ཀྲུང་ནན་ཧྲན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ནན་ཧྲན།
ཀྲུང་ནན་ཧྲན། ཕོ། རྒྱ་རིགས། ཧྥུ་ཅན་ཞིང་ཆེན་ཞ་མོན་ནས་ཡིན། 1936ལོའི་ཟླ10པར་ནན་ཅིང་དུ་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། མིང་དུ་གྲགས་པའི་དབུགས་ལམ་ནད་རིག་པའི་ཆེད་མཁས། ཀྲུང་གོའི་དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་མཁན་གྱི་སྣེ་ཁྲིད་མི་སྣ་བཅས་ཡིན། ཀོང་ཀྲོའུ་གསོ་རིག་སློབ་གླིང་གི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི། ཀོང་ཀྲོའུ་གྲོང་ཁྱེར་དབུགས་ལམ་ནད་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ཀོང་ཀྲོའུ་དབུགས་ལམ་ནད་རིགས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས་མྱོང་། ད་ལྟ་རྒྱལ་ཁབ་དབུགས་ལམ་མ་ལག་ནད་རིགས་ཀྱི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མཐོ་རིམ་ཆེད་མཁས་ཚོགས་པའི་ཚོགས་གཙོའི་འགན་གཅིག་ལྕོགས་སུ་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
钟南山
དད་མོས།
གུང་ཁྲན་རིང་ལུགས།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
འཁྲུངས་ཡུལ།
ཅང་སུའུ་ནན་ཅིང་།
འཁྲུངས་དུས།
1936ལོའི་ཟླ10པ།
ལས་རིགས།
སློབ་གསོ་ཚན་རིག་ཞིབ་འཇུག་པ་དང་དབུགས་འབྱིན་རྔུབ་ནད་རིགས་ཀྱི་ཆེད་མཁས།
མཐར་ཕྱིན་སློབ་གྲྭ།
པེ་ཅིང་གསོ་རིག་སློབ་གླིང་།
གྲུབ་འབྲས་གཙོ་བོ།
1996ལོར་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་པ་དང་།  ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་སེམས་འགུལ་ཐེབས་སུ་འཇུག་པའི་ཀྲུང་གོའི་མི་སྣ100དང2003ལོའི་ཀྲུང་གོའི་སེམས་འགུལ་ཐེབས་སུ་འཇུག་པའི་མི་སྣ་བཅུ་ཡི་གྲས་སུ་བདམས།
1 ངོ་སྤྲོད་མདོར་བསྡུས།

ཀྲུང་ནན་ཧྲན་ལགས་ནི་ཧྥུ་ཅན་ཞིང་ཆེན་ཞ་མོན་ནས་ཡིན། 1936ལོའི་ཟླ10པར་ནན་ཅིང་དུ་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། མིང་དུ་གྲགས་པའི་དབུགས་ལམ་ནད་རིག་པའི་ཆེད་མཁས། ཀྲུང་གོའི་དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་མཁན་གྱི་སྣེ་ཁྲིད་མི་སྣ་བཅས་ཡིན། ཀོང་ཀྲོའུ་གསོ་རིག་སློབ་གླིང་གི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི། ཀོང་ཀྲོའུ་གྲོང་ཁྱེར་དབུགས་ལམ་ནད་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ཀོང་ཀྲོའུ་དབུགས་ལམ་ནད་རིགས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས་མྱོང་། 

ཀྲུང་ནན་ཧྲན་ལགས་ནི་གསོ་རིག་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་པ་དང་། 1959ལོའི་ཟླ9པར་སྐབས་དང་པོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ཀྲུང་ནན་ཧྲན་གྱིས་སྐར་ཆ54.4ཡི་གྲུབ་འབྲས་ཐོག་ནས་སྐྱེས་པའི་སྨི400ཅན་གྱི་ཨང་དང་པོ་བླངས་ཏེ་སྐབས་དེའི་རྒྱལ་ཡོངས་ཀྱི་ཟིན་ཐོ་བཀོད་ཡོད། 1960ལོར་པེ་ཅིན་གསོ་རིག་སློབ་གླིང(ད་ལྟའི་པེ་ཅིན་སློབ་གྲྭ་ཆེན་མོའི་གསོ་རིག་པུའུ)ནས་ཐོན། 2007ལོར་དབྱིན་ཇིའི་ཨའེ་ཏིང་པའོ་སློབ་ཆེན་གྱི་འབུམ་རམས་པའི་མཚན་སྙན་ཐོབ། 2007ལོའི་ཟླ10པར་དབུགས་འབྱིན་རྔུབ་ནད་རིགས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། 2014ལོར་ཤང་ཀང་རྒྱ་ཡིག་སློབ་ཆེན་གྱི་མཚན་འཛིན་རང་བྱུང་ཚན་རིག་གི་འབུམ་རམས་པའི་བསླབ་གནས་ཐོབ། 

ཀྲུང་ནན་ཧྲན་གྱིས་དུས་ཡུན་རིང་པོར་དབུགས་འབྱིན་རྔུབ་ཁོག་ནད་ཚན་ཁག་གི་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ་བཅས་ཀྱི་ལས་ཀ་བསྒྲུབས། གཙོ་བོ་གློ་ནད་དང་དབུགས་འབྱིན་རྔུབ་ཉམས་པ། དབུགས་ལམ་མ་ལག་གི་རྒྱུན་མཐོང་ནད་རིགས་ཚད་ལྡན་ཅན་གྱི་སྨན་བཅོས་དང་། དོགས་གནད་ཅན་གྱི་ནད་དང་། མཐོང་དཀོན་པའི་ནད་རིགས། དབུགས་འབྱིན་རྔུབ་ཀྱི་ནད་ལྗིད་མོའི་ལྟ་སྐྱོང་དང་སྨན་བཅོས་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱེད་བཞིན་ཡོད། 

ད་ལྟ་རྒྱལ་ཁབ་དབུགས་ལམ་མ་ལག་ནད་རིགས་ཀྱི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མཐོ་རིམ་ཆེད་མཁས་ཚོགས་པའི་ཚོགས་གཙོའི་འགན་གཅིག་ལྕོགས་སུ་བཞེས་ཀྱིན་ཡོད།

2 མི་སྣའི་བརྒྱུད་རིམ།

1936ལོའི་ཟླ10པར་ཀྲུང་ནན་ཧྲན་ནན་ཅིང་དུ་སྐྱེས་པ་དང་། ཁོང་གི་ཕ་ཀྲུང་ཧྲི་པོ་ལགས་ནི་ཀྲུང་གོའི་གྲགས་ཅན་གྱི་བྱིས་ནད་ཚན་ཁག་གི་ཆེད་མཁས་ཤིག་རེད། ཨ་མ་ལིའུ་ཡུའེ་ཆིན་ནི་ཀོང་ཏུང་ཞིང་ཆེན་སྐྲན་ནད་སྨན་ཁང་གི་སྲོལ་བཏོད་པ་པོའི་གྲས་ཀྱི་གཅིག་རེད། 
    
    1960ལོའི་ཟླ7པ་ནས1971ལོའི་ཟླ8པའི་བར་པེ་ཅིན་གསོ་རིག་སློབ་གླིང(ད་ལྟ་པེ་ཅིན་སློབ་ཆེན་གསོ་རིག་པུའུ)དུ་མཐར་ཕྱིན་ནས་སློབ་གླིང་དེ་གའི་འགྱེད་འཕྲོ་གསོ་རིག་སློབ་དཔྱོད་ཁང་གི་རམ་འདེགས་དགེ་རྒན་གྱི་འགན་བཞེས། 
    1974ལོའི་ཟླ4པ་ནས2002ལོའི་ཟླ12པའི་བར་ཀོང་ཀྲོའུ་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་དང་པོའི་ཁོག་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་དང་། ཀོང་ཀྲོའུ་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། ཀོང་ཀྲོའུ་གསོ་རིག་སློབ་གླིང་གི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས།
    1996ལོའི་ཟླ5པར་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ལ་བདམས། 
    1999ལོའི་ཟླ12པ་ནས2012ལོའི་ཟླ་10པའི་བར་ཀོང་ཀྲོའུ་གསོ་རིག་སློབ་གླིང་གི་ཞོར་གཏོགས་སློབ་གླིང་དང་པོའི་ཀོང་ཀྲོའུ་དབུགས་འབྱིན་རྔུབ་ནད་རིགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་དང་འགོ་འཛིན་གཞོན་པ། ཀྲུང་གོའི་བཟོ་སྐྲུན་ཁང་གི་སྨན་བཅོས་འཕྲོད་བསྟེན་བཟོ་སྐྲུན་རིག་པ་པུའུ་ཡི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་བཞེས། 
    2003ལོར། “དམིགས་བསལ་གློ་ཚད”བྱུང་སྐབས། ཀྲུང་ནན་ཧྲན་གཙོས་པའི་སྨན་དོན་མི་སྣས་དུས་ཡུན་རིང་པོར་འབད་བརྩོན་བྱས་ཏེ་དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱས།
    2004ལོར་“ཀྲུང་གོའི2003ལོར་སེམས་འགུལ་ཐེབས་སུ་འཇུག་པའི”མི་སྣ་བཅུའི་གྲས་སུ་བདམས་པ་རེད། 
    2007ལོར་དབྱིན་ཇིའི་ཨའེ་ཏིང་པའོ་སློབ་ཆེན་གྱི་འབུམ་རམས་པའི་མཚན་སྙན་ཐོབ། 
    2009ལོའི་ཟླ9པའི་ཚེས10ཉིན་“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་སེམས་འགུལ་ཐེབས་སུ་འཇུག་པའི་ཀྲུང་གོའི་མི་སྣ100”ཡི་ཁྲོད་བདམས།
    2010ལོར་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་འབུམ་རམས་པའི་མཚན་སྙན་ཐོབ།
    2012ལོའི་ཟླ10པ་ནས2013ལོའི་ཟླ7པའི་བར་ཀོང་ཀྲོའུ་གསོ་རིག་སློབ་གླིང་གི་ཞོར་གཏོགས་སློབ་གླིང་དང་པོའི་ཀོང་ཀྲོའུ་དབུགས་ལམ་ནད་ཡམས་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེན་མོ་དང་རྒྱུན་ལས་སུའོ་ཀྲང་གཞོན་པའི་འགན་བཞེས།
    2013ལོའི་ཟླ7པ་ནས་ད་ལྟའི་བར་ཀོང་ཀྲོའུ་དབུགས་འབྱིན་རྔུབ་ནད་གཞི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གི་འགན་བཞེས། 
    2014ལོར་ཤང་ཀང་རྒྱ་ཡིག་སློབ་ཆེན་གྱི་མཚན་འཛིན་རང་བྱུང་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། 
    2020ལོའི་ཟླ1ཚེས20ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་མཐོ་བའི་ཆེད་མཁས་ཚོགས་ཆུང་གིས་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་དང་ཀྲུང་ནན་ཧྲན་གྱིས་ཆེད་མཁས་ཚོགས་ཆུང་གི་ཚོགས་གཙོའི་འགན་བཞེས་པ་རེད།
    2020ལོའི་ཟླ1ཚེས21ཉིན་ཏོག་དབྱིབས་ནད་དུག་གསར་པ་མཉམ་འགོག་མཉམ་སྡོམ་ལས་དོན་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་བསྡུས་པ་དང་། ཀྲུང་ནན་ཧྲན་གྱིས་ཚོགས་གཙོའི་འགན་འཁུར་བ་རེད། 

3 གྲུབ་འབྲས་གཙོ་བོ།

ཀྲུང་ནན་ཧྲན་གྱིས་དུས་ཡུན་རིང་པོར་དབུགས་འབྱིན་རྔུབ་ཁོག་ནད་ཚན་ཁག་གི་སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག་བཅས་ཀྱི་ལས་བགྱིས་བཞིན་ཡོད་ཅིང་། གཙོ་བོར་དབུགས་འཚང་དང་། དལ་བའི་རང་བཞིན་གྱི་གློ་ནད་དང་། དབུགས་འབྱིན་རྔུབ་ཀྱི་ནུས་པ་ཉམས་པ། དབུགས་འབྱིན་རྔུབ་མ་ལག་གི་རྒྱུན་མཐོང་ནད་རིགས་ཀྱི་སྨན་བཅོས་དང་། དོགས་གནད་ཅན་གྱི་ནད་རིགས། མཐོང་དཀོན་པའི་ནད་རིགས། དབུགས་འབྱིན་རྔུབ་ཀྱི་ནད་ལྗིད་པའི་ནད་པའི་ལྟ་སྐྱོང་དང་སྨན་བཅོས་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཐེངས་དང་པོར་མི་མངོན་པའི་རང་བཞིན་གྱི་དབུགས་འཚང་བའི་ནད་ར་སྤྲོད་བྱས། ཁོང་གིས་འགོ་ཁྲིད་གནང་བའི་ཞིབ་འཇུག་ཁང་གིས་དལ་བའི་རང་བཞིན་དང་རྒྱུ་རྐྱེན་མི་གསལ་བའི་གློ་ལུ་ནད་གཞི་བརྟག་དཔྱད་བྱས་ཏེ་རྒྱལ་ཁ་ཐོབ་ཚད་85%ཟིན་པ་དང་ནད་ལྗིད་མོའི་ལྟ་སྐྱོང་ཁང་དུ་མྱུར་སྐྱོབ་བྱས་ཏེ་རྒྱལ་ཁ་ལོན་ཚད91%ཟིན་པ་རེད། དེ་མིན་ཁོང་གི་ལས་གཞི་མང་པོ་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་བྱ་དགའ་ཐེངས་མང་པོར་ཐོབ་མྱོང་། 

2010ལོའི་ཟླ9པའི་བར་ཀྲུང་ནན་ཧྲན་གྱིས་ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་གསོ་རིག་དུས་དེབ་ཐོག་དཔྱད་རྩོམ150ལྷག་ཙམ་སྤེལ་བ་དང་། དེའི་ནང་ཕྱི་རྒྱལ་དུ་སྤེལ་བའི་དཔྱད་རྩོམ་དགSCIཡིས་ཐེངས་81ལ་བཀོད་མྱོང་། ཁོང་གིས་གཙོ་སྒྲིག་མཛད་པའི་བརྩམས་ཆོས་ལ《དབྱིན་ཀྲུང་འཇར་གྱི་རིས་འགྲེལ་གསོ་རིག་ཚིག་མཛོད》དང་། 《Asthma》《དེང་རབས་ཀྱི་དབུགས་ལམ་ནད་ཀྱི་འཕེལ་རིམ》《འགོས་ནད་རང་བཞིན་གྱི་དམིགས་བསལ་གློ་ཚད་ཀྱི་ནད་ཐོག་སྨན་བཅོས》སོགས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-05

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།