གཟེབ་གྲུག་འགྲན་སྡུར།

གཟེབ་གྲུག་ལུས་རྩལ་ནི་ཨ་རི་ནས་དར་བ་ཡིན། སྤྱི་ལོ1891ལོའི་ཟླ12ཚེས21ཉིན། ཨ་རིའི་མ་ས་ཀྲུའུ་སའེ་ཁུལ་གྱི་སི་ཕུའུ་ལིན་ཧྥེ་ཨེར་ཏི་ཡེ་ཤུའི་ཆོས་ལུགས་གཞོན་ནུ་སྦྱོང་བརྡར་སློབ་གྲྭའི་ལུས་སྦྱོང་དགེ་རྒན་ཇེམ་སི་ནིས་སྨི་སིས་གསར་གཏོད་གནང་བ་ཡིན། སྤྱི་ལོ1896ལོར། གཟེབ་གྲུག་ཀྲུང་གོ་ལ་དར།

རིགས་དབྱེ།  

ཨ་རིའི་ཆེད་ལས་གཟེབ་གྲུག་མཉམ་འགྲན།

གཟེབ་གྲུག་གི་རྒྱལ་ཁམས་སུ་གྲགས་པའི་ཨ་རི་ལ་མི་འབོར་ཁྲི་ཚོ་བརྒྱའི་ཡན་གྱི་གཟེབ་གྲུག་ལུས་རྩལ་བ་མངའ། ཨ་རིའི་གཟེབ་གྲུག་ཆུ་ཚད་མཐོ་ཤོས་མཚོན་པའི་འགྲན་སྡུར་ནི་ཨ་རིའི་ཆེད་ལས་གཟེབ་གྲུག་མཉམ་འགྲན་ཏེ་བསྡུས་མིང་དུNBAཟེར་བ་དེ་ཡིན།

རིགས་དབྱེ།  

ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག

ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ནི་ཨ་རིའི་ཚབ་བྱས་ཏེ་རྒྱལ་སྤྱིའི་གཟེབ་གྲུག་འགྲན་སྡུར་སྣ་ཚོགས་ལ་ཞུགས་པའི་རུ་ཁག་ཡིན་ཞིང་། མིང་གཞན་ལ“རྨི་སྙེག་རུ་ཁག”ཏུ་འབོད་པ་ཡིན། སྒྲ་དོག་པའི“རྨི་སྙེག་རུ་ཁག”ནི་མི་རྣམས་ཀྱིས་པཱ་སའེ་ལུའོ་ནའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔའི་སྟེང་གསེར་གྱི་རྟགས་མ་བླངས་བའི་ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ཏུ་འབོད་པ་ཡིན།

རིགས་དབྱེ།  

མེང་ཧྥེ་སི་དོམ་ནག་རུ་ཁག

མེང་ཧྥེ་སི་དོམ་ནག་རུ་ཁག་ནི་ནི་སྤྱི་ལོ1995ལོརNBAརུ་ཞུགས་པ་དང་ཨ་རིའི་ཐེན་ནཱ་ཞི་མངའ་ཁུལ་གྱི་མེང་ཧྥེ་སི་གྲོང་ཁྱེར་གྱི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མཐུན་ཚོགས་ཀྱི་ལྷོ་ནུབ་འགྲན་ཁུལ་དུ་གཏོགས།

རིགས་དབྱེ།  

ཕོ་ཐུ་ལན་གསར་འབྱེད་མཁན་རུ་ཁག

ཕོ་ཐུ་ལན་གསར་འབྱེད་མཁན་རུ་ཁག་ནི་སྤྱི་ལོ1970ལོར་བཙུགས་རྗེསNBAམནའ་འབྲེལ་དུ་ཞུགས་པ་དང་ཨ་རིའི་ཨུ་ལུ་ཀང་མངའ་ཁུལ་གྱི་ཕོ་ཐུ་ལན་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ནུབ་བྱང་འགྲན་ཁུལ་དུ་གཏོགས།

རིགས་དབྱེ།  

ཧྥེ་ཉི་ཁུ་སི་ཉིན་བྱེད་རུ་ཁག

ཧྥེ་ཉི་ཁུ་སི་ཉིན་བྱེད་རུ་ཁག་ནི་ཨ་རིའི་ཡཱ་ལི་སང་ནཱ་མངའ་ཁུལ་གྱི་ཧྥེ་ཉི་ཁུ་སི་ལྟེ་གནས་ཡིན་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། སྤྱི་ལོ1968ལོར་བཙུགས་ཤིང་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ཞི་བདེ་རྒྱ་མཚོའི་འགྲན་ཁུལ་དུ་གཏོགས།

རིགས་དབྱེ།  

ཏུའོ་ལུན་ཏུའོ་གཏུམ་འབྲུག་རུ་ཁག

ཏུའོ་ལུན་ཏུའོ་གཏུམ་འབྲུག་རུ་ཁག་ནི་ཁཱ་ན་ཏའི་ཨན་ཏཱ་ལུའེ་ལྟེ་གནས་གྲོང་ཁྱེར་ཏུའོ་ལུན་ཏུའོ་རུ་ཡོད་པའི་ཆེད་ལས་ཅན་གྱི་གཟེབ་གྲུག་རུ་ཁག་ཅིག་ཡིན། སྤྱི་ལོ1995ལོར་བཙུགས་ཤིང་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མནའ་འབྲེལ་གྱི་ནུབ་རྒྱ་མཚོ་ཆེན་མོའི་འགྲན་ཁུལ་དུ་་གཏོགས།

རིགས་དབྱེ།  

པུའུ་ལུའུ་ཁུ་ལིན་གཟེབ་དྲ་རུ་ཁག

པུའུ་ལུའུ་ཁུ་ལིན་གཟེབ་དྲ་རུ་ཁག་ནི་ཨ་རིའི་ཉིའུ་ཡོག་མངའ་ཁུལ་གྱི་ཉིའུ་ཡོག་གྲོང་ཁྱེར་པུའུ་ལུའུ་ཁུ་ལིན་ཁུལ་དུ་ཡོད་པའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ། སྤྱི་ལོ1967ལོར་བཙུགས་ཤིང་སྤྱི་ལོ1976ལོར་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མནའ་འབྲེལ་གྱི་ནུབ་རྒྱ་མཚོ་ཆེན་མོའི་འགྲན་ཁུལ་དུ་གཏོགས།

རིགས་དབྱེ།  

མའེ་ཨ་སྨི་མེ་འབར་རུ་ཁག

མའེ་ཨ་སྨི་མེ་འབར་རུ་ཁག་ནི་སྤྱི་ལོ1988ལོར་བཙུགས་ཤིངNBAརུ་ཞུགས། དེ་ནི་ཨ་རིའི་ཧྥོ་ལུའོ་ལི་ཏཱ་མངའ་ཁུལ་གྱི་མའེ་ཨ་སྨི་གྲོང་ཁྱེར་གྱི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་པ་དང་། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མཐུན་ཚོགས་ཀྱི་ཤར་ནུབ་འགྲན་ཁུལ་དུ་གཏོགས། མེ་འབར་རུ་ཁག་གི་ནི་འགྲན་སྡུར་གཙོ་གནས་ནི་མའེ་ཧང་དཀྱིལ་སྙིང་གཟེབ་གྲུག་ཁང་དུ་བཙུགས་ཡོད།

རིགས་དབྱེ།  

ཞྭ་ལུའོ་ཐུ་སེར་སྦྲང་རུ་ཁག

ཞྭ་ལུའོ་ཐུ་སེར་སྦྲང་རུ་ཁག་ནི་ཨ་རིའི་ཁཱ་ལུའོ་ལའེ་ནཱ་བྱང་མའི་མངའ་ཁུལ་དུ་ཡོད་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། སྔོན་གྱི་མིང་ལ་ཞཱ་ལུའོ་ཐུ་ཞི་ལ་རུ་ཁག་ཟེར་བ་དང་སྤྱི་ལོ2004ལོར་བཙུགས་ཤིངNBAརུ་ཞུགས། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མཐུན་ཚོགས་ཀྱི་ཤར་ནུབ་འགྲན་ཁུལ་དུ་གཏོགས།

རིགས་དབྱེ།  

སྤོ་ལོ་ཐང་།

སྤོ་ལོ་ཐང་ནི་གྲུ་བཞི་ནར་མོའི་དབྱིབས་ཀྱི་འགོག་དངོས་མེད་པའི་ངོས་སྙོམས་ཤིག་ཡིན་པ་དང་། སྤོ་ལོ་ཐང་གི་རིང་ཚད་ལ་སྨི28དང་། ཞེང་ལ་སྨི15ཡོད། སྤོ་ལོ་ཐང་གི་འཛུགས་བསྐྲུན་གྱི་རྒྱུ་ཆ་ལ་ས་རྒྱུ་དང་། ཨར་འདམ། ཤིང་རྒྱུ་སོགས་ཡོད། ད་ལྟ་འགྱིག་གིས་བསྐྲུན་པའི་སྤོ་ལོ་འགྲན་བསྡུར་ཐང་བཀོལ་སྤྱོད་བྱེད་པ་ཅུང་མང་། ས་རྒྱུ་དང་། ཨར་འདམ། སྣུམ་སྙིགས་བཅས་ཀྱིས་བསྐྲུན་པའི་སྤོ་ལོ་ཐང་ཅུང་གྲོན་ཆུང་ཡིན་པ་དང་། སློབ་གྲྭ་ཆེན་མོ་དང་གཞི་རིམ་ལས་ཁུངས་སོགས་སུ་བཀོལ་སྤྱོད་བྱེད་པ་ཅུང་མང་། འོན་ཀྱང་ས་ངོས་ངེས་པར་དུ་ཁོད་སྙོམས་བཟོས་ཏེ། གནོད་འཚེ་ཐེབས་པའི་དོན་རྐྱེན་མི་འབྱུང་བར་བྱ་དགོས།

རིགས་དབྱེ།  

སྐར་ཆ་གསུམ་ཁུལ།

སྐར་ཆ་གསུམ་ཁུལ་ཞེས་པ་ནི་ཚུར་རྒོལ་མཁན་ཕྱོགས་ཀྱི་སྤོ་ལོ་བ་ཞིག་ཕན་ཡོད་ཕར་རྒོལ་གནས་ནས་དུས་འགྱངས་བྱེད་དྲགས་པ་ཚོད་འཛིན་བྱེད་ཆེད་རྟགས་རྒྱབ་པའི་ས་ཁུངས་ཤིག་ཡིན། ས་ཁོངས་དེ་གར་ཚུར་རྒོལ་བྱེད་མཁན་ཕྱོགས་ཀྱིས་སྤོ་ལོ་ཚོད་འཛིན་བྱེད་འགོ་བཙུགས་ཚེ་ཚུར་རྒོལ་བྱེད་མཁན་ཕྱོགས་ཀྱི་སྤོ་ལོ་བ་སུ་ཡིན་རུང་དུས་ཚོད་སྐར་ཆ3ལས་བརྒལ་མི་རུང་། དེ་འདྲ་མ་བྱས་ཚེ་འགོག་སྲུང་བྱེད་མཁན་ཕྱོགས་ལ་དྲང་གཞག་མིན་པས་ཕར་རྒོལ་ཕྱོགས་ཀྱི་བྱ་སྤྱོད་ལ་ཆད་པ་གཅོད་དགོས། བྱེ་བྲག་གི་ཆད་གཅོད་ནི་རྒོལ་འགོག་བརྗེ་རྒྱུ་དེ་ཡིན། སྐར་ཆ3ནང་ཚུན་དུ་ལུས་པའི་ཕར་རྒོལ་བྱེད་མཁན་ཕྱོགས་དུས་ཚོད་ལས་བརྒལ་ཚེ་ནོར་འཛོལ་ལྟར་ཐག་གཅོད་བྱེད་པ་ལས་སྒྲིག་འགལ་ལྟར་ཐག་གཅོད་མི་བྱ།

རིགས་དབྱེ།  

སྤོ་སྒྲོམ།

སྤོ་སྒྲོམ་ནི་སྤོ་ལོ་ཐང་གི་དགོས་ངེས་ཀྱི་སྒྲིག་ཆས་དང་། སྤོ་ལོའི་ལུས་རྩལ་གྱི་ཡོ་བྱད་ཅིག་ཡིན་ལ། དེ་ནི་གྲུག་པང་དང་གྲུག་པང་གི་ཀ་རྟེན་གྱིས་གྲུབ་ཡོད། སྤོ་ལོ་ཐང་གི་སྣེ་གཉིས་ཀྱི་དཀྱིལ་དུ་བཙུགས་ཡོད། ད་ལྟ་བཀོལ་སྤྱོད་བྱེད་པའི་སྤོ་སྒྲོམ་གྱི་རྣམ་པའི་རིགས་ལ་གཤེར་གནོན་རྣམ་པ། སྤོ་སྒུལ་རྣམ་པ། གཏན་འཇགས་རྣམ་པ། སྒྱོགས་རྣམ་སོགས་ཡོད། སྤོ་སྒྲོམ་རིགས་གང་ཞིག་བཀོལ་ནའང་། ངེས་པར་དུ་དྲག་ཚད་དང་མཁྲེགས་ཚད་འདང་ངེས་ཤིག་ཡོད་པར་ཁག་ཐེག་བྱེད་དགོས་པ་དང་། སྤོ་ལོས་ཤུགས་ཆེན་པོས་སྤོ་སྒྲོམ་ལ་བརྡབས་རྗེས་འདར་འགུལ་དང་དབྱིབས་འགྱུར་བྱུང་ནས་སྤོ་ལོའི་སླེའུ་ཡི་སྙོམས་ངོས་ཀྱི་ཚད་གཞི་དང་གནས་ས་ལ་ཤུགས་རྐྱེན་ཐེབས་མི་རུང་བ་བྱེད་དགོས།

རིགས་དབྱེ།  

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་གཟེབ་གྲུག་ལུས་རྩལ་དོ་དམ་ལྟེ་གནས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་གཟེབ་གྲུག་ལུས་རྩལ་དོ་དམ་ལྟེ་གནས་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཐད་གཏོགས་བྱ་གཞག་ཚན་པ་ཞིག་ཡིན་པ་དང་དུས་མཚུངས་ཀྲུང་གོའི་གཟེབ་གྲུག་མཐུན་ཚོགས་ཀྱི་རྒྱུན་བཙུགས་ལས་སྒྲུབ་སྒྲིག་གཞི་ཞིག་ཀྱང་ཡིན་པ་མ་ཟད། གཟེབ་གྲུག་ལུས་རྩལ་རྣམ་གྲངས་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་པའི་འགན་ནུས་ཀྱང་སྤྲད་པ་རེད། གཟེབ་གྲུག་ལུས་རྩལ་ལ་མཛུབ་ཁྲིད་དང་། གཟེབ་གྲུག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་རུ་ཁག་བཙུགས་ནས་རིམ་པ་ཁག་གི་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་པ། རིམ་པ་ཁག་གི་ལུས་རྩལ་རུ་ཁག་འཛུགས་སྐྲུན། རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་། རྣམ་གྲངས་ཐོ་འགོད་དོ་དམ། འགྲན་བསྡུར་འཆར་གཞིའི་སྒྲིག་སྲོལ་གཏན་འབེབས། ཤན་འབྱེད་པའི་དཔུང་ཁག་དོ་དམ། འགྲན་བསྡུར་དོ་དམ་དང་རྩ་འཛུགས། རྩལ་འཁྲིད་པའི་རིམ་པ་སྦྱོང་བརྡར། ངར་སྐུལ་སྨན་རྫས་ལ་ངོ་རྒོལ་བྱེད་པའི་དོ་དམ། འབྲེལ་ཡོད་ཚན་ཞིབ། སྤྱི་ཚོགས་ཀྱི་ལན་ཆིའུ་སྤོ་ལོ་བཅས་ཀྱི་ཚོང་དོན་གསར་སྤེལ་བཅས་བྱེད་དགོས།

རིགས་དབྱེ།  

དྲ་ཕད་སྤོ་ལོ།

དྲ་ཕད་ནི་སྤོ་ལོ་དེར་དམིགས་འབེན་དུ་འཕེན་པའི་གཟུར་ཚད་འགྲན་བསྡུར་བྱེད་པའི་སྤོ་ལོའི་རིགས་ཀྱི་འགུལ་སྐྱོད་ཅིག་ཡིན། མཆོང་ལྡིང་དང་རྒྱུག་པ། འཕེན་པ་སོགས་ཀྱི་མིང་གཞིའི་རྩ་བའི་འགུལ་སྐྱོད་དང་འཐབ་རྩལ། རྩ་འཛུགས་བཅས་ཀྱིས་གྲུབ།

རིགས་དབྱེ།  

པའོ་ལེན་སྤོ་ལོ།

པའོ་ལེན་སྤོ་ལོ་ནི་ཤིང་གི་ཐང་གཅལ་སྟེང་དུ་སྤོ་ལོས་ཤིང་གི་གྲུ་བུམ་པ་དག་འགྱེལ་པར་བྱེད་པའི་ཁང་བའི་ནང་གི་རྩེད་མོའི་རིགས་ཤིག་ཡིན། པའོ་ལེན་སྤོ་ལོ་ནི་མིའི་རིགས་ཀྱི་སྤོ་ལོའི་ནང་གི་ཆེས་སྔ་བའི་རིགས་ཤིག་ཡིན།འགྲན་བསྡུར་དེ་ལ་མི་སྒེར་དང་མི་མང་པོའི་རྩེ་ཚུལ་གཉིས་ཡོད། འགྲན་བསྡུར་མ་བྱས་པའི་སྔོན་དུ་རྒྱན་ལེན་པ་ལ་བརྟེན་ནས་ལམ་གྲངས་དང་སྤོ་ལོའི་སྔ་རྗེས་འདེམས་པ་རེད།

རིགས་དབྱེ།  

རྩིག་ལྒང་།

རྩིག་ལྒང་ནི་མི་གཉིས་ཀྱི་ལག་ཏུ་ལྒང་ལི་འགོག་བྱེད་ཀྱི་ཡོ་བྱེད་ཅིག་བཟུང་ནས་ཁང་བའི་ནང་དུ་ཕན་ཚུན་བར་སྤོ་ལོ་གཡུག་པའི་རྩེད་མོའི་རིགས་ཤིག་ཡིན་ལ། སྤྱི་ལོ1830ལོར་དབྱིན་ཇི་རྒྱལ་ཁབ་ཀྱི་སྐད་གྲགས་ཆེ་བའི་སྐུ་དྲག་གི་སློབ་གྲྭ་སྟེ། ཧ་ལའོ་ཀུང་གི་སློབ་མས་གསར་བཏོད་བྱས་པ་ཡིན། དུས་རབས9པའི་མཇུག་ཏུ་དབྱིན་ཇིས་འཛམ་གླིང་ལ་བཙན་འཛུལ་བྱས་པ་དང་བསྟུན་ནས་དབྱིན་ཇིའི་རྩིག་ལྒང་ཡང་དབྱིན་དམག་དང་སྦྲགས་ཏེ་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ།

རིགས་དབྱེ།  

རྒྱབ་སྲུང་བ།

གཟེབ་གྲུག་འགྲན་བསྡུར་སྐབས་སུ་རྒྱབ་སྲུང་མཁན་གྱི་ལུས་རྩལ་པ་གཉིས་ཡོད་དེ། དེ་ནི་གཟེབ་གྲུག་ཚོད་འཛིན་བྱེད་པའི་རྒྱབ་སྲུང་བ་དང་། སྐར་འབྲས་ལེན་མཁན་གྱི་རྒྱབ་སྲུང་བ་བཅས་ཚུད་ཡོད།

རིགས་དབྱེ།  

ཀླད་འགེབ།

ཀླད་འགེབ་ཅེས་པ་གཟེབ་གྲུག་དང་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་འགྲན་སྡུར་སྐབས་སུ་སྤྱོད་པའི་བརྡ་ཆད་ཅིག་ཡིན། འགོག་སྲུང་རུ་མི་སླེ་དྲའི་སྟེང་ཡར་མཆོངས་ཏེ་ལག་པ་ཟུང་གིས་ནུས་ཤུགས་ཡོད་དགུས་ཕ་རོལ་པས་གཟེབ་གྲུག་འཕེན་པ་མྱུར་དུ་མར་གནོན་པ་ཞིག་ཡིན་ལ། སྐབས་དེའི་ལག་པ་ཟུང་ནི་ཀླད་འགེབ་པ་དང་འདྲ་བས་མིང་དེ་ལྟར་དུ་བཏགས་སོ། །

རིགས་དབྱེ།  

སླེ་དྲྭ།

སླེ་དྲྭ་ཞེས་པ་གཟེབ་གྲུག་གི་སླེ་དྲྭ་སྟེ། གཟེབ་གྲུག་གདང་བུའི་སླེ་ཀོར་ཁར་འདོགས་པའི་ཐག་དྲྭ་ལ་ཟེར།

རིགས་དབྱེ།  

གྲུག་རྩོད།

གྲུག་རྩོད་ཅེས་པ་རུ་ཁག་གཉིས་ཀྱི་རུ་མིས་ཕན་ཚུན་གཟེབ་གྲུག་དམ་པོར་འཆང་བ་འཕྲོག་རེས་བྱེད་པ་ཞིག་ཡིན་པས། དུས་ནམ་ཡིན་ཡང་འགོག་སྲུང་རུ་མིས་གཟེབ་གྲུག་ལ་རེག་པའི་གོ་སྐབས་བྱུང་ཚེ་གཞན་གྱི་ལག་ནས་གཟེབ་གྲུག་ལེན་ཅི་ཐུབ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

མཆོང་འཕེན།

མཆོང་འཕེན་ཞེས་པ་ཡར་མཆོང་བའི་རུ་མི་གཉིས་ཀྱི་རྐང་པ་སྒོར་ཕྱེད་ཀྱི་ནང་དུ་བསྒྲེང་ནས། རྐང་པ་ཡ་གཅིག་གིས་བར་ཐིག་གི་ལྟེ་བ་དང་ཉེ་བར་གཏོད་པ། ཁྲུན་གཅོད་པས་མཆོང་འཕེན་མཁན་གཉི་གའི་བར་དུ་གཟེབ་གྲུག་དྲང་མོར་ཡར་འཕེན་ཞིང་། གཟེབ་གྲུག་གཡུགས་པའི་མཐོ་ཚད་ནི་མཆོང་ལྡིང་རུ་མི་མཆོང་བའི་མཐོ་ཚད་ལས་བརྒལ་དགོས་པ་མ་ཟད། གཟེབ་གྲུག་ཁོ་ཚོའི་བར་དུ་མར་ལྷུང་དགོས། གཟེབ་གྲུག་ཆེས་མཐོ་སར་སླེབས་རྗེས་ངེས་པར་དུ་ཕྱོགས་གཉི་གས་གཟེབ་གྲུག་ཁྲིམས་མཐུན་གྱི་སྒོ་ནས་རྩོད་དགོས།

རིགས་དབྱེ།  

གྲུག་འདེད།

གྲུག་འདེད(dribble)ཞེས་པ་གཟེབ་གྲུག་འགྲན་སྡུར་སྐབས་སུ་མི་སྒེར་གྱིས་ཕར་རྒོལ་བྱེད་པའི་རྩལ་ནུས་ཤིག་ཡིན་མོད། འོན་ཀྱང་མི་གཅིག་པུས་ཕར་རྒོལ་བྱེད་པའི་བྱེད་ཐབས་ཙམ་མིན་པར་རུ་མི་ཡོངས་ཀྱིས་ཕར་རྒོལ་བྱེད་པར་འཐབ་རྩལ་མཉམ་འབྲེལ་གྱི་སྐས་ཐེམ་ལྟ་བུ་ཡིན་ནོ། །

རིགས་དབྱེ།  

ཐུར་འཛུད།

ཐུར་འཛུད་ནི་གཟེབ་གྲུག་མེ་ཏོག་དབྱིབས་ལྟ་བུའི་རྒྱག་སྟངས་ཤིག་ཡིན་པ་དང་། དེས་ལྟད་མོ་པ་རྣམས་ཀྱི་སེམས་ཤུགས་ཉམས་སུ་འཇུག་པའི་བྱེད་ཐབས་ཤིག་ཀྱང་ཡིན། ལྷག་པར་དུ་གཟེབ་གྲུག་ནང་དུ་འཛུད་སྐབས། དྲག་ཤུགས་ཆེ་བས་རྟག་ཏུ་མི་རྣམས་ཀྱིས་གྲུག་སྒོམ་ལ་གཏོར་སྐྱོན་བཟོ་བར་སེམས་ཁྲལ་བྱེད་ཀྱི་ཡོད།

རིགས་དབྱེ།  

གྲུག་བརྒྱུད།

གཟེབ་གྲུག་གྲུག་བརྒྱུད་ཀྱི་ནུས་རྩལ་གཙོ་བོ་ལ་ལག་ཟུང་གིས་མདུན་དུ་གཟེབ་གྲུག་བརྒྱུད་སྤྲོད་དང་། ལག་པ་ཡ་གཅིག་གིས་དཔུང་སྟེང་དུ་བརྒྱུད་སྤྲོད་བྱེད་པའམ། ཡང་ན་ཟུར་ལོགས་ནས་བརྒྱུད་སྤྲོད་བྱེད་པའི་གྲུག་བརྒྱུད་ནུས་རྩལ་ཞིག་ཡིན་ནོ། །

རིགས་དབྱེ།  

སླེ་འཕེན།

སླེ་འཕེན་ཞེས་པ་གཟེབ་གྲུག་འགྲན་སྡུར་སྐབས་སུ་་རུ་མི་ཚོས་་ལུགས་མཐུན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཕ་རོལ་པོའི་སློ་མའི་ནང་སྤོ་ལོ་འཕེན་པའི་བྱ་ཐབས་ཤིག་ཡིན།

རིགས་དབྱེ།  

འདེད་སྲུང་།

འདེད་སྲུང་ཞེས་པ་གཟེབ་གྲུག་འགོག་སྲུང་འཐབ་རྩལ་ལས་ཆེས་གཞི་རྩའི་འཐབ་རྩལ་གྱི་རྣམ་པ་ཞིག་ཡིན། བཀོལ་སྤྱོད་ཀྱི་ཕྱོགས་ནས་བལྟས་ན། དེས་ཕན་ནུས་ལྡན་པའི་སྒོ་ནས་འགྲན་ཡ་ལ་ཚོད་འཛིན་དང་། ཕ་རོལ་པོའི་རམ་འདེགས་ཀྱི་ཁྱབ་ཁོངས་སམ་ཕར་རྒོལ་གྱི་གཙོ་གནད་ལ་གཞིགས་ནས་དུས་ཐོག་ཏུ་གོ་གནས་ལེགས་སྒྲིག་གིས་སྟོབས་ཤུགས་བཀོད་སྒྲིག་བྱེད་ཐུབ། དེར་བརྟེན། དེ་ནི་ཕར་རྒོལ་རང་བཞིན་ཅུང་ཆེ་བའི་འགོག་སྲུང་འཐབ་རྩལ་ཞིག་ཡིན།

རིགས་དབྱེ།  

གྲུག་བསྒྲིལ།

གྲུག་བསྒྲིལ་ཞེས་པར་གྲུག་འདེད་ཀྱང་ཟེར་ཞིང་། དེ་ནི་རྐང་གྲུག་འགྲན་སྡུར་སྐབས་ཀྱི་འགྲན་རྩལ་ཞིག་ཡིན་པ་དང་། རྐང་པས་རྐང་གྲུག་དེད་ནས་རྒྱུག་ལ་རུ་མི་དང་མཉམ་དུ་རྐང་གྲུག་ཚོད་འཛིན་གྱིས་ཕར་འདེད་བྱེད་སྟངས་ཤིག་ཡིན།

རིགས་དབྱེ།  

ལྒང་ཆད་འཕེན་ཐིག

གཟེབ་གྲུག་ར་བར་དུས་རྒྱུན་སྒྲིག་འགལ་བྱས་ཚེ་ལྒང་ཆད་གཅོད་གནས་སུ་གྱུར་པས་ལྒིང་ཆད་འཕེན་ཐིག་ཅེས་ཡོངས་སུ་གྲགས་པ་ཞིག་གོ།

རིགས་དབྱེ།  

སྒྲིག་འགལ།

སྒྲིག་འགལ་ཞེས་པ་གཟེབ་གྲུག་འགྲན་སྡུར་སྐབས་སུ་གཞན་གྱི་སྒྲིག་འགལ་དང་། ལུས་རྩལ་ཀུན་སྤྱོད་དང་འགལ་བའི་སྒྲིག་འགལ། འགྲན་སྡུར་ལ་ཞུགས་པའི་ཐོབ་ཐང་མེད་པར་བཟོ་བའི་སྒྲིག་འགལ་བཅས་སུ་མི་གཏོགས་ལ། ལག་རྩལ་སྒྲིག་འགལ་གྱི་བྱ་སྤྱོད་དུའང་ཚུད་མེད་དོ། ། སྤྱིར་བཏང་དུ་སྒྲིག་འགལ་ཞེས་པ་ཕ་རོལ་པས་ཆེད་དུ་དམིགས་པའི་སྒྲིག་སྲོལ་ཡིག་དང་འགལ་བའི་བྱ་བ་ཞིག་མིན་པས། ཐོ་བཀོད་བྱས་ཀྱང་མི་བརྩི། སྤྱིར་སྣང་ཚུལ་དེའི་རིགས་ནི་ཕར་ཕྱོགས་ཀྱི་ཐིག་གི་ཕྱི་ནས་མངོན་བཞིན་ཡོད།

རིགས་དབྱེ།