་ཧྲིའི་ཤེས་ལྡན་མི་སྣའི་ཐེབས་རྩ་ལས་འཛིན་ལྷན་ཚོགས་ཀྱིས་ཧྲུའུ་ལན་གསོ་རིག་བྱ་དགའ་བཙུགས་ནས་ཀྲུང་གོའི་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཞོར་དུ། སློབ་གསོ་འཕེལ་རྒྱས་དང་། གསར་གཏོད་ལ་རོགས་སྐྱོར། མཁས་མཆོག་ལ་བྱ་དགའ་སྤྲོད་པ་བཅས་དམིགས་ཡུལ་དུ་བྱས་ཏེ་གསོ་རིག་ཁྱབ་ཁོངས་སུ་ཚད་བརྒལ་རང་བཞིན་གྱི་གསར་གཏོད་གྲུབ་འབྲས་ཐོབ་པའི་ཀྲུང་གོའི་རྒྱལ་ཁོངས་ཀྱི(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་པ)ཚན་རྩལ་ཤེས་ལྡན་མི་སྣར་གཙོ་གནད་ཐོག་བྱ་དགའ་སྤྲོད་པ་དང་རྒྱལ་སྤྱིའི་གསོ་རིག་ཚན་རིག་མཁས་ཅན་སྐྱེད་སྲིང་བྱས་ནས་ཀྲུང་གོའི་གསོ་རིག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གསོ་རིག་བྱ་དགའ། ཐེབས་རྩ་ཚོགས་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-27

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།