ལག་རྩེད་སྤོ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལག་རྩེད་སྤོ་ལོ།
ལག་རྩེད་སྤོ་ལོ་ནི་གཟེབ་གྲུག་དང་རྐང་གྲུག་གི་ཁྱད་ཆོས་གཉིས་གཅིག་ཏུ་བསྡུས་ཏེ་འཕེལ་རྒྱས་བྱུང་བ་ཞིག་དང་། དེ་ནི་ལག་པས་རྩེད་ཅིང་སྤོ་ལོ་དེ་ཕ་རོལ་བའི་སྤོ་ལོའི་སྒོ་ནང་དུ་བརྫངས་ནས་སྐར་གྲངས་ལེན་པའི་ལུས་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
手球
ཕྱི་ཡིག་གི་མིང་།
Handball
འབྱུང་ཁུངས།
ཏེན་མག་དང་འཇར་མན།
སྒྲིག་ལམ།
གཙོ་བོ་རྐང་གྲུག་དང་དབྱིན་ཇིའི་ལུགས་ཀྱི་སྐྱུ་རུའི་སྤོ་ལོའི་སྒྲིག་སྲོལ་ནས་འཕོ་འགྱུར་བྱུང་བ་ཡིན།
1 ངོ་སྤྲོད།

ལག་རྩེད་སྤོ་ལོ་ནི་གཟེབ་གྲུག་དང་རྐང་གྲུག་གི་ཁྱད་ཆོས་གཉིས་གཅིག་ཏུ་བསྡུས་ཏེ་འཕེལ་རྒྱས་བྱུང་བ་ཞིག་དང་།  དེ་ནི་ལག་པས་རྩེད་ཅིང་སྤོ་ལོ་དེ་ཕ་རོལ་བའི་སྤོ་ལོའི་སྒོ་ནང་དུ་བརྫངས་ནས་སྐར་གྲངས་ལེན་པའི་ལུས་རྩལ་ཞིག་ཡིན། ལག་རྩེད་སྤོ་ལོ་ནི་འཇར་མན་ནས་དར་བའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་རྣམ་གྲངས་ཞིག་ཡིན། གཞི་རྩའི་སྟེང་ལག་རྩེད་སྤོ་ལོ་ནི་གཟེབ་གྲུག་དང་རྐང་གྲུག་གཉིས་མཉམ་བསྲེས་བྱས་ནས་གྲུབ་པའི་ཐོན་རྫས་ཤིག་དང་འདྲ་ལ། ལག་རྩེད་སྤོ་ལོའི་སྒྲིག་སྲོལ་ཁ་ཤས་ནི་གཟེབ་གྲུག་གི་སྒྲིག་སྲོལ་འགྱུར་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན། 

2 བྱུང་འཕེལ།

དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ།  ཅེ་ཁེ་སི་ལོ་ཝ་ཁེ་དང་ཏེན་མག  འཇར་མན་བཅས་རྒྱལ་ཁབ་ལ་ལ་རུ་ལག་རྩེད་སྤོ་ལོ་དང་འདྲ་བའི་རོལ་རྩེད་བྱུང་།  རིམ་བཞིན་རོལ་རྩེད་ཀྱི་སྒྲིག་སྲོལ་འགྱུར་ནས་ལག་རྩེད་སྤོ་ལོ་བྱུང་བ་ཡིན།   སྤྱི་ལོ1925ལོར་འཇར་མན་དང་ཨོ་སི་ཁྲུ་རི་ཡ་གཉིས་ཀྱིས་ཐོག་དང་པོའི་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ།    རྗེས་སུ་རིམ་གྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་འགྲན་བསྡུར་སྤེལ།  སྤྱི་ལོ1928ལོར་སྐབས་དང་པོའི་འཛམ་གླིང་སྐྱེས་པའི་ལག་རྩེད་སྤོ་ལོའི་སྐྱེས་འབུལ་འགྲན་བསྡུར་སྤེལ་བ་དང་།  སྤྱི་ལོ1957ལོ་ནས་བཟུང་འཛམ་གླིང་སྐྱེས་མའི་ལག་རྩེད་སྤོ་ལོའི་སྐྱེས་འབུལ་འགྲན་བསྡུར་སྤེལ།  དང་ཐོག་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་སྐབས་རུ་ཁག་རེ་རེར་ལུས་རྩལ་པ་བཅུ་གཅིག་ཡོད་པ་ཡིན་ལ།  མི་བཅུ་གཅིག་ཅན་གྱི་ལག་རྩེད་སྤོ་ལོའང་ཟེར།  སྤྱི་ལོ1965ལོར་རུ་ཁག་རེ་རེར་ལུས་རྩལ་པ་བཅུ་གཅིག་ནས་བདུན་དུ་བསྒྱུར། སྐྱེས་པའི་ལག་རྩེད་སྤོ་ལོ་ནི་སྤྱི་ལོ1972ལོའི་མའོ་ནེ་ཧེ་ཨོ་རྩལ་ནས་འགོ་བརྩམས་པ་ཡིན་པ་དང་སྐྱེས་མའི་ལག་རྩེད་སྤོ་ལོ་ནི་སྤྱི་ལོ1976ལོའི་མན་དཱའི་ཧུ་ཨོ་རྩལ་ནས་འགོ་བརྩམས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།