རྐང་གྲུག་འགྲན་སྡུར།

དེང་རབས་རྐང་གྲུག་དར་ཡུལ་ནི་དབྱིན་ཇི་ཡིན་ལ། བཤད་སྲོལ་ལ་དུས་རབས་བཅུ་གཅིག་པར་དབྱིན་ཇི་དང་ཏན་མག་བར་ལ་དམག་འཁྲུག་ཅིག་ལངས་ཤིང་། དམག་འཁྲུག་མཇུག་རྫོགས་ཏེ་དབྱིན་ཇི་བས་འཐབ་རར་གཙང་སྒྲིག་བྱེད་དུས་ཏན་མག་བཙན་འཛུལ་བའི་མགོ་རུས་ཤིག་རྙེད། ཀུན་པོ་ཁོང་ཁྲོ་ལངས་ཏེ་མགོ་རུས་དེར་རྡོག་པས་བཞུས་པ་དེར་ཡོད་ཀྱི་བྱིས་པ་སྐོར་ཞིག་གིས་མཐོང་སྟེ་ལད་མོ་བྱས། འོན་ཀྱང་དེ་ཤིན་ཏུ་མཁྲེགས་ནས་རྐང་བ་ན་བས་སྐམས་ཀྱི་ལྒང་བུར་དབུགས་བརྒྱབ་ནས་རྩེས་པས་དེང་རབས་རྐང་གྲུག་བྱུང་བར་བཤད།

རིགས་དབྱེ།  

རྒྱལ་སྤྱིའི་ལུས་རྩལ་གསར་འགྱུར་ཆེ་གྲས་བཅུ།

འདིར་རྒྱལ་སྤྱིའི་ལུས་རྩལ་པ་གྲགས་ཅན་བཅུ་ཡིས་སྤྱི་ལོ2018ལོར་གཡུར་དུ་ཟ་བའི་འབྲས་བཟང་བླངས་པ་དེ་དག་གི་མཚན་དང་། བྱ་དགའ། རུ་ཁག། ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ཚུལ་སོགས་ཞིབ་ཏུ་བརྗོད་ཡོད།

རིགས་དབྱེ།  

རྐང་གྲུག

རྐང་གྲུག་ནི་རྐང་པས་རྡོག་གཞུས་གཙོར་བྱེད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན། རྐང་གྲུག་ར་བ་ནི་གྲུ་བཞི་ནར་མོའི་དབྱིབས་སུ་བགོས་ནས་སྤེལ། ཕ་རོལ་པའི་སྒོ་རའི་ནང་དུ་སྤོ་ལོ་བརྫངས་པའི་གྲངས་ཀའི་མང་ཉུང་གིས་རྒྱལ་ཕམ་ཚད་འཇལ་བ་ཡིན། རྐང་གྲུག་ལ་ལུས་རྩལ་བློ་སྟོབས་དང་། བརྟན་བརླིང་། གྲུང་བོ། མྱུར་ཚད་དང་བཟོད་བསྲན་སོགས་ཀྱི་ཆ་རྐྱེན་ལྡན་པས་སྦྱོང་བརྡར་གྱི་རིན་ཐང་གལ་ཆེན་ཡོད།

རིགས་དབྱེ།  

གྲུག་སྒོ་སྲུང་མཁན།

གྲུག་སྒོ་སྲུང་མཁན་ཞེས་པ་རྐང་གྲུག་ལུས་རྩལ་གྱི་ཆེད་སྤྱོད་བརྡ་ཆད་ཅིག་ཡིན། དེས་རྐང་གྲུག་སྤོ་ལོ་རྐང་པ་དང་། མགོ། ཁེམ་སོགས་ཀྱིས་སྤོ་ལོ་ནང་ལ་འཛུལ་དུ་མི་འཇུག་པར་སྒོ་སྲུང་པ་ཡིན་པས། འགྲན་མཁན་གྱི་རྒྱལ་ཕམ་དབྱེ་འབྱེད་པར་ཐག་ཀར་འབྲེལ་བ་དམ་པོ་ཡོད། གྲུག་སྒོ་སྲུང་པ་ལ་བྱེད་ཐབས་ཀྱང་ཤིན་ཏུ་མང་སྟེ། ཐད་ཀར་འགོག་པ། ལྡིང་ནས་འགོག་པ། ཕྱིར་ལྡིང་དུ་འཇུག་པ་སོགས་བྱེད་ཐབས་སྣ་ཚོགས་ཀྱིས་རྐང་གྲུག་སྒོ་སྲུང་བར་བྱེད་པ་ཡིན། སྒོ་སྲུང་མཁན་ནི་ངེས་པར་དུ་གྲུང་ལ་མྱུར་བ་ཞིག་ཡིན་དགོས།

རིགས་དབྱེ།  

འཕྲུལ་མིའི་འཛམ་གླིང་བུམ་པའི་འགྲན་བསྡུར།

འདིར་སྤྱི་ལོ2019ལོའི་འཕྲུལ་མིའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་རུ་བྱས་ཤིང་། ཚེས7ཉིན་ཀྲེ་ཅང་སློབ་ཆེན་གྱིས་མངགས་པའི་རུ་ཁག་ལ་འཕྲུལ་མིའི་རྐང་རྩེད་སྤོ་ལོའི་ཚོགས་ཆུང་ཆུང་གྲས་ཀྱི་མཐའ་བསྡུར་ཁྲོད་ཚོགས་ཆུང་དེའི་ཨང་དང་པོ་བསྟུད་མར་ཐོབ་པ་རེད།

རིགས་དབྱེ།  

དམར་བྱང་།(ལུས་རྩལ་འགྲན་སྡུར་སྐབས་ཀྱི་བརྡ་ཆད།)

རྐང་གྲུག་འགྲན་སྡུར་སྐབས་ཀྱི་དམར་བྱང་སྦྱོར་བ་སྲོལ་འབྱེད་མཁན་ནི་དབྱིན་ཇིའི་ཁྲུན་གཅོད་པ་ཨ་སི་ཏུན་ལགས་ཡིན་ལ། སྤྱི་ལོ1970ལོར་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་སྡུར་སྟེང་དངོས་སུ་ལག་ཏུ་བསྟར་ཅིང་། གལ་ཏེ་ལུས་རྩལ་པས་སྒྲིག་འགལ་གྱི་དམར་བྱང་བླངས་ཚེ་ཁྲུན་གཅོད་པས་ཆད་གཅོད་ལྟར་འགྲན་སྡུར་ར་བ་ནས་ཕྱིར་ཕུད་གཏོང་བ་ཡིན།

རིགས་དབྱེ།  

སེར་བྱང་།(སྤོ་ལོའི་ལུས་རྩལ་གྱི་བརྡ་ཆད)

སེར་བྱང་ཞེས་པ་རྐང་གྲུག་འགྲན་སྡུར་སྐབས་ཁྲུན་གཅོད་པས་སྒྲིག་འགལ་གྱི་ལུས་རྩལ་པར་ཉེན་བརྡའམ་ཐ་ཚིག་སྒྲོག་བྱེད་ཀྱི་ཡོ་བྱད་ཅིག་ཡིན་ལ། སྔོན་དུས་ཀྱི་སྲོལ་རྒྱུན་ལ་ཁྲུན་གཅོད་པས་ལུས་རྩལ་པས་སྒྲིག་འགལ་བྱས་པའི་ཚུལ་ལག་དེབ་ཏུ་ཞིབ་པར་བཀོད་པས། ཉེན་བརྡ་བརྒྱག་པ་ལ་མིང་བཀོད་པའང་ཟེར་རོ། །

རིགས་དབྱེ།  

དཀྱིལ་རྒོལ་པ།

དཀྱིལ་རྒོལ་པ་ཞེས་པ་རྐང་གྲུག་འགྲན་གནས་རུ་མིའི་མིང་ཞིག་ཡིན་ལ། དེས་རུ་མི་ཡོངས་ལ་ཕར་རྒོལ་བྱེད་པར་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཁོས་བྱང་ཆུབ་པའི་ལག་རྩལ་དང་ཚད་བརྒལ་ནུས་པ་སྤྱད་དེ་ཕ་རོལ་པོའི་འགོག་སྲུང་གནས་གཏོར་བ། སྒོ་ནང་དུ་འཕངས་ནས་སྐར་མ་ལེན་པ། ཡང་ན་རོགས་པ་ཚོར་ཐོབ་སྐར་གྱི་གོ་སྐབས་ཡག་པོ་བསྐྲུན་རྒྱུ་དེ་རེད།

རིགས་དབྱེ།  

མགོ་གཞུས་སྤོ་ལོ།

མགོ་གཞུས་སྤོ་ལོ་ཞེས་པ་རྐང་གྲུག་འགྲན་སྐབས་སུ་མངོན་པའི་ནུས་རྩལ་ཞིག་ཡིན་ལ། དབུ་རྡེག་རྩལ་གྱི་རིགས་གཙོ་བོ་ནི་རྐང་གྲུག་འགྲན་སྐབས་དབུ་ཡིས་རྡེག་གནས་ལ་གཞིགས་ནས་དབྱེ་དགོས་ཤིང་། ཡང་དག་པའི་གནས་ནི་ཐོད་རུས་ཀྱི་མདུན་ངོས་དང་ཟུར་ངོས་ཁོ་ན་ཡིན།

རིགས་དབྱེ།  

དབུས་ཀོར།

དབུས་ཀོར་ནི་རྐང་གྲུག་སྔ་གཞུག་ཏུ་འགྲན་སྡུར་འགོ་ཚུགས་སྐབས་ཕྱོགས་སོ་སོས་རྐང་གྲུག་གཞུ་བ་དང་། སྤོ་ལོ་རྒྱག་སྐབས་རུ་མི་གཉིས་ཀྱིས་གཞོགས་འདེགས་བྱེད་པ། སྤོ་ལོ་མ་བཏང་གོང་དུ་རུ་མི་གཞན་དག་རྣམས་དབུས་ཀོར་དུ་འཛུལ་མི་ཆོག ཕྱོགས་གཅིག་ལ་སྐར་མ་ཐོབ་རྗེས་ཅིག་ཤོས་ཀྱིས་བར་སྐོར་ནས་སྤོ་ལོ་རྒྱག་དགོས།

རིགས་དབྱེ།  

དུས་སྣོན་འགྲན་སྡུར།

དུས་སྣོན་འགྲན་སྡུར་ནི་ལུས་རྩལ་འགྲན་སྡུར་སྐབས་སུ་སྐར་འབྲས་ཀྱིས་རྒྱལ་ཕམ་དབྱེ་འབྱེད་བྱེད་མ་ཐུབ་པར་དུས་ཚོད་ཇེ་རིང་དུ་བཏང་བ་ཞིག་ལ་ཟེར་ཞིང་། ལུས་རྩལ་འགྲན་སྡུར་མི་འདྲ་བ་དང་བསྟུན་ནས་དུས་སྣོན་འགྲན་སྡུར་ཡང་འདྲ་གི་མེད། དཔེར་ན་རྐང་གྲུག་འགྲན་སྡུར་ལྟ་བུ་ལ་དུས་སྣོན་གྱི་ཡུན་སྐར་མ30ཡིན་པ་དང་། གཟེབ་གྲུག་ལྟ་བུར་མཚོན་ན་དུས་སྣོན་གྱི་ཡུན་སྐར་མ5ལ་ཐེངས་གཅིག་འགྲན་གྱི་ཡོད། དེ་ནི་རྒྱུན་མཐུད་ནས་དུས་སྣོན་འགྲན་སྡུར་བྱེད་ཀྱི་ཡོད།

རིགས་དབྱེ།  

རྟིང་རྩོད་འགྲན་སྡུར།

ལུས་རྩལ་རྟིང་རྩོད་འགྲན་སྡུར་ཞེས་པ་ཆེས་མཇུག་མཐའི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགྲན་སྡུར་ཞིག་ཡིན།

རིགས་དབྱེ།  

གདོང་ལེན་བར་མ།

གདོང་ལེན་བར་མ(དབྱིན་ཇིའི་སྐད་དུ། Central Forward)ཞེས་པ་རྐང་གྲུག་ལུས་རྩལ་པས་འགྲན་གནས་སམ་རུ་མིའི་མིང་ཡིན་ལ། དེ་ནི་རུ་མི་ཡོངས་ཀྱིས་ཕ་རོལ་པར་བརྒལ་ནས་གཙོ་ཤུགས་ཉམས་པར་བྱེད་པའི་འགྲན་གནས་ཤིག་ཀྱང་ཡིན།

རིགས་དབྱེ།  

གྲུ་དར།(རྐང་གྲུག་ལུས་རྩལ་འགྲན་སྡུར་སྐབས་སུ་སྤྱོད་པའི་བརྡ་ཆད་ཅིག)

ཟུར་དར་ཞེས་པ་རས་དང་དར་གོས་ཀྱིས་བཟོས་ཤིང་། སྲིད་ལ50cmདང་ཞེང་ལ40cmཡོད། མཐའ་ཞེང་ལ་སྨི6cmཡོད་པའི་དར་ཤུབས་བཟོ་བཞིན་ཡོད། དར་ཤིང་ནི་སྨྱུག་དབྱུག་གམ་ཡང་ན་རྒྱུ་ཆ་གཞན་དག་གིས་བཟོས་པ་རེད།

རིགས་དབྱེ།  

གྲུག་དྲ།

གྲུག་དྲ་ནི་ཚི་སྣའི་སྐུད་པ་དཀར་པོ་ཡིས་བཟོས་ཤིང་། ཕྱི་ངོས་ཀྱི་དྲ་མིག1278-1864ཡིས་གྲུབ། མི5ཅན་གྱི་ཚད་གཞིར་དྲ་མིག739-932ཀྱིས་གྲུབ། ད་ལྟའི་རྐང་གྲུག་སྒོའི་རྒྱབ་ཏུ་འཐེན་ཡོད། གྲུག་དྲ་ཡིས་རྐང་གྲུག་འཛུད་པ་གསལ་བས་འཕྲལ་མར་ཤན་འབྱེད་པས་ཁྱབ་བསྒྲགས་མཁན་ཕྱོགས་ལ་སྐར་མ་སྟེར་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན།

རིགས་དབྱེ།  

རྐང་གྲུག་ར་བ།

རྐང་གྲུག་འགྲན་སྡུར་ར་བ་ནི་གྲུ་བཞི་ནར་མོའི་དབྱིབས་སུ་གྲུབ་ཅིང་། རིང་ཚད་ལ་སྨི90-120བར་དང་། ཞེང་ཚད་ལ་སྨི45-90བར་ཡིན། གྲུག་སྒོའི་མཐོ་ཚད་ལ་སྨི2.44དང་། ཞེང་ཚད་ལ་སྨི7.32ཡིན་ཞིང་། སྒོར་མཐའ་ལི་སྨི70ཡོད་པ་དང་ལི་སྨི60ལས་ཐུང་མི་རུང་།

རིགས་དབྱེ།  

གྲུག་གཞབ།

རྐང་གྲུག་འཕྲོག་པར་གློ་བུར་དུ་ཐང་དུ་འགྱེལ་དུ་བཅུག་ནས་རྐང་བས་ཕ་རོལ་ལ་ཚོད་འཛིན་གྱིས་རྐང་གྲུག་བརྒྱུད་སྤྲོད་དམ་བཀག་འགོག་གིས་འཕྲོག་ཐབས་ཤིག་ཡིན། དེ་ལ་མདུན་ཕྱོགས་ཀྱི་གྲུག་གཞབ་དང་ཟུར་གྱི་གྲུག་གཞབ་རིགས་གཉིས་སུ་འབྱེད་མོད། མིག་སྔར་རྐང་གྲུག་གི་འགྲན་རྩལ་ཡར་རྒྱས་བྱུང་བ་དང་བསྟུན་ནས་གྲུག་གཞབ་འགྲན་ཐབས་རིགས་དུ་མ་ཡོད་དོ། །

རིགས་དབྱེ།  

རྒྱབ་སྲུང་དཀྱིལ་མ།

རྒྱབ་སྲུང་དཀྱིལ་མ(Center Back)ཞེས་པ་རྐང་གྲུག་ལུས་རྩལ་གྱི་བརྡ་ཆད་ཅིག་ཡིན་ཞིང་། སྒོ་སྲུང་བའི་མདུན་ཕྱོགས་དང་གཡས་གཡོན་རྒྱབ་སྲུང་བའི་བར་གྱི་འགྲན་རའི་དཀྱིལ་གྱི་རྗེས་ཕྱོགས་སུ་ཡོད་ལ། དེ་རུ་མི་ཡོངས་ཀྱི་སྟོབས་ཤུགས་ཀྱི་སྲོག་ཤིང་ཡིན་པས། ཕ་རོལ་པོའི་རྐང་གྲུག་རྒྱག་མཁན་བཀག་འགོག་བྱེད་པ་མ་ཟད། དུས་མཚུངས་སུ་ཕ་རོལ་པོས་རྐང་གྲུག་ཚོད་འཛིན་འོག་རང་ཕྱོགས་ཀྱི་བཀག་སྡོམ་ཁུལ་དུ་འཕེན།

རིགས་དབྱེ།  

ར་དཀྱིལ་པ།

ར་དཀྱིལ་པ​(Midfielder)ཞེས་པ་རྐང་གྲུག་གི་འགྲན་གནས་གལ་ཆེན་ཞིག་ཡིན་ལ། དེ་ཡིས་གྲུག་རའི་དཀྱིལ་དུ་ནུས་ཤུགས་ཡོད་དགུ་བཏོན་ནས་གདོང་ལེན་མཁན་དང་རྒྱབ་སྲུང་བར་རམ་འདེགས་བྱེད་ཀྱི་ཡོད།

རིགས་དབྱེ།  

རྒྱབ་སྲུང་གཡོན་མ།

རྒྱབ་སྲུང་གཡོན་མ་ཞེས་པ་རྐང་གྲུག་འགྲན་སྡུར་སྐབས་སུ་གཡོན་ཕྱོགས་སུ་འགོག་སྲུང་གིས་ཕ་རོལ་རྒོལ་བྱེད་པའི་རུ་མི་ཞིག་ཡིན་ལ། གཙོ་བོ་གྲུག་རའི་གཡོན་ཕྱོགས་ཀྱི་རྒྱུག་ལམ་བཀག་འགོག་བྱས་ནས་ཕ་རོལ་པོར་རྒོལ་ལན་སྤྲོད་བཞིན་ཡོད་དོ། །​

རིགས་དབྱེ།  

རྒྱབ་སྲུང་གཡས་མ།

རྒྱབ་སྲུང་གཡས་མ(right back)ཞེས་པ་རྐང་གྲུག་ར་བའི་རུ་མིའི་འགྲན་གནས་ཤིག་གི་མིང་ཡིན་ལ། འགྲན་རའི་གཡས་ཕྱོགས་ཀྱི་ལམ་ཐིག་ནང་འགོག་སྲུང་བྱེད་མཁན་གྱི་རྒྱབ་སྲུང་རུ་མི་ཞིག་ཡིན།

རིགས་དབྱེ།  

གདོང་ལེན་གཡས་མ།

གདོང་ལེན་གཡས་མ་ཞེས་པ་རྐང་གྲུག་འགྲན་སྡུར་སྐབས་སུ་འགྲན་རའི་གཡས་ཕྱོགས་སུ་གདོང་ལེན་བྱེད་མཁན་ཞིག་ཡིན།

རིགས་དབྱེ།  

གདོང་ལེན་གཡོན་མ།

གདོང་ལེན་གཡོན་མ་ཞེས་པ་རྐང་གྲུག་འགྲན་སྡུར་སྐབས་འགྲན་རའི་གཡོན་རོགས་ཀྱི་གདོང་ལེན་པའི་མིང་ཡིན་ཞིང་། འགྲན་གནས་ཀྱི་རྒྱུག་ལམ་འགག་སྒོ་གཏོར་བར་ཅུང་མྱུར་མོད། ཤུགས་ཆེན་པོས་འགོག་སྲུང་བྱེད་པར་སྐྲག་སྣང་སྐྱེས། ཡིན་ན་ཡང་། གདོང་ལེན་གཡོན་མས་ཟུར་གཅིག་ནས་རྒྱུག་ལམ་འགོག་ཅིང་། འགྲན་རའི་དབུས་ཀྱི་རྒྱུག་ལམ་འགོག་པར་ལྟ་རྟོག་བྱེད་ཐུབ་ཀྱི་མེད་ལ། འགྲམ་གྱི་རྒྱུག་ལམ་འགོག་པར་གཙོ་ཤུགས་ཐོན་གྱི་ཡོད། (དབྱིན་ཡིག་གི་བསྡུས་མིང་ལ། ML、AML、LWM)ཟེར།

རིགས་དབྱེ།  

བཀག་ཁུལ།(རྐང་གྲུག་ལུས་རྩལ་གྱི་ཆེད་སྤྱོད་བརྡ་ཆད)

བཀག་ཁུལ་ཞེས་པ་གྲུག་སྒོའི་ཟུར་ལོགས་ཀྱི་ཀ་བ་གཞིར་བཟུང་སྟེ་རྩིས་ན་སྨི5.5(ཨང6)མཚམས་སུ་དྲང་འཕྱང་གི་རྟགས་བཀོད་ཡོད་པ་དེའོ། །

རིགས་དབྱེ།  

གྲུག་སྒོ།

རྐང་གྲུག་ར་བ་ཚད་ལྡན་ཞིག་གི་གྲུག་སྒོའི་ཆེ་ཆུང་ནི། མཐའ་ཐིག་ནས་གྲུག་སྒོའི་ཀ་བའི་མཚམས་སུ་སྨི16.5དགོས་པ་དང་། ཆད་གཅོད་ཁུལ་ཆུང་བའི་རིང་ཚད་ལ་སྨི18.32དང་ཞེང་ཚད་ལ་སྨི5.5ཡོད་དགོས་ལ། དེ་ནས་གྲུག་སྒོའི་ཀ་བའི་མཚམས་སུ་སྨི5.5དགོས། དབུས་ཀོར་ཚངས་ཕྱེད་ལ་སྨི9.15ཡོད།

རིགས་དབྱེ།  

གྲུ་གྲུག

གྲུ་གྲུག་ཅེས་པ་རྐང་གྲུག་འགྲན་སྐབས་སྒྲིག་འགལ་བྱས་རྗེས་ཡང་བསྐྱར་རྐང་གྲུག་གྲུ་ཁ་རུ་བཞག་ནས་འགྲན་སྡུར་མགོ་རྩོམ་པ་ཞིག་ཡིན།

རིགས་དབྱེ།  

གྲུག་སྒོར་འཕེན་པ།

གྲུག་སྒོར་འཕེན་པ་ཞེས་པ་རྐང་གྲུག་ལུས་རྩལ་གྱི་ཆེད་སྤྱོད་བརྡ་ཆད་ཅིག་ཡིན་ལ། དེ་ནི་རྐང་པས་གཞུ་བ་དང་། དབུ་ཡིས་གཞུ་བ། གཞབ་གཞུ་བྱེད་པ་སོགས་ཀྱི་རྩལ་ནུས་བཏོན་ནས་གྲུག་སྒོ་རུ་འཕེན་པ་ཞིག་ཡིན་པས། ཕར་རྒོལ་དམིགས་འབེན་དུ་བཟུང་ཞིང་འགྲན་སྡུར་རྒྱལ་ཕམ་ཐག་གཅོད་ཀྱི་ནུས་པ་གལ་ཆེན་ཐོན།

རིགས་དབྱེ།  

སྒོ་ཁུལ།

​རྐང་གྲུག་གྲུག་སྒོའི་ལོགས་ཀྱི་ཀ་བ་ནང་མའི་མདུན་ཕྱོགས་སུ་སྨི5.5(ཨང6)མཚམས་དྲང་འཕྱང་ཐིག་འཐེན་ཡོད། རྟགས་དེ་ནི་མཉམ་གཤིབ་ཀྱིས་གྲུག་སྒོའི་ནང་འཐེན་ཞིང་སྒོ་ཁུལ་རྟགས་གྲུབ་ཡོད།

རིགས་དབྱེ།  

རྒྱབ་བཀུག་སྤོ་ལོ།

རྒྱབ་བཀུག་སྤོ་ལོ་ཞེས་པ་ལུས་རྩལ་པ་མཁའ་ལ་མཆོངས་ནས་མགོ་བོ་ཐུར་ལ་དཔྱངས་ཤིང་ལུས་རྒྱབ་བཀུག་སྟེ། རྐང་གྲུག་རྡོག་པས་གཞུས་ནས་གྲུག་སྒོར་འཕེན་ཐབས་ཤིག་ཡིན།

རིགས་དབྱེ།  

གྲུག་ལྭ།

གྲུག་ལྭ་ཞེས་པ་སྤོ་ལོའི་རིགས་ཀྱི་ལུས་རྩལ་པས་ལུས་རྩལ་སྦྱོང་བརྡར་བྱེད་སྐབས་གྱོན་པའི་ལྭ་བ་ཞིག་ཡིན་ལ། སྤྱིར་བཏང་དུ་ལུས་སྟོད་ཀྱི་ཕུ་མེད་སྟོད་ཐུང་དང་ལུས་སྨད་ཀྱི་དོར་ཐུང་སོགས་ཡོད། རླུང་རྒྱུག་པ་དང་ཆུ་འབུད་པའི་རང་བཞིན་ལེགས་པོ་ལྡན་པས་རྒྱུ་སྤུས་ལེགས་ཤིང་། ལུས་རྩལ་པའི་ལུས་ཕུང་འགུལ་སྐྱོད་ལ་ཤུགས་རྐྱེན་མི་ཐེབས་པ་དང་། ཞི་གློག་འབྱུང་དཀའ་ལ། ཡང་ཞིང་འཇམ་པ། གྲུག་ལྭ་བཟང་པོས་ལུས་རྩལ་པའི་སྦྱངས་འབྲས་མཐོར་འདེགས་བྱེད་པར་ཕན་པ་ཡོད།

རིགས་དབྱེ།