ཆུ་གྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་གྲུག
​ཆུ་གྲུག(Water polo)ཅེས་པ་ཆུ་ཐོག་ཏུ་ཐུན་མོང་གིས་སྤྱོད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན་ལ། དེ་ནི་ཆུར་རྐྱལ་བ་དང་མཉམ་དུ་ལག་གྲུག་དང་ཕྲེང་གྲུག་སྤོ་ལོའི་འགུལ་སྐྱོད་ཅིག་ཡིན་ཏེ། འགྲན་སྡུར་གྱི་དམིགས་འབེན་རྐང་གྲུག་འགྲན་སྡུར་དང་འདྲ་ལ། སྒོ་ནང་དུ་སྤོ་ལོ་འཕངས་པའི་མང་ཉུང་ལྟར་རྒྱལ་ཕམ་ཐག་གཅོད་བྱེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水球
མི་གྲངས།
རུ་ཁག་རེར་མི7 གསབ་ཞུགས་མི6
ཕྱི་ཡིག་གི་མིང་།
Water polo
འགྲན་ཡུན།
སྐར་མ32
གྲུབ་སྟངས།
རྐྱལ་རྩེད། ལག་གྲུག ཕྲེང་གྲུག
འབྱུང་ཡུལ།
དབྱིན་ཇི།
རྒྱལ་ཁ་ལེན་སྟངས།
སྤོ་ལོ་སྒོ་ནང་དུ་བཅུག་པའི་གྲངས་ཀ་མང་ཉུང་ལྟར་རྒྱལ་ཕམ་ཐག་གཅོད་པ།
བྱུང་དུས།
དུས་རབས19པའི་དུས་དཀྱིིལ།
སྒྲིག་འགལ་བྱེད་ཚུལ།
སྒོང་སྲུང་བའི་ཕྱི་རུ་མི་གཉིས་ཀྱིས་དུས་མཉམ་དུ་སྤོ་ལོ་འཛིན་པ་སོགས།
འཛམ་གླིང་གི་རུ་ཁག་སྟོབས་ཤུགས་ཅན།
ཁ་ན་ཏ་དང་། ཧོ་ལན། ཨ་རི། ཨོ་སི་ཁྲུ་ལི་ཡ་སོགས།
1 ངོ་སྤྲོད། 

ཆུ་གྲུག(Water polo)ཅེས་པ་ཆུ་ཐོག་ཏུ་ཐུན་མོང་གིས་སྤྱོད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན་ལ། དེ་ནི་ཆུར་རྐྱལ་བ་དང་མཉམ་དུ་ལག་གྲུག་དང་ཕྲེང་གྲུག་སྤོ་ལོའི་འགུལ་སྐྱོད་ཅིག་ཡིན་ཏེ། འགྲན་སྡུར་གྱི་དམིགས་འབེན་རྐང་གྲུག་འགྲན་སྡུར་དང་འདྲ་ལ། སྒོ་ནང་དུ་སྤོ་ལོ་འཕངས་པའི་མང་ཉུང་ལྟར་རྒྱལ་ཕམ་ཐག་གཅོད་བྱེད། 

2 བྱུང་འཕེལ། 

དུས་རབས19པའི་དུས་དཀྱིལ་དུ་དབྱིན་ཇིར་ཆུ་གྲུག་རྩེད་འཇོའི་ལུས་རྩལ་དར་ཞིང་། དང་ཐོག་མིའི་རིགས་ཆུ་ལ་རྐྱལ་སྐབས་སུ་ཆུ་ཐོག་ཏུ་རྐང་གྲུག་འདེད་པའི་རྩེད་འཇོའི་བྱ་འགུལ་སྤེལ་བས། ཆུ་ཐོག་རྐང་གྲུག་ཏུ་འབོད་ཅིང་། རྗེས་སུ་རིམ་གྱིས་འགྱུར་ནས་རུ་ཁག་གཉིས་ཀྱིས་ཆུ་གྲུག་འགྲན་རྩོད་ཀྱི་ལུས་རྩལ་རྣམ་པར་ཆགས། སྤྱི་ལོ1986ལོའི་སྐབས5པའི་འཛམ་གླིང་ཆུ་རྐྱལ་གཟེངས་རྟགས་འགྲན་སྡུར་དུ་སྐྱེས་མའི་ཆུ་གྲུག་དངོས་སུ་འགྲན་སྡུར་རྣམ་གྲངས་སུ་བདམས་ཤིང་འགྲན་སྡུར་བྱས། ཆུ་གྲུག་ལུས་རྩལ་ནི་དུས་རབས20པའི་ལོ་རབས20པར་ཀྲུང་གོའི་ཞང་ཀང་ནས་ཀོང་ཏུང་རྒྱུད་དུ་སྤེལ། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆུ་གྲུག སྤོ་ལོའི་ལུས་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-27

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།