གདོང་ལེན་བར་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདོང་ལེན་བར་མ།
གདོང་ལེན་བར་མ(དབྱིན་ཇིའི་སྐད་དུ། Central Forward)ཞེས་པ་རྐང་གྲུག་ལུས་རྩལ་པས་འགྲན་གནས་སམ་རུ་མིའི་མིང་ཡིན་ལ། དེ་ནི་རུ་མི་ཡོངས་ཀྱིས་ཕ་རོལ་པར་བརྒལ་ནས་གཙོ་ཤུགས་ཉམས་པར་བྱེད་པའི་འགྲན་གནས་ཤིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中锋
རིགས།
རྐང་གྲུག
ཕྱི་ཡིག་གི་མིང་།
Center-forward
1 ​ངོ་སྤྲོད། 

གདོང་ལེན་བར་མ(དབྱིན་ཇིའི་སྐད་དུ། Central Forward)ཞེས་པ་རྐང་གྲུག་ལུས་རྩལ་པས་འགྲན་གནས་ཤིག་གི་མིང་ཡིན་ལ། དེ་རུ་རུ་མི་ཡོངས་ཀྱིས་ཕ་རོལ་པར་བརྒལ་ནས་གཙོ་ཤུགས་ཉམས་པར་བྱེད་པའི་འགྲན་གནས་ཤིག་ཀྱང་ཡིན། བྱེད་སྒོའི་ཁྱབ་ཁོངས་གཙོ་བོ་ནི་འགྲན་རའི་མདུན་གྱི་བཀག་ཁུལ་ཉེ་འགྲམ་ཡིན་ཞིང་། བྱང་ཆུབ་པའི་རྩལ་ནུས་དང་མྱུར་ཚད་ལ་བསྟེན་ནས་ཕ་རོལ་པོའི་འགོག་སྲུང་གཏོར་བ་དང་།  སྒོ་ནང་དུ་འཕངས་ནས་སྐར་མ་ལེན་པའམ་ཡང་ན་རོགས་པ་ཚོར་ཐོབ་སྐར་གྱི་གོ་སྐབས་ཡག་པོ་བསྐྲུན་རྒྱུ་དེ་རེད། ཕར་རྒོལ་ནས་འགོག་སྲུང་དུ་བསྒྱུར་བའི་སྐབས་སུའང་ཧུར་བརྩོན་གྱིས་འཕྲོག་རེས་བྱེད་དགོས་པ་དང་། ཕར་ཕྱོགས་ཀྱི་ཚུར་རྒོལ་རྩ་འཛུགས་ལ་བཀག་འགོག་བྱེད་དགོས། ཕྱོགས་ཡོངས་དང་ཞིབ་ཅིང་ཕྲ་བའི་ལག་རྩལ་ལྡན་དགོས་པ་དང་། དཔའ་ངར་ཞུམ་མེད་ཀྱི་སྤྱོད་ཚུལ་ལྡན་དགོས། རྐང་གྲུག་དེད་ནས་གློ་བུར་དུ་འགོག་སྲུང་འཛིང་རགས་གཏོར་དགོས་པ་དང་། མགོ་བོས་རྐང་གྲུག་རྩོད་ལེན་བྱེད་དགོས། གདོང་མཆོང་བར་མ་གཉིས་ཀྱི་རྒྱག་སྟངས་སྤྱོད་སྐབས། གཅིག་ནི་མདུན་གྱི་གདོང་མཆོང་བར་མ་ཡིན་པ་དང་། འགྲན་གནས་ནི་གདོང་མཆོང་བར་མ་གཞན་ཞིག་ལས་ཅུང་སྔོན་དུ་ཡོད་པ་དང་། རལ་གྲི་ལྟ་བུའི་ནུས་པ་ཐོན་གྱི་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།