དར་ངོས་སྤོ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དར་ངོས་སྤོ་ལོ།
དར་ངོས་སྤོ་ལོ་ནི་དར་ངོས་སུ་དར་ཤུད་སྟངས་སྟབས་དང་བདེ་ལྕག་འཁྱུག་པོས་དབྱུག་རྩལ་གཉིས་གཞི་གཅིག་ཏུ་གྲུབ་པའི་འགྲན་རྩོད་རང་བཞིན་ལྡན་པའི་སྤོ་ལོའི་ལུས་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
冰球
ཕྱི་ཡིག་གི་མིང་།
ice hockey
འབྱུང་ཡུལ།
ཁ་ན་ཏ།
དར་དུས།
དུས་རབས་བཅུ་དགུ་པའི་མཇུག
འགྲན་ཞུགས་མི་གྲངས།
མི་དྲུག
1 ངོ་སྤྲོད།

དར་ངོས་སྤོ་ལོའི་ལུས་རྩལ་ནི་དུས་རབས19པར་ཁ་ན་ཏ་ནས་དར། སྔོན་དུས་ཁ་ན་ཏ་ཅིན་སི་ཏོན་ནས་དར་བའི་རྩེད་མོ་ཞིག་ཡིན་ལ། མི་སྣའི་གྲངས་ཀ་དང་ལུས་རྩལ་ར་བ་སོགས་ལ་ངེས་གཏན་མེད། རྩེད་མོ་འདི་ལ་འགྱུར་བ་དུ་མ་བྱུང་ནས་དར་ངོས་སྤོ་ལོའི་ལུས་རྩལ་དུ་གྱུར། ཁ་ན་ཏ་ནི་རྒྱལ་ཡོངས་དར་ངོས་སྤོ་ལོའི་འགྲན་བསྡུར་འཚོགས་མཁན་དང་ལུས་རྩལ་སྒྲིག་སྲོལ་ཕྱེ་བའི་རྒྱལ་ཁབ་ཐོག་མ་ཡིན།

2 ལོ་རྒྱུས།

སྤྱི་ལོ1908ལོར་རྒྱལ་སྤྱིའི་དར་ངོས་སྤོ་ལོའི་ལྷན་ཚོགས་བཙུགས། དར་ངོས་སྤོ་ལོ་ནི་སྤྱི་ལོ1920ལོར་པི་ལི་ཧྲིའི་ཨན་ཐྲི་ཕིའི་ཨོ་རྩལ་འགྲན་ཚོགས་སུ་འགྲན་བསྡུར་གྱི་རྣམ་གྲངས་སུ་ཚུད། ཁ་ན་ཏ་དང་ཨ་རི། ཨུ་རུ་སུ་སོགས་ནི་མིག་སྔའི་འཛམ་གླིང་དར་ངོས་སྤོ་ལོའི་སྔོན་ཐོན་གྱི་རྒྱལ་ཁབ་དག་ཡིན།

3 ཀྲུང་གོར་དར་ཚུལ།

ཀྲུང་གོའི་དར་ངོས་སྤོ་ལོ་དངོས་སུ་བཙུགས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས་སུ་ཡིན། གཙོ་བོ་ཧེ་ལུང་ཅང་དང་ཅི་ལིན་གཉིས་ནས་རྩ་འཛུགས་བྱེད་ཀྱི་ཡོད། སྤྱི་ལོ1955ལོ་ནས་བཟུང་། ལོ་རེར་རྒྱལ་ཡོངས་དར་ངོས་སྤོ་ལོའི་འགྲན་བསྡུར་ཐེངས་གཅིག་འཚོག་གི་ཡོད། སྤྱི་ལོ1956ལོའི་རྗེས་སུ། ཀྲུང་གོའི་བུད་མེད་ཀྱི་དར་ངོས་སྤོ་ལོ་ཚོགས་པ་ཡིས1992ལོར་དང་། སྤྱི་ལོ1994ལོར། སྤྱི་ལོ1997ལོར་བཅས་ཐེངས་གསུམ་ལ་འཛམ་གླིང་དར་ངོས་སྤོ་ལོ་འགྲན་བསྡུར་ཁྲོད་དུ་ཞུགས། སྤྱི་ལོ1998ལོར་ཨོ་རྩལ་འགྲན་ཚོགས་སུ་ཞུགས་ཤིང་། ཨང་བཞི་པ་བླངས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-25

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།