ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >དམག་དོན། >དམག་མི།

དམངས་དམག

ཐོན་སྐྱེད་དང་ཁ་བྲལ་མེད་པའི་མང་ཚོགས་ཀྱི་དྲག་ཆས་རྩ་འཛུགས་ལ་ཟེར་བ་ཡིན། སྤྱིར་བཏང་དུ་རྒྱལ་ཁབ་བམ་ཆབ་སྲིད་ཚོགས་ཁག་གི་དྲག་ཆས་སྟོབས་ཤུགས་ཀྱི་གྲུབ་ཆའི་ཁག་ཅིག་ཡིན། རྒྱུན་གྲབས་དམག་དཔུང་གི་ལས་རོགས་དང་རྒྱབ་ཕྱོགས་སྟོབས་ཤུགས་ཀྱང་ཡིན། ལ་ཤས་ཤིག་གྲ་སྒྲིག་དམག་དང་མཉམ་འབྲེལ་བྱས་ཡོད་ལ། དེ་ནི་ཧྲག་དམག་གི་སྟོབས་ཤུགས་ཀྱི་གྲུབ་ཆ་ཡིན་ལ། ཡང་གྲ་སྒྲིག་དམག་གི་རྩ་འཛུགས་རྣམ་པའང་ཡིན།

རིགས་དབྱེ།  

ཅིན་དབྱི་ནན།

ཅིན་དབྱི་ནན་ནི་རྒྱ་རིགས་ཀྱི་སྐྱེས་པ་ཞིག་ཡིན་ཞིང་། སྤྱི་ལོ1952ལོར་འཁྲུངས་ཤིང་ཅང་ཞི་ཡུང་ཧྥེང་གི་མི་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཧྲའོ་ཅང་གི་དམག་མིའི་གོ་རྟགས་དང་། ཅུན་རིམ་པ། དགེ་རྒན་ཆེན་མོ། འཐབ་ཇུས་རིག་པའི་འབུམ་རམས་པའི་སློབ་དཔོན། ཀྲུང་གུང་གི“ཚོགས་ཆེན་ཐེངས་བཅུ་བདུན་པའི”འཐུས་མི། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་བཅས་ཡིན། སྤྱི་ལོ2019ལོའི་ཟླ12པའི་ཚེས12ཉིན་རྒྱལ་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་ལས་བྱེད་པའི་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱ་དགའ་ཐོབ་པ་རེད།

རིགས་དབྱེ།  

ཡིན་ཀྲུའོ།

ཡིན་ཀྲུའོ་ནི་རྒྱ་རིགས་ཀྱི་སྐྱེས་པ་ཞིག་ཡིན་པ་དང་། སྤྱི་ལོ1945ལོའི་ཟླ9བར་ཧྲའན་ཞི་ཡན་ཨན་དུ་སྐུ་འཁྲུངས་པ་དང་ཅང་ཞི་ཞིང་ཆེན་ཐའེ་ཧུ་རྫོང་གི་མི་ཡིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དམག་དོན་གནས་ཚུལ་སྦྲེལ་མཐུད་ལེ་ཚན་གྱི་མདོ་འཛིན་པ་དང་། དམག་དོན་ཆེད་མཁས་པ་གྲགས་ཅན་ཞིག་ཡིན། སྤྱི་ལོ1945ལོའི་ཟླ9བར་འཁྲུངས། ཀྲུང་གུང་ཏང་ཡོན་དང་མཚོ་དམག་ཆ་འཕྲིན་ཅན་གྱི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་སྒྲིག་ཆས་ཞིབ་འཇུག་ལྟེ་གནས་ཀྱི་ཕྱོགས་བསྡུས་རིགས་པའི་ཁུངས་སྐྱེལ་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་དང་། ཧྲའོ་ཅང་གི་དམག་མིའི་གོ་རྟགས་ཐོབ་ཡོད། དུས་ཡུན་རིང་བོར་དམག་དོན་རིག་གཞུང་ཞིབ་འཇུག་གི་བྱ་བ་བསྒྲུབས་པ་དང་། སྔོན་ཆད་མཚོ་དམག་འཐབ་ཇུས་ཞིབ་འཇུག་ཁང་གི་འགོ་འཛིན་གྱི་འགན་བཞེས་མྱོང་། ཞིབ་འཇུག་གི་ཁ་ཕྱོགས་ནི་མཚོ་དམག་འཐབ་ཇུས་དང་མཚོ་དམག་གཡུལ་འགྱེད། མཚོ་དམག་འཕེལ་རྒྱས་འཐབ་ཇུས་སོགས་ཡིན།

རིགས་དབྱེ།  

ཀྲང་ཀྲའོ་ཀྲུང་།

ཀྲང་ཀྲའོ་ཀྲུང་ནི་སྤྱི་ལོ1952ལོར་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ཡན་ཧྲན་རྫོང་དུ་སྐྱེས་པའི་རྒྱ་རིགས་ཤིག་ཡིན་ལ། རྒྱལ་སྲུང་སློབ་ཆེན་དམག་དོན་རྒྱབ་ཕྱོགས་ཞབས་འདེགས་དང་དམག་དོན་ཚན་རྩལ་སྒྲིག་ཆས་སློབ་ཁྲིད་ཞིབ་འཇུག་པུའུ་ཡི་དེ་སྔའི་ཀྲུའུ་རེན་གཞོན་པ། ཅུན་རིམ་པའི་གོ་གནས་གཞོན་པ། མཚོ་དམག་ཧྲའོ་ཅང་གི་གོ་རྟགས་དང་དགེ་རྒན་ཆེན་མོ། དམག་དོན་འཐབ་ཇུས་རིག་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན། དམག་དོན་སྒྲིག་ཆས་རིག་པའི་རིག་ཚན་གྱི་སྣེ་ཁྲིད་པ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཆེད་བསྐོས་དཔྱད་བརྗོད་པ་བཅས་ཡིན་པར་མ་ཟད། རྒྱལ་ཁབ་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་དང་དམག་དཔུང་གི་ཕུལ་བྱུང་ཤེས་ལྡན་མི་སྣའི་ལས་གནས་ཀྱི་ཕོགས་སྣོན་ལོངས་སུ་སྤྱོད་མཁན། ཀྲུང་གོའི་དམག་དོན་འབྱུང་འགྱུར་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོའི་རྒྱལ་སྲུང་ཚན་རྩལ་ཆ་འཕྲིན་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོའི་རྒྱ་མཚོ་རིག་པའི་ལྷན་ཚོགས་ཀྱི་ལས་འཛིན། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་སློབ་ཚོགས་ཀྱི་ཆེད་མངགས་ཞིབ་འཇུག་པ་བཅས་ཡིན། དུས་ཡུན་རིང་བོར་དམག་འཐབ་དམག་དཔུང་དང་ཚན་རིག་ཞིབ་འཇུག་ཁང་། དམག་དོན་སློབ་གླིང་བཅས་སུ་ལས་ཀ་བྱས། ཨ་རབ་ཀྱི་སྐད་དང་དབྱིན་ཡིག་ལ་མཁས་པར་མ་ཟད། འཇར་པན་གྱི་སྐད་ལའང་སྦྱང་བ་བྱས་མྱོང་། དབྱི་རག་དང་ཨ་རི། སུའེ་ཙེར། དབྱི་ཐ་ལི། དབྱི་སི་རལ། དབྱིན་ཇི། རྒྱ་གར་སོགས་ཀྱི་རྒྱལ་ཁབ་ཏུ་བྱ་བ་དང་འཚམས་འདྲིར་སོང་མྱོང་། སྔ་རྗེས་སུ་གྲུབ་འབྲས་ཁག8ལ་རྒྱལ་ཁབ་ཀྱི་པུའུ་ཨུད་དང་དམག་དཔུང་རིམ་པའི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཐོབ་ཡོད། སྤྱི་ལོ1993ལོ་ནས་བཟུང་རྒྱལ་ཁབ་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། སྤྱི་ལོ2006ལོ་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《འགོག་སྲུང་ལྟ་ཞིབ་གསར་བ》ཞེས་པའི་ལེ་ཚན་སྤེལ་བའི་ཁྲོད་དུ་ཞུགས་པ་དང་། སྤྱི་ལོ2015ལོའི་ཟླ7པར་ལས་འཁྱུར་ངལ་གསོ་བྱས།

རིགས་དབྱེ།  

ལུའོ་ཡོན།

ལུའོ་ཡོན་ནི་སྤྱི་ལོ1950ལོར་སྐྱེས་པ་དང་སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཚང་ཞི་རྫོང་གི་མི་ཡིན་ཞིང་། ཧྲའོ་ཅང་གི་གོ་རྟགས་དང་དམག་དོན་ཚན་རིག་ཁང་འཛམ་གླིང་དམག་དོན་ཞིབ་འཇུག་པུའུ་ཡི་དེ་སྔའི་པུའུ་ཀྲང་གཞོན་པ་དང་། ཞིབ་འཇུག་པ། འབུམ་རམས་པའི་སློབ་དཔོན། ཀྲུང་གོའི་དམག་དོན་ཚན་རིག་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། རྒྱལ་སྤྱིའི་དམག་དོན་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་དང་། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། དམག་དོན་ཚན་རིག་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོའི་འཐབ་ཇུས་རིག་གནས་སྐུལ་སྤེལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ཏུའུ་ཝུན་ལུང་།

ཏུའུ་ཝུན་ལུང་ནི་ཏཱ་ཞའོ་ཡི་གོ་རྟགས་ཡོད་པའི་པེ་ཅིང་ཐུང་ཀྲོའུ་ཡི་མི་ཡིན་པ་དང་། ཧྲི་ཅཱ་ཀྲོང་སྐམ་དམག་སློབ་གླིང་དང་ཧྲི་ཅཱ་ཀྲོང་སྐམ་དམག་བཀོད་འདོམས་སློབ་གླིང་། རྒྱལ་སྲུང་སློབ་ཆེན་བཅས་ནས་སློབ་མཐར་ཕྱིན་པ་དང་དམག་དོན་རིག་པའི་རབ་འབྱམས་པ་ཡིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཆེད་བསྐོས་དཔྱད་བརྗོད་པ་དང་དམག་ཡོངས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ཆེད་ལས་མཁས་ཅན་དང་པོ་ཡིན་ཞིང་། གཙོ་བོར་གན་རྒྱའི་འཐབ་རྩལ་དང་གོ་མཚོན་སྒྲིག་ཆས་ཞིབ་འཇུག་གི་ལས་ཀ་བྱེད་བཞིན་ཡོད། ད་ལྟ་ཀྲུང་གོའི་དམག་དོན་རིག་གནས་ཞིབ་འཇུག་ལྷན་ཚོགས་དྲ་རྒྱའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཞིན་ཧྭ་དྲ་བའི་དམག་དོན་གླིང་གི་དབུ་བཞུགས་བློ་འདྲི་བ། ཧྲང་ཧའེ་གྲོང་ཁྱེར་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཞིབ་འཇུག་ཚོགས་པའི་དབུ་བཞུགས་ཆེད་ལས་མཁས་ཅན་བཅས་ཀྱི་འགན་བཞེས་བཞིན་ཡོད།

རིགས་དབྱེ།  

ཆའོ་ལྭིང་།

ཆའོ་ལྭིང་ནི་ཧོ་ནན་ཆི་རྫོང་གི་མི་ཡིན་པ་དང་། སྤྱི་ལོ1955ལོར་ཧྲན་ཞིའི་དམག་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཀྲུང་གོའི་དམག་དཔུང་གི་རྩོམ་པ་པོ་གྲགས་ཅན་དང་དམག་དོན་གྱི་རིགས་པའི་གཞུང་ལུགས་པ། དཔྱད་བརྗོད་པ་བཅས་ཡིན་པར་མ་ཟད། མཁའ་དམག་གི་ཧྲའོ་ཅང་དང་རྒྱལ་སྲུང་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྒྱལ་ཁབ་བདེ་འཇགས་སྲིད་ཇུས་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་བཞིན་ཡོད།

རིགས་དབྱེ།  

ཏའེ་ཞུའུ།

ཏའེ་ཞུའུ་ནི་མཁའ་དམག་གི་དམག་སྤྱི་ཆེན་མོ་ཡི་གོ་རྟགས་ཡོད་པའི་ཧོ་ནན་མིང་ཆོན་རྫོང་དུ་སྐྱེས་པའི་རྒྱ་རིགས་ཤིག་ཡིན་ཞིང་། མཁའ་དམག་གློག་འཕྲིན་བཟོ་སྐྲུན་སློབ་གླིང་དང་མཁའ་དམག་ཆབ་སྲིད་སློབ་གླིང་། རྒྱལ་སྲུང་སློབ་ཆེན་འཐབ་ཇུས་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེན་མོ་བ་བཅས་ཡིན། སྔ་རྗེས་སུ་མཁའ་དམག་གི་ས་འོག་འབར་མདེལ་པུའུ་ཞིག་གི་འཕུར་སྐྱོད་སློབ་གླིང་ཞིག་ཏུ་ཕྱོགས་སྟོན་ཐའེ་ཀྲང་དང་གསར་འགྱུར་ལས་མིའི་འགན་བཞེས།

རིགས་དབྱེ།  

ལི་ལི།

ལི་ལི་ནི་དམག་དོན་རིག་པའི་འབུམ་རམས་པ་དང་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ། རྒྱལ་ཡོངས་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་འཐུས་མི། དམག་ཡོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དངུལ་གྱི་བྱ་དགའ་ཐོབ་མཁན་བཅས་ཡིན། སྤྱི་ཁྱབ་ཆབ་སྲིད་ཀྱིས་གཏན་འཁེལ་བྱས་པའི་དམག་ཡོངས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ཆེད་ལས་མཁས་ཅན48ཀྱི་གྲས་ཤིག་ཡིན། ད་ལྟ་རྒྱལ་སྲུང་སློབ་ཆེན་དམག་དོན་རྒྱབ་ཕྱོགས་ཞབས་འདེགས་དང་དམག་དོན་ཚན་རྩལ་སྒྲིག་ཆས་སློབ་ཁྲིད་པུའུ་ཡི་དགེ་རྒན་ཆེན་མོ་གཞོན་པ། དམག་དོན་ཚན་རྩལ་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན།

རིགས་དབྱེ།  

ལིའུ་ཡཱ་ཀྲོའུ།

ལིའུ་ཡཱ་ཀྲོའུ་ནི་སྤྱི་ལོ1952ལོའི་ཟླ10བའི་ཚེས19ཉིན་སྐྱེས་པའི་རྒྱ་རིགས་ཀྱི་མི་ཞིག་ཡིན་པ་དང་ཨན་ཧུའེ་སུའུ་རྫོང་གི་མི་ཡིན། སྤྱི་ལོ1970ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཝུའུ་ཧན་སློབ་ཆེན་གྱི་ཕྱི་སྐད་ཚན་ཁག་གི་དབྱིན་ཡིག་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་ཆེན་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་མཐོ་རིམ་དམག་དཔོན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཧྲང་ཅང་དམག་དཔོན་བཅས་ཀྱི་གོ་རྟགས་ཐོབ་ཡོད། ཁོང་གིས་སྔ་ཕྱིར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྒྱལ་སྲུང་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས་མྱོང་།

རིགས་དབྱེ།  

ཝང་ཧྲུའུ་ཙེང་།

ཝང་ཧྲུའུ་ཙེང་ནི་ཀྲུང་གོའི་དམག་མིའི་རྩོམ་པ་པོ་ཞིག་ཡིན་ཞིང་། སྤྱི་ལོ1952ལོའི་ཟླ2པར་པེ་ཅིང་གྲོང་ཁྱེར་དུ་སྐྱེས། ཁོང་ནི་ཀྲུང་གུང་ཏང་ཡོན་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་བཅས་ཡིན། ད་ལྟ་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཆབ་སྲིད་པུའུ་ཡི་གསར་རྩོམ་ཁང་དུ་ལས་ཀ་བྱེད་བཞིན་ཡོད། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན་དང་དམག་ཡོངས་ཀྱི་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན། ད་ལྟ་ད་དུང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཡིན།

རིགས་དབྱེ།  

ཞུའུ་ཡན།

ཞུའུ་ཡན་ནི་རྒྱལ་སྲུང་སློབ་ཆེན་འཐབ་ཇུས་སློབ་ཁྲིད་ཞིབ་འཇུག་པུའུ་ཡི་དགེ་རྒན་ཆེན་མོ་བ་དང་། ཧྲའོ་ཅང་གི་དམག་མིའི་གོ་གནས། དམག་དོན་ལོ་རྒྱུས་ཀྱི་ཆེད་ལས་མཁས་ཅན། དམག་དོན་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་དཔོན་བཅས་ཡིན། རྒྱལ་སྲུང་སློབ་ཆེན་གྱི་དམག་དོན་ལོ་རྒྱུས་རིག་ཚན་གྱི་སྣེ་ཁྲིད་པ་དང་ཀྲུང་གོའི་དམག་དོན་ཚན་རིག་སློབ་ཚོགས་ལོ་རྒྱུས་ཡན་ལག་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ། ཆིང་ཧྭ་སློབ་ཆེན་དང་ཀྲུང་ཧྲན་སློབ་ཆེན། ཧྭ་ཨེར་པིན་བཟོ་སྐྲུན་སློབ་ཆེན། སི་ཁྲོན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་བཅུ་ལྷག་གི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོའི་འགན་གཅིག་ལྕོགས་གནང་མྱོང་། རྒྱལ་སྲུང་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན་ཆེན་མོ་བར་ཐེངས་གསུམ་བསྟུད་མར་བདམས་པ་དང་། “དམག་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་དང་། “དམག་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ཤེས་ལྡན་པའི་བྱ་དགའ”ཐོབ་མཁན་ལ་བདམས་པ་རེད། དཔེ་སྐྲུན་བྱས་པའི་བརྩམས་ཆོས་ལ《ཅིན་མུན་དམག་འཁྲུག སྤྱི་ལོ1949ལོ་ནས་སྤྱི་ལོ1959ལོའི་བར》དང《བཅིངས་འགྲོལ་དམག་ལ་རྒྱལ་ཁ་ཐོབ་དོན་ཅི་ཡིན》སོགས་ཀྱི་བརྩམས་ཆོས་ཉི་ཤུ་ལྷག་ཙམ་ཡོད། ཨ་རིའི་སི་ཐན་ཧྥུའུ་སློབ་ཆེན་དང་འཇར་པན་འགོག་སྲུང་སློབ་ཆེན་སོགས་སུ་འཆད་ཁྲིད་བྱེད་པར་བསྐྱོད་མྱོང་།

རིགས་དབྱེ།  

ཞུའུ་ཡུང་ལིང་།

ཞུའུ་ཡུང་ལིང་ནི་ཧང་ཀྲོའུ་ཡི་མི་ཡིན་པ་དང་ཕ་ཡུལ་ནི་ཅང་སུའུ་ཞིང་ཆེན་ཀན་ཡུའུ་རྫོང་གི་པན་ལི་ཀྲོང(ད་ལྟའི་པན་ཀྲོང་གྲོང་རྡལ)གི་དམག་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས། རྒྱལ་སྤྱི་རིམ་པའི་བྱས་རྗེས་ཚོད་ལྟའི་འཕུར་སྐྱོད་པ་དང་མཁའ་དམག་ཚོད་ལྟ་འཕུར་སྐྱོད་ཀྱི་ཆེད་ལས་མཁས་ཅན། དམག་དོན་རིགས་པའི་གཞུང་ལུགས་ཀྱི་ཆེད་ལས་མཁས་ཅན་བཅས་ཡིན་ཞིང་། ཅན་ཧྲི་རྟགས་ཅན་གྱི་འཕུར་སྐྱོད་པ་དང་། ཀྲུང་གོའི་ཚོད་ལྟའི་འཕུར་སྐྱོད་པའི་སློབ་གླིང་གིས་ཆེད་དུ་སློབ་ཁྲིད་དམག་དཔོན་དུ་གདན་འདྲེན་ཞུས། མཁའ་དམག་དམག་དོན་གཞུང་ལུགས་ཆེད་མཁས་མཛོད་ཀྱི་ཁོངས་མི་དང་། ཀྲུང་གོའི་མཁའ་འགྲུལ་སློབ་ཚོགས་ཀྱི་མཐོ་རིམ་ཚོགས་མི་བཅས་ཡིན། སྤྱི་ལོ2014ལོའི་ཟླ12པར་ཞུའུ་ཡུང་ལིང་དངོས་ཞབས་དམག་མི་ནས་ཕྱིར་བུད་པ་རེད།

རིགས་དབྱེ།  

ཅང་དབྱིན།

ཅང་དབྱིན་ནི་ཅང་སུའུ་ཀྲེན་ཅང་གི་མི་ཡིན་ཞིང་། ཀྲུང་གོའི་དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་དང་འབུམ་རམས་པའི་སློབ་དཔོན། དགེ་རྒན་རྒན་པ། དམག་དཔོན་ཆེན་མོ་ཡི་གོ་རྟགས་ཅན་བཅས་ཡིན། སུའུ་ཀྲོའུ་སློབ་གྲྭ་ཆེན་མོའི་སྤྱི་ལོ1977ལོའི་སློབ་མ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་མཁན་དང་། མའོ་ཞིན་ཉིང་གི་འབུམ་རམས་པའི་སློབ་དཔོན་ཡིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མངགས་གདན་ཞུས་ཞིབ་འཇུག་པ་དང་། གཙོ་བོར་མའོ་ཙེ་ཏུང་གི་དམག་དོན་དགོངས་པ་དང་འཐབ་ཇུས་རིག་པར་ཞིབ་འཇུག་བྱེད་བཞིན་ཡོད།

རིགས་དབྱེ།  

ཏི་ཏུང་ཧྲེང་།

ཏི་ཏུང་ཧྲེང་ནི་ཅང་སུའུ་ཆི་ཏུང་གི་མི་ཡིན་པ་དང་། འབུམ་རམས་པ་དང་དགེ་རྒན་ཆེན་མོ་བ་ཡིན། ད་ལྟ་ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་འགོ་འཛིན་གཞོན་པ། རྒྱལ་སྤྱིའི་དངུལ་ལོར་ཁང་གི་དམིགས་བསལ་གདན་ཞུས་ཞིབ་དཔྱད་པ། འཛམ་གླིང་དཔལ་འབྱོར་ཆེད་ལས་དང་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་དཔོན། ཀྲུང་གོའི་ཕྱི་ཕྱོགས་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

རིགས་དབྱེ།  

ཕན་ཁྲའོ།

ཁོ་ནི་སྤྱི་ལོ1981ལོའི་ཟླ6པར་སྐྱེས་ཤིང་། སྤྱི་ལོ2000ལོའི་ཟླ8པར་དམག་ཏུ་ཞུགས་པ་དང་། སྤྱི་ལོ2004ལོའི་ཟླ8པར་ཏང་ནང་ཞུགས། ད་ལྟ་ཀྲུང་དབྱང་དམག་ཨུའི་རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་ལྟེ་གནས་ག་གེ་མོའི་བློ་འདོན་པ་ཡིན།

རིགས་དབྱེ།  

ཁྲེན་ཀང་ཀུའོ།

ཁོ་ནི་སྤྱི་ལོ1977ལོའི་ཟླ4བར་ཧུའུ་པེ་ཨན་ལུའུ་གྲོང་ཁྱེར་དུ་སྐྱེས་ཤིང་། སྤྱི་ལོ2001ལོའི་ཟླ7པར་དམག་ཏུ་ཞུགས་པ་དང་། སྤྱི་ལོ2000ལོའི་ཟླ6པར་ཏང་ནང་ཞུགས། ཏ་ཞའོ་ཡི་དམག་མིའི་གོ་ཐོབ་ཡོད། ད་ལྟ་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་དམག་ཁུལ་གྱི་ཟི་ལིན་ཡོན་གཞོན་པ་ཡིན།

རིགས་དབྱེ།  

ཡེ་ཧྲེང་ཞུའེ།

ཁོ་ནི་སྤྱི་ལོ1980ལོའི་ཟླ4བར་སྐྱེས་ཤིང་། སྤྱི་ལོ1997ལོའི་ཟླ12པར་དམག་ཏུ་ཞུགས་པ་དང་། སྤྱི་ལོ1998ལོའི་ཟླ12པར་ཏང་ནང་ཞུགས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེའི་ལྷོ་ཕྱོགས་དམག་ཁུལ་གྱི་སྡེ་ཁག་ག་གེ་མོའི་ལག་རྩལ་པ་ཡིན།

རིགས་དབྱེ།  

ཡོན་ཝེ།

ཁོ་ནི་སྤྱི་ལོ1983ལོའི་ཟླ1པོར་སྐྱེས་ཤིང་། སྤྱི་ལོ2001ལོའི་ཟླ9བར་དམག་དཔུང་དུ་ཞུགས་པ་དང་། སྤྱི་ལོ2003ལོའི་ཟླ12པར་ཏང་ནང་ཞུགས། དབུས་རྒྱུད་དམག་ཁུལ་གྱི་འགན་སྲུང་རུ་ཁག་ག་གེ་མོའི་མཐོ་རིམ་བཟོ་སྐྲུན་པ་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་ཡིན།

རིགས་དབྱེ།  

སུན་ཅིན་ལུང་།

ཁོ་ནི་སྤྱི་ལོ1990ལོའི་ཟླ3པར་སྐྱེས་ཤིང་། སྤྱི་ལོ2007ལོའི་ཟླ12པར་དམག་དཔུང་དུ་ཞུགས་པ་དང་། སྤྱི་ལོ2011ལོའི་ཟླ9བར་ཏང་ནང་ཞུགས། ད་ལྟ་སྐམ་དམག་ཚོགས་པའི་དམག་དཔུང་དོན་གཅིག་པའི་འདྲེས་གྲུབ་ལུས་ག་གེ་མོའི“ཅི་ནན་དཔའ་བོའི་ལེན”གྱི་བརྒྱ་དཔོན་ཡིན།

རིགས་དབྱེ།  

ཀྲང་མེ་ཡུའུ།

ཁོ་ནི་སྤྱི་ལོ1982ལོའི་ཟླ8པར་སྐྱེས་ཤིང་། ད་ལྟ་ཀྲུང་གོའི་མཚོ་དམག་གི075སྐམ་འཚོ་གཉིས་ཀྱི་ཕར་རྒོལ་གྲུ་གཟིངས་ཐོག་མ་ཧའེ་ནན་གྲུ་གཟིངས་ཀྱི་གྲུ་དཔོན་ཡིན།

རིགས་དབྱེ།  

ལི་དབྱང་།

ཁོ་ནི་སྤྱི་ལོ1992ལོའི་ཟླ1པོར་སྐྱེས་ཤིང་། སྤྱི་ལོ2010ལོའི་ཟླ9བར་དམག་དཔུང་དུ་ཞུགས་པ་དང་། སྤྱི་ལོ2011ལོའི་ཟླ12པར་ཏང་ནང་ཞུགས། ད་ལྟ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་མཁའ་འགྲུལ་དམག་དཔུང་གི་ཚོགས་པ་ག་གེ་མོའི་མི་མེད་གནམ་གྲུའི་རུ་ཆེན་གྱི་རུ་དཔོན་ཡིན།

རིགས་དབྱེ།  

ཀུའུ་ཨའེ་ཡུན།

ཁོ་མོ་ནི་སྤྱི་ལོ1972ལོའི་ཟླ6པར་སྐྱེས་ཤིང་། སྤྱི་ལོ1995ལོའི་ཟླ7པར་དམག་དཔུང་དུ་ཞུགས། སྤྱི་ལོ1997ལོའི་ཟླ4བར་ཏང་ནང་ཞུགས། ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་དང་མེ་ཤུགས་འཕུར་མདའི་དམག་དཔོན་སློབ་གྲྭའི་རྨང་གཞི་པུའུ་ཆབ་སྲིད་ལས་དོན་སློབ་ཞིབ་ཁང་གི་དགེ་རྒན་ཆེན་མོ་ཡིན།

རིགས་དབྱེ།  

ཀྲའོ་ལི།

ཁོ་མོ་ནི་སྤྱི་ལོ1987ལོའི་ཟླ3པར་སྐྱེས་ཤིང་། སྤྱི་ལོ2004ལོའི་ཟླ12པར་དམག་དཔུང་དུ་ཞུགས་པ་དང་། སྤྱི་ལོ2008ལོའི་ཟླ10བར་ཏང་ནང་ཞུགས། ད་ལྟ་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ཆ་འཕྲིན་འཕྲིན་གཏོང་ཚོགས་པ་ག་གེ་མོའི་ཆབ་སྲིད་ལས་དོན་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་ཡིན།

རིགས་དབྱེ།  

ཡཱིན་ལུའུ།

ཁོ་མོ་ནི་ད་ལྟ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེ66132ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་ཡིན།

རིགས་དབྱེ།  

ཞང་ཡུའེ་ཏུང་།

ཁོ་ནི་སྤྱི་ལོ1996ལོའི་ཟླ11པར་སྐྱེས་ཤིང་། སྤྱི་ལོ2013ལོའི་ཟླ9བར་དམག་དཔུང་དུ་ཞུགས། ད་ལྟ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་ཞབས་ཞུའི་འགན་སྲུང་དཔུང་སྡེའི་ཀུའེ་ལིན་མཉམ་འབྲེལ་ཞབས་ཞུའི་འགན་སྲུང་ལྟེ་གནས་ཀྱི་ཐོན་ག་གེ་མོའི་རིམ་པ་གཉིས་པའི་ཧྲང་ཧྲི་ཡིན།

རིགས་དབྱེ།  

ལིའུ་ཀོང་མིང་།

ཁོ་ནི་ཁྲུང་ཆིང་གྲོང་ཁྱེར་ཐུང་ལྭིང་ཆུས་ཀྱི་མི་ཡིན་ལ། སྤྱི་ལོ1993ལོའི་ཟླ9བར་དམག་དཔུང་དུ་ཞུགས་པ་དང་། ཏ་ཞའོ་ཡི་དམག་ཐོབ་ལྡན། ད་ལྟ་རྒྱལ་སྲུང་སློབ་ཆེན་གྱི་ཞིབ་འཇུག་ལྟེ་གནས་ག་གེ་མོའི་ཀྲུའུ་རེན་དང་དགེ་རྒན་ཆེན་མོ་ཡིན།

རིགས་དབྱེ།  

ཀྲང་ཝེ་མིན།

ཁོ་ནི་རྒྱལ་སྲུང་ཚན་རྩལ་སློབ་ཆེན་གནམ་གཤིས་རྒྱ་མཚོའི་སློབ་གླིང་གི་ཞིབ་འཇུག་པ་དང་འབུམ་རམས་པའི་སློབ་དཔོན་ཡིན་པ་དང་། དུས་ཡུན་རིང་བོར་རླུང་ཁམས་ཆེན་མོའི་རྒྱ་མཚོའི་གྲངས་ཐང་སྔོན་བརྡར་ཞིབ་འཇུག་བྱེད་ཀྱིན་ཡོད།

རིགས་དབྱེ།  

ཁྲེང་ལིན།

ཁོ་ནི་སྤྱི་ལོ1984ལོའི་ཟླ1པོར་སྐྱེས་ཤིང་། སྤྱི་ལོ2001ལོའི་ཟླ12པར་དམག་དཔུང་དུ་ཞུགས་པ་དང་། སྤྱི་ལོ2003ལོའི་ཟླ10བར་ཏང་ནང་ཞུགས། ད་ལྟ་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་ག་གེ་མོའི་ཚན་མོའུ་ཀྲང་གཞོན་པ་ཡིན།

རིགས་དབྱེ།  

ཉི་གདུགས་མཐར་ཕྱིན།

ཁོ་ནི་སྤྱི་ལོ1993ལོའི་ཟླ5བར་སྐྱེས་ཤིང་། མཚོ་སྔོན་ཡུལ་ཤུལ་གྱི་མི་ཡིན། སྤྱི་ལོ2011ལོའི་ཟླ9བར་དམག་དཔུང་དུ་ཞུགས་པ་དང་། སྤྱི་ལོ2014ལོའི་ཟླ12པར་ཏང་ནང་ཞུགས། ད་ལྟ་སྐམ་དམག་ཚོགས་པའི་དམག་དཔུང76པའི་ཞབས་ཞུའི་རོགས་སྐྱོར་ལུས་ག་གེ་མོའི་ལེན་ཀྲང་དང་ཧྲང་ཝེ་ཡིན། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན།

རིགས་དབྱེ།