ཡོངས་འཛིན་རིག་མཛོད། >ལུས་རྩལ། >སྤོ་ལོའི་ལུས་རྩལ། >གཞན་དག

དབྱུག་འཁྱོག་སྤོ་ལོ།

དབྱུག་འཁྱོག་སྤོ་ལོ་འདིའི་མིང་ཡོང་ཁུངས་ནི་ཧྥ་རན་སེའི་སྐད་ཡིན་ལ། བསྟན་དོན་ནི་ལུག་རྫིའི་ལག་རྟེན་ལ་གོ འཛམ་གླིང་སྟེང་གི་ལུས་རྩལ་རྣམ་གྲངས་ཁྲོད་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་བ་ཡིན། དབྱུག་འཁྱོག་སྤོ་ལོའི་བྱུང་བ་དེ་ཨོ་ལེན་ཕིག་འགྲན་ཚོགས་ལས་ལོ1200འམ་དེ་ལས་སྔ་བ་རེད།

རིགས་དབྱེ།  

དབྱུག་རྩེད་སྤོ་ལོ།

དབྱུག་རྩེད་སྤོ་ལོ་ནི་དབྱུག་པས་སྤོ་ལོ་རྒྱག་པ་དེ་ཁྱད་ཆོས་གཙོ་བོ་ཡིན་པ་མ་ཟད། ད་དུང་ཐུན་མོང་རང་བཞིན་དང་འགྲན་རྒོལ་གྱི་རང་བཞིན་ལྡན་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

དར་ཐོག་སྤོ་ལོ།

དར་ཐོག་སྤོ་ལོ་ལ་དར་ཐོག་གི་དབྱུག་འཁྱོག་སྤོ་ལོ་ཡང་ཟེར། དར་ཐོག་སྤོ་ལོ་ཁ་ན་ཏ་ནས་དར་བ་དང་། རྗེས་སུ་ཡོ་རོབ་གླིང་གི་མེ་གླིང་བྱང་མའི་ས་ཆར་དར། སྤྱི་ལོ1908ལོར་པ་ལི་ནས་རྒྱལ་སྤྱིའི་དར་ཐོག་སྤོ་ལོའི་མནའ་འབྲེལ་ལྷན་ཚོགས་བཙུགས། སྤྱི་ལོ1924ལོར་དགུན་དུས་ཀྱི་ཨོ་རྩལ་འགྲན་སྡུར་རྣམ་གྲངས་སུ་ཚུད་པ་རེད།

རིགས་དབྱེ།  

ལེ་ཆིའུ་སྤོ་ལོ།

ལེ་ཆིའུ་སྤོ་ལོའི་ལག་རྩལ་གྱི་དཀའ་ཚད་དང་འགུལ་སྤྱོད་དྲག་ཚད་སོགས་དབྱུག་རྩེད་སྤོ་ལོ་ལས་དམའ་བས། རྗེས་སོར་སྐྱེས་མའི་ལུས་རྩལ་རྣམ་གྲངས་སུ་གྱུར་བ་རེད། ལེ་ཆིའུ་སྤོ་ལོའི་བྱུང་བ་ནི་དགོས་དབང་འདི་འདྲ་ཞིག་ལ་ཐུག་ཡོད་པ་སྟེ། གནམ་གཤིས་སྡུག་པོ་དང་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ཟང་ཟིང་འོག་དབྱུག་རྩེད་སྤོ་ལོའི་ལུས་རྩལ་དེ་དཔོང་སར་སྤར་བས་ལེ་ཆིའུ་སྤོ་ལོའི་ལུས་རྩལ་དུ་གྱུར་བ་རེད།

རིགས་དབྱེ།  

ལག་རྩེད་སྤོ་ལོ།

ལག་རྩེད་སྤོ་ལོ་ནི་གཟེབ་གྲུག་དང་རྐང་གྲུག་གི་ཁྱད་ཆོས་གཉིས་གཅིག་ཏུ་བསྡུས་ཏེ་འཕེལ་རྒྱས་བྱུང་བ་ཞིག་དང་། དེ་ནི་ལག་པས་རྩེད་ཅིང་སྤོ་ལོ་དེ་ཕ་རོལ་བའི་སྤོ་ལོའི་སྒོ་ནང་དུ་བརྫངས་ནས་སྐར་གྲངས་ལེན་པའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

སྐྱུ་རུའི་སྤོ་ལོ།

སྐྱུ་རུའི་སྤོ་ལོ་ནི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན་ཞིང་། དེ་དབྱིན་ཇི་དང་ནེའུ་ཙི་ལན། ཨ་རི། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། ལྗར་པན་སོགས་ཀྱི་རྒྱལ་ཁབ་ཏུ་དར་ཁྱབ་ཆེ་བ་ཡིན།

རིགས་དབྱེ།  

པོ་ལིན་སྤོ་ལོ།

པོ་ལིན་སྤོ་ལོ་ནི་ཤིང་གི་ཐང་གཅལ་སྟེང་དུ་སྤོ་ལོས་ཤིང་གི་བུམ་པ་དག་འགྱེལ་བར་བྱེད་པའི་ཁང་བའི་ནང་གི་རྩེད་མོའི་རིགས་ཤིག་ཡིན།

རིགས་དབྱེ།  

ལྡེབས་གྲུག

ལྡེབས་གྲུག་ནི་མི་གཉིས་ཀྱིས་ལག་ཏུ་སྤོ་ལོ་འགོག་བྱེད་ཀྱི་ཡོ་བྱད་ཅིག་བཟུང་ནས་ཁང་བའི་ནང་དུ་རྩིག་ལྡེབས་ངོས་སུ་སྤོ་ལོ་གཡུག་པའི་ལུས་རྩལ་གྱི་རིགས་ཤིག་ཡིན།

རིགས་དབྱེ།  

བསྒྲིལ་གྲུག

བསྒྲིལ་གྲུག་ནི་བསྒྲིལ་གྲུག་གིས་སྤོ་ལོའི་བུམ་པ་འགྱེལ་དུ་འཇུག་དགོས་པའི་ལུས་རྩལ་ཞིག་ཡིན། བསྒྲིལ་གྲུག་ལ་རོལ་རྩེད་རང་བཞིན་དང་། སྤྲོ་སྣང་རང་བཞིན། འགྲན་རྒོལ་རང་བཞིན། རྩལ་མཁས་རང་བཞིན་བཅས་ལྡན་ཞིང་། ལུས་ཕུང་དང་འདོད་བློ་སྦྱོང་བརྡར་བྱེད་ཀྱིན་ཡོད། བསྒྲིལ་གྲུག་ནི་ཁང་པའི་ནང་གི་བྱ་འགུལ་ཡིན་པས། དུས་ཚོད་དང་གནམ་གཤིས་སོགས་ཕྱི་རོལ་གྱི་ཆ་རྐྱེན་དང་། ལོ་ཚོད་ཀྱིས་ཚོད་འཛིན་མི་ཐེབས་པར་སློབ་སླ་ལ་རྩེད་སླ་བས་ཕོ་མོ་རྒན་གཞོན་ཀུན་ལ་འཕྲོད་པའི་ལུས་རྩལ་བྱ་འགུལ་ཞིག་ཡིན་པས། དེང་རབས་སྤྱི་ཚོགས་ཁྲོད་ཀྱི་དར་སྲོལ་གྱི་ལས་འགུལ་ཞིག་ཏུ་གྱུར་ཡོད་པ་དང་། ཡོ་རོབ་གླིང་དང་། ཨ་མེ་རི་ཁ། རྒྱ་མཚོ་ཆེན་པོའི་གླིང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁ་ཤས་བཅས་ཀྱི་དར་ཁྱབ་ཆེ་བའི་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར་ཡོད།

རིགས་དབྱེ།  

ཕའེ་ཆིའུ་སྤོ་ལོ།

ཕའེ་ཆིའུ་སྤོ་ལོ་ནི་རུ་ཁག་གཉིས་སུ་བགོས་ནས་རུ་ཁག་རེ་རེར་མི་སྣ6རེ་གཞོགས་གཉིས་སུ་འགྲེངས་ནས་རྒོལ་རེས་བྱེད་ཅིང་། དཀྱིལ་དུ་དྲ་བས་བཅད་ཡོད་ལ་ལག་པས་སྤོ་ལོ་དེ་དྲ་བས་ཕ་རོལ་ཏུ་འཕེན་པར་བྱེད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

དར་ངོས་སྤོ་ལོ།

དར་ངོས་སྤོ་ལོ་ནི་དར་ངོས་སུ་དར་ཤུད་སྟངས་སྟབས་དང་བདེ་ལྕག་འཁྱུག་པོས་དབྱུག་རྩལ་གཉིས་གཞི་གཅིག་ཏུ་གྲུབ་པའི་འགྲན་རྩོད་རང་བཞིན་ལྡན་པའི་སྤོ་ལོའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

སྒོ་གྲུག

སྒོ་གྲུག་ནི་བདེ་ཐང་དང་རྩྭ་ཐང་དུ་དབྱུག་ཤིང་གིས་ལྕགས་སྒོ་བརྒྱུད་པའི་རྩེད་མོ་ཞིག་ཡིན་ལ། དེར་དབྱུག་ཟླུམ་ཡང་ཟེར། སྒྲིག་སྲོལ་སྟབས་བདེ་ཞིང་བག་ཡངས་སྤྲོ་སྐྱིད་ལྡན་པ་ཞིག་ཡིན་པས། ཀླད་ཤུགས་སྐུལ་སྤེལ་གྱིས་ལུས་སེམས་གཉིས་ཀར་སྐུལ་འདེད་བྱེད་ཀྱི་ཡོད། དེའི་ཕྱིར་ཉེ་ལམ་རྒན་གཞོན་ཚང་མར་འཕྲོད་པའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

རྟ་རྩེད་སྤོ་ལོ།

རྟ་རྩེད་སྤོ་ལོ་ཞེས་པ་ནི་རྟ་ལ་ཞོན་ནས་དབྱུག་གུས་སྤོ་ལོར་གཞུས་ཏེ་སྒོ་ནང་དུ་འཇུག་པའི་ལུས་རྩལ་འགུལ་སྐྱོད་ཅིག་ཡིན་ལ། རྟ་རྩེད་སྤོ་ལོ་ལ་ཀྲུང་གོས་གནའ་དུས་སུ་ཅུས་ལ་རྡེག་པ་ཞེས་འབོད་དོ། །

རིགས་དབྱེ།  

ལག་གྲུག

ལག་གྲུག་ཅེས་པ་གླིང་ཆེན་ཡོ་རོབ་ཏུ་བྱུང་བའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན་ཞིང་། གཞི་རྩིའི་ཐོག་ནས་ལག་གྲུག་ནི་རྐང་གྲུག་དང་སྐྱུ་རུའི་སྤོ་ལོ་གཉིས་མཉམ་དུ་སྲེ་བའི་ལུས་རྩལ་ཞིག་ཡིན་པས། ལག་གྲུག་གི་སྒྲིག་སྲོལ་གཟེབ་གྲུག་སྒྲིག་སྲོལ་འཕེལ་ཚུལ་ལས་བྱུང་བ་ཞིག་གོ།

རིགས་དབྱེ།  

ཆུ་གྲུག

​ཆུ་གྲུག(Water polo)ཅེས་པ་ཆུ་ཐོག་ཏུ་ཐུན་མོང་གིས་སྤྱོད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན་ལ། དེ་ནི་ཆུར་རྐྱལ་བ་དང་མཉམ་དུ་ལག་གྲུག་དང་ཕྲེང་གྲུག་སྤོ་ལོའི་འགུལ་སྐྱོད་ཅིག་ཡིན་ཏེ། འགྲན་སྡུར་གྱི་དམིགས་འབེན་རྐང་གྲུག་འགྲན་སྡུར་དང་འདྲ་ལ། སྒོ་ནང་དུ་སྤོ་ལོ་འཕངས་པའི་མང་ཉུང་ལྟར་རྒྱལ་ཕམ་ཐག་གཅོད་བྱེད།

རིགས་དབྱེ།  

སྤྱི་ལོ2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར།

སྤྱི་ལོ2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་གླིང་ཆེན་ཆེ་གྲས་དྲུག་གི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་གཉེར་བའི་འགྲན་བསྡུར་རབ་དང་རིམ་པ་ཞིག་ཡིན་པ་དང་ཁྱོན་རྒྱལ་ཁབ་དང་ས་ཁུལ205ཡི་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་རུ་ཁག་སྐབས་འདིའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། སྤྱི་ལོ2022ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་འགྲན་བསྡུར་ལ་ཁྱོན་བསྡོམས་རུ་ཁག32ཞུགས་ཡོད། སྤྱི་ལོ2020ལོའི་ཟླ8ཚེས12ཉིན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་དང་ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་སྤྱི་ལོ2020ལོའི་ཟླ10པ་དང་ཟླ11པའི་སྤྱི་ལོ2022ལོའི་འཛམ་གླིང་གི་གྲ་སྒྲིག་འགྲན་བསྡུར་ཨེ་ཤེ་ཡའི་ཁུལ་དང་སྤྱི་ལོ2023ལོའི་ཨེ་ཤེ་ཡའི་བུམ་པའི་སྔོན་འདེམས་འགྲན་བསྡུར་དེ་སྤྱི་ལོ2021ལོའི་བར་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

རིགས་དབྱེ།  

སྤྱི་ལོ2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ཁུལ་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར།

སྤྱི་ལོ2020ལོའི་ཟླ3པའི་ཚེས13ཉིན་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་ཀྱིས་སྤྱི་ལོ2020ལོའི་ཟླ3པའི་ཚེས23ནས་ཚེས31ཉིན་བར་བྱ་རྒྱུའི་སྤྱི་ལོ2022ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་དེ་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ཁུལ་གྱི་འགྲན་བསྡུར་གཏན་འཁེལ་བྱས་པ་དེ་ནར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

རིགས་དབྱེ།  

སྤྱི་ལོ2022ལོའི་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཚོགས་མིའི་མཐུན་ཚོགས་ཀྱི་ཨང་དང་པོའི་རིམ་མཚུངས་མཉམ་འགྲན།

སྤྱི་ལོ2022ལོའི་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཚོགས་མིའི་མཐུན་ཚོགས་ཀྱི་ཨང་དང་པོའི་རིམ་མཚུངས་མཉམ་འགྲན་དེ་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། འགྲན་བསྡུར་དེ་གྲ་སྒྲིག་འགྲན་བསྡུར་དང་མཐའ་བསྡུར་གཉིས་སུ་དབྱེ་བ་དང་། དེའི་ནང་གྲ་སྒྲིག་འགྲན་བསྡུར་གྱི་དུས་མཚམས་ནི་ཚོགས་མིའི་མཐུན་ཚོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་མཚུངས་མཉམ་འགྲན་ཡིན་པ་དང་། ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་ས་གནས་ཚོགས་མིའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ། མཐའ་བསྡུར་གྱི་དུས་མཚམས་དེ་ཁུལ་ཆེན་འགྲན་བསྡུར་དང་མཐའ་བསྡུར་ལ་དབྱེ་བ། ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་གཙོ་གཉེར་དང་ས་གནས་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་གྱིན་ཡོད།

རིགས་དབྱེ།  

སྤྱི་ལོ2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་ཡོ་རོབ་ཁུལ་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར།

སྤྱི་ལོ2022ལོར་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་སྐབས22པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཡིན། སྤྱི་ལོ2022ལོའི་ཟླ11ཚེས21ཉིན་ནས་ཟླ་12ཚེས18ཉིན་བར་འགྲན་བསྡུར་དེ་ཁ་ཐར་གྱི་ས་ཁོངས་ནང་གི་གྲོང་ཁྱེར7གྱི་སྤོ་ལོ་ཐང12སུ་བྱས་པ་རེད། ཁ་ཐར་གྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཁྱོན་སྤོ་ལོའི་རུ་ཁག32ཞུགས་ཡོད་པ་དང་། མགྲོན་བདག་རྒྱལ་ཁབ་ཁ་ཐར་ལ་རང་འགུལ་ངང་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཐོབ་པ་ཕུད། དེ་བྱིངས་རུ་ཁག31གིས་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་ནས་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཐོབ་པ་རེད། འཛམ་གླིང་བུམ་པའི་འགྲན་བསྡུར་རིང་ཁ་ཐར་གྱི་ས་ཁོངས་ནང་འགྲན་བསྡུར་ཐེངས64བྱས་ནས་ཨང་དང་པོ་ཐོབ་པ་རེད། དེའི་ནང་ཡོ་རོབ་ཁུལ་དུ་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་པའི་མི་གྲངས13ཡོད་པ་རེད། ཡོ་རོབ་ཁུལ་གྱི་སྤོ་ལོའི་རུ་ཁག་གིས་སྤྱི་ལོ2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་ཡོ་རོབ་ཁུལ་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་བརྒྱུད་སྤྱི་ལོ2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

རིགས་དབྱེ།  

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་ཆུ་ཐོག་ལུས་རྩལ་རྣམ་གྲངས་ཀྱི་ལས་སྒོའི་དོ་དམ་གྱི་འགན་འཁུར་ནས་དོ་དམ་རྣམ་གྲངས་ཀྱི་འཕེལ་རྒྱས་འཆར་འགོད་དང་། འཆར་གཞི། བྱེད་ཕྱོགས། སྲིད་ཇུས་བཅས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ད་ལྟའི་ཏང་ཨུའི་ཧྲུའུ་ཅི་ནི་ལི་རུའེ་ལིན་ཡིན།

རིགས་དབྱེ།  

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཞའོ་ཆིག་ལུས་རྩལ་དོ་དམ་ལྟེ་གནས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཞའོ་ཆིག་ལུས་རྩལ་དོ་དམ་ལྟེ་གནས་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཐད་གཏོགས་བྱ་གཞག་ཚན་པ་ཞིག་ཡིན་ལ། དུས་མཚུངས་སུ་ཀོའར་ཕུའུ་སྤོ་ལོ་དང་། པའོ་ལིང་སྤོ་ལོ། ཐའེ་ཆིའུ་སྤོ་ལོ། པན་ཆིའུ་སྤོ་ལོ་སོགས་རྣམ་གྲངས8ཀྱི་རྒྱལ་ཡོངས་རང་བཞིན་གྱི་རྣམ་གྲངས་རྐྱང་པའི་ལུས་རྩལ་མཐུན་ཚོགས་ཀྱི་རྒྱུན་བཙུགས་ལས་དོན་སྒྲིག་གཞི་ཞིག་ཀྱང་ཡིན་པ་མ་ཟད། དེར་ཁོངས་གཏོགས་ཀྱི་ལུས་རྩལ་རྣམ་གྲངས་ལ་ཁྱོན་ཡོངས་ནས་དོ་དམ་བྱེད་པའི་འགན་ནུས་ཤིག་ཀྱང་སྤྲད་ཡོད་པ་རེད།

རིགས་དབྱེ།