གྲུག་དྲ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲུག་དྲ།
གྲུག་དྲ་ནི་ཚི་སྣའི་སྐུད་པ་དཀར་པོ་ཡིས་བཟོས་ཤིང་། ཕྱི་ངོས་ཀྱི་དྲ་མིག1278-1864ཡིས་གྲུབ། མི5ཅན་གྱི་ཚད་གཞིར་དྲ་མིག739-932ཀྱིས་གྲུབ། ད་ལྟའི་རྐང་གྲུག་སྒོའི་རྒྱབ་ཏུ་འཐེན་ཡོད། གྲུག་དྲ་ཡིས་རྐང་གྲུག་འཛུད་པ་གསལ་བས་འཕྲལ་མར་ཤན་འབྱེད་པས་ཁྱབ་བསྒྲགས་མཁན་ཕྱོགས་ལ་སྐར་མ་སྟེར་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
足球门网
དྲ་མིག་གྲངས་ཀ
དྲ་མིག1278ནས1864བར་ཡོད།
རྒྱུ་ཆ།
ཚི་སྣ་དཀར་པོ།
སྲོལ་འབྱེད་དུས།
དུས་བཅུ་དགུ་བའི་མཇུག
1 ​ངོ་སྤྲོད།  

དུས་རབས19པའི་དུས་མཇུག་ཏུ་དབྱིན་ཇིར་རྐང་གྲུག་འགྲན་སྡུར་ཞིག་ཡོད་པ་དང་། རྒོལ་མཁན་ཕྱོགས་ཀྱིས་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་མ་ཟད། སྒོ་ནང་འཕེངས་རྗེས་རུ་མི་ཚོས་དགའ་སྤྲོའི་ངང་དགའ་འབོད་བྱས་ཏེ་ཤན་འབྱེད་པས་རྐང་གྲུག་འཛུལ་པ་ཁྱབ་བསྒྲགས་བྱས་པ་རེད། འོན་ཀྱང་འགོག་སྲུང་ཕྱོགས་ཀྱིས་ཤན་འབྱེད་པ་བསྐོར་ཏེ། གྲུག་སྒོའི་ཕྱི་རུ་འཕངས་སོང་ཞེས་སྐད་ཆེན་པོས་བོས་པས་རྐང་གྲུག་ནང་དུ་འཛུལ་མི་འོས་ཞེས་ཀླན་ཀ་བྱུང་། 

སྔོན་ཆད་རྐང་གྲུག་འགྲན་སྡུར་གྱི་སྒོ་རྒྱབ་ཏུ་གྲུག་དྲ་མི་བཀལ་བ་དང་། སྒོ་ནང་དུ་འཕེན་པའི་རྐང་གྲུག་སྤྱིར་བཏང་དུ་བྲེལ་ཞིང་མགྱོགས་པས། སྒོ་ནང་དུ་འཛུལ་མིན་བརྡར་ཤ་གཅོད་དཀའ། ཕྱོགས་གཉིས་ཀའི་རུ་མིས་རྩོད་པ་དང་ཤན་འབྱེད་པས་ཀྱང་གསལ་བཤད་གསལ་བོ་བྱེད་མི་ཐུབ་པའི་སྐབས་སུ། པའོ་ཨར་ཅི་ཟེར་བའི་ཉ་འཛིན་བཟོ་གྲྭའི་སྦྱིན་བདག་ཅིག་གིས་ཉ་རྒྱ་ཞིག་གི་ནང་དུ་བཅུག་སྟེ། ཕྱོགས་གཉིས་ཀར་ཁོང་ཁྲོ་མི་ལངས་མོ་དགོས་པར་ཉ་རྒྱ་རྐང་གྲུག་ཕྱི་རོལ་གྱི་ཟུར་དུ་བཀལ་བ་དང་། དེ་ལྟར་རྡོག་རྒྱག་བྱས་པའི་རྐང་གྲུག་དེ་ཉ་རྒྱ་ཡིས་བཟུང་ནས། རྐང་གྲུག་འཛུལ་མིན་གྱི་རྩོད་པ་ཞི་བར་གྱུར།  ཁོང་གི་བསམ་འཆར་ལ་རྐང་གྲུག་ལུས་རྩལ་པ་དང་ཤན་འབྱེད་པའི་མོས་མཐུན་ཐོབ་་ཅིང་། ཕྱོགས་གཉིས་ཀྱིས་མྱུར་དུ་ཉ་རྒྱ་བཀལ་ནས་མུ་མཐུད་དུ་འགྲན་སྡུར་བྱས་ནས་ལྟད་མོ་བས་ཀྱང་རྐང་གྲུག་འཛུལ་མིན་གསལ་པོར་མཐོང་། བྱེད་ཐབས་འདིས་རྐང་གྲུག་འགྲན་སྡུར་ཁྲོད་རྐང་གྲུག་འཛུལ་མིན་གྱི་བརྡར་ཤ་གཅོད་དཀའ་བའི་དཀའ་གནད་ཆེན་པོ་ཞིག་ཐག་གཅོད་བྱས། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།