ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >དམག་དོན། >གཞན་དག

དམག་དོན་ལོ་རྒྱུས་རིག་པ།

དམག་དོན་ལོ་རྒྱུས་རིག་པས་གཙོ་བོ་སྔོན་ཆད་ཀྱི་དམག་འཁྲུག་དང་དམག་དོན་འཛུགས་སྐྲུན་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་ཉམས་མྱོང་ཕྱོགས་བསྡོམས་དང་། དམག་དོན་མཛུབ་སྟོན་གྱི་རྩ་དོན་དང་དམག་དོན་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

《དམག་དོན་གཞུང་ལུགས》

དམག་དོན་གཞུང་ལུགས་ནི་དམག་དཔུང་དང་དམག་འཁྲུག་གི་གོ་དོན་དང་། ཁྱབ་ཁོངས། ཆོས་ཉིད། རྩ་དོན་ལ་སོགས་པའི་སྐོར་དང་འབྲེལ་ཡོད་ཀྱི་མ་ལག་ཆ་ཚང་བརྗོད་པའི་གཞུང་ལུགས་ཞིག་ཡིན། ཚན་རིག་གི་དམག་དོན་གཞུང་ལུགས་ནི་དམག་དོན་བྱེད་སྒོའི་ངོ་བོ་དང་དེའི་ཕྱི་རོལ་ཡུལ་གྱི་ཡང་དག་པའི་ཆོས་ཉིད་ཀྱི་མཚོན་ཚུལ་ཞིག་ཡིན་ལ། དེ་དག་ནི་དམག་དོན་གྱི་ལག་ལེན་ལས་བྱུང་པ་ཞིག་ཡིན། རིགས་པའི་གཞུང་ལུགས་དེ་དག་ཕྱོགས་བསྡུས་བྱས་པ་བརྒྱུད་ནས་དམག་དོན་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། རྒྱུན་ཆད་མེད་པར་དམག་དོན་ལག་ལེན་གྱི་ཉམས་མྱོང་དང་ལེན་བྱས་པའི་རྨང་གཞིའི་ཐོག་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན།

རིགས་དབྱེ།  

《རྒྱལ་སྲུང་སློབ་གསོ་རིག་པ》

《རྒྱལ་སྲུང་སློབ་གསོ་རིག་པ》ནི་སྤྱི་ལོ2000ལོའི་རྒྱལ་སྲུང་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྒྱལ་སྲུང་སློབ་ཆེན་དམག་སྦྱོང་གཞུང་ལས་ཁང་ནས་རྩོམ་སྒྲིག་བྱས།

རིགས་དབྱེ།  

《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)

《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)ཞེས་པ་ནི་ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི50ལྷག་ཙམ་གྱིས་སྣེ་ཁྲིད་དེ་རྩོམ་སྒྲིག་བྱས་པའི་དཔེ་དེབ་ཅིག་ཡིན་ལ། ལོ12ཀྱི་རིང་ལ་རྩོམ་སྒྲིག་བྱས།

རིགས་དབྱེ།  

《དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད》

《དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད》ནི་དེང་རབས་སུའུ་ལེན་གྱི་ཨའོ་ཅ་ཨེར་ཁོ་ཧྥུའུ་ཡིས་གཙོ་སྒྲིག་བྱས་པ་དང་། དམག་དོན་ཚན་རིག་ཁང་གི་ཕྱིའི་དམག་དོན་པུའུ་ཡིས་རྩོམ་སྒྱུར་བྱས་པའི་ཡོ་བྱེད་དཔེ་དེབ་ཅིག་ཡིན།

རིགས་དབྱེ།  

རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས།

རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཞེས་པ་ནི་ལོ་ངོ་སྟོང་ཕྲག་དུ་མའི་འཕེལ་རྒྱས་ཀྱི་ཁྲོད་དུ་གྲུབ་པའི། ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་གསར་གཏོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་། འབད་འཐབ་ཀྱི་སྙིང་སྟོབས། མཐུན་སྒྲིལ་གྱི་སྙིང་སྟོབས། ཕུགས་འདུན་གྱི་སྙིང་སྟོབས་བཅས་ལ་ཟེར་ཞིང་། རྒྱལ་གཅེས་རིང་ལུགས་ནི་བླ་ན་མེད་པའི་བསམ་བློའི་ཀུན་སྤྱོད་ཅིག་ཡིན།

རིགས་དབྱེ།  

རྒྱལ་སྲུང་འཛུགས་སྐྲུན།

རྒྱལ་སྲུང་འཛུགས་སྐྲུན་ནི་རྒྱལ་ཁབ་ཀྱིས་བཙན་འཛུལ་ལ་སྔོན་འགོག་དང་འགོག་རྒོལ་བྱེད་པ་དང་། དྲག་ཆས་ལ་ཚོད་འཛིན་དང་མགོ་རྟིང་སློག་པ། འཇིགས་སྐུལ་པ་བཀག་འགོག་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་། བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་དམག་དོན་བྱ་འགུལ་ལ་ཟེར་ཞིང་། དམག་དོན་དང་འབྲེལ་བ་ཡོད་པའི་ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ། ཕྱི་འབྲེལ། སློབ་གསོ། རིག་གནས་སོགས་ཀྱི་ཐད་ཀྱི་བྱ་འགུལ་ལ་ཡང་ཟེར། རྒྱུན་ཉར་དམག་དཔུང་གི་དངོས་འཐབ་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཟིལ་ཤུགས་མཐོར་འདེགས་བྱ་རྒྱུ་ནི་རྒྱལ་སྲུང་འཛུགས་སྐྲུན་གྱི་གཞི་རྩའི་ལས་འགན་ཡིན།

རིགས་དབྱེ།  

དམག་ཐོབ།

དམག་ཐོབ་ནི་དུས་རབས15ནས16བར་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཁ་ཤས་སུ་བྱུང་བ་དང་། གོམས་སྲོལ་ཐོག་ནས་བཤད་ན་ཡོ་རོབ་ནུབ་མ་ལྟ་བུའི་དམག་ཐོབ་ཀྱང་ཟེར། དེ་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཀྱིས་དམག་མིའི་གོ་གནས་དང་། དམག་དོན་བྱང་ཚད། ལས་སྒོའི་བྱང་ཚད། ཐོབ་ཐང་གི་བྱས་རྗེས་བཅས་དང་དེ་བཞིན་དམག་རིགས་དང་དཔུང་རིགས་སམ་ཡང་ན་གཞུང་དོན་གྱི་དབྱེ་བ་བཅས་ལ་གཞིགས་ནས་དམག་མིའི་ཐོབ་ཐང་གི་འབོད་མིང་ཞིག་ཡིན།

རིགས་དབྱེ།  

ཙའོ་ལིན་ཀོའུ་ཚོགས་འདུ།

སྐབས་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱི་ལོ1947ལོའི་ཟླ3པའི་ཚེས29ནས་ཚེས30ཉིན་བར་ཧྲའན་ཞི་ཆིང་ཅན་རྫོང་ཙའོ་ལིན་ཀོའུ་རུ་ཚོགས་འདུ་འཚོགས་ཤིང་། (ཙའོ་ལིན་ཀོའུ་ཚོགས་འདུ)མའོ་ཙེ་ཏུང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་རེད། ལིའུ་ཧྲའོ་ཆི་དང་ཀྲུའུ་ཏེ། རེན་པི་ཧྲི་སོགས་ཚོགས་འདུར་ཞུགས། ཚོགས་འདུའི་ཐོག་ཀྲུང་དབྱང་ལས་ཁུངས་ཀྱི་བྱ་སྤྱོད་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། གྲོས་ཚོགས་ཀྱིས་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། རེན་པི་ཧྲི་བཅས་ཀྱིས་ཀྲུང་དབྱང་ལས་ཁུངས་དང་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་པུའུ་ཁྲིད་དེ་ཧྲའན་པེ་རུ་བསྡད་དེ་ཀྲུང་དབྱང་གི་ལས་དོན་ལ་གཙོ་སྐྱོང་དང་རྒྱལ་ཡོངས་ཀྱི་བཅིངས་འགྲོལ་དམག་འཁྲུག་ལ་བཀོད་འདོམས་བྱས་པ་དང་། ལིའུ་ཧྲའོ་ཆི་དང་ཀྲུའུ་ཏེ། ཏུང་པི་ཝུའུ་བཅས་ཀྱིས་ཀྲུང་དབྱང་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ལིའུ་ཧྲའོ་ཆི་ཧྲུའུ་ཅི་བྱས་ཏེ། ཧྲན་ཞིའི་ནུབ་བྱང་དང་ཡང་ན་ས་གནས་འོས་འཚམ་གཞན་དག་ཏུ་སོང་ནས་ཀྲུང་དབྱང་གིས་མངགས་བཅོལ་བྱས་པའི་བྱ་བ་བསྒྲུབས། དམག་འཁྲུག་གི་དགོས་མཁོ་དང་བསྟུན་ཆེད། ད་དུང་ཀྲུང་དབྱང་ལས་ཁུངས་ཀྱིས་དམག་དོན་སྒྲིག་ཁོངས་ལྟར་ཀྲུང་དབྱང་ཐད་གཏོགས་ཡན་ལག་རུ་ཁག་འཛུགས་རྒྱུའི་ཐག་བཅད་པ་རེད།

རིགས་དབྱེ།  

དམག་དོན་ཚན་རིག་ལག་རྩལ།

དམག་དོན་ཚན་རིག་ལག་རྩལ་ལ་ཞིབ་འཇུག་བྱེད་པའི་ནང་དམག་དོན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རིགས་པའི་གཞུང་ལུགས་དང་དམག་དོན་དང་། རྒྱལ་སྲུང་ཁྱབ་ཁོངས་ཀྱི་ལག་རྩལ་གསར་ཤོས་ཞིབ་འཇུག་བྱ་རྒྱུ་ཚུད་ཡོད།

རིགས་དབྱེ།  

དམག་དོན་བཀག་སྡོམ་ཁུལ།

དམག་དོན་བཀག་སྡོམ་ཁུལ་ཞེས་པ་ནི་དམག་དོན་སྒྲིག་བཀོད་གལ་ཆེན་བཙུགས་ཡོད་པའམ་དམག་དོན་སྒྲིག་བཀོད་ལ་ཉེན་ཁའི་རྒྱུ་རྐྱེན་གལ་ཆེན་ཡོད་པས་རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱ་དགོས་པ་དང་། ཁྲིམས་བཀོད་གོ་རིམ་དང་ཚད་གཞི་ལྟར་དབྱེ་མཚམས་བཅད་པའི་དམག་དོན་ས་ཁོངས་ལ་ཟེར།

རིགས་དབྱེ།  

ཉམས་མྱོང་ཕྱོགས་བསྡོམས་རང་བཞིན་གྱི་བརྟག་དཔྱད་སྙན་ཞུ།

ཉམས་མྱོང་ཕྱོགས་བསྡོམས་རང་བཞིན་གྱི་བརྟག་དཔྱད་སྙན་ཞུ་ནི་སྡེ་ཚན་ག་གེ་མོའི་དུས་སྐབས་ཤིག་གམ་ཡང་ན་ལས་ཀ་ཞིག་གི་བརྒྱུད་རིམ་དང་གྲུབ་འབྲས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། དེའི་ནང་ནས་མཛུབ་སྟོན་གྱི་དོན་སྙིང་དང་ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་གྲུབ་པའི་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་འདོན་སྤྲོད་བྱས་པ་ལ་ཟེར།

རིགས་དབྱེ།  

ཁེ་ལས་དོ་དམ་པུའུ།

ཁེ་ལས་དོ་དམ་པུའུ་ནི་ཀུང་སིའི་ཕྱོགས་བསྡུས་དོ་དམ་སྡེ་ཁག་ཡིན་ཞིང་། ཁེ་ལས་ཕྱོགས་བསྡུས་དོ་དམ་འགན་ནུས་དང་ཐབས་ཇུས་རིམ་པའི་དོ་དམ་ཇུས་འདོན་པའི་འགན་ནུས་ལྡན་པས་དེའི་ཐད་ཀའི་གོང་རིམ་ནི་སྤྱིར་བཏང་སྤྱི་ཁྱབ་སྤྱི་གཉེར་བ་ཡིན།

རིགས་དབྱེ།  

རྒྱལ་ཁབ་དབུ་བརྙེས་པར་མཛད་རྗེས་འཇོག་མཁན།

​གོ་དོན་ནི་རྒྱལ་ཁབ་གསར་པ་འཛུགས་པའམ་ཡང་ན་རྒྱལ་རབས་འཛུགས་པར་བྱས་རྗེས་ཆེན་པོ་འཇོག་མཁན་ལ་ཟེར།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གསར་འཛུགས་དམག་དཔོན་ཆེན་མོ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གསར་འཛུགས་དམག་དཔོན་ཆེན་མོ་ནི། སྤྱི་ལོ1955ལོ་ནས་སྤྱི་ལོ1965ལོའི་བར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དམག་མིའི་གོ་རྟགས་ལམ་ལུགས་ལག་བསྟར་བྱས་རྗེས། དམག་དཔོན་ཅང་ཧྲོའེ་ཡི་གོ་རྟགས་གནང་བའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཐོ་རིམ་དམག་དཔོན་གྱི་སྤྱི་མིང་ཡིན། དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་སྟེ། སྤྱི་ལོ1955ལོ་ནས་སྤྱི་ལོ1965ལོའི་བར་གོ་རྟགས་ཐོབ་པའི་དམག་སྤྱི10དང་དམག་དཔོན་ཆེན་མོ10ཧྲང་ཅང་དམག་དཔོན57ཀྲུང་ཅང་དམག་དཔོན177ཧྲའོ་ཅང་དམག་དཔོན1360བཅས་ཚུད་ཡོད། སྤྱི་ལོ2022ལོའི་ཟླ9པའི་ཚེས1ཉིན་བར་ད་དུང་མི4བདེ་ཐང་ངང་བཞུགས་ཡོད་པ་དང་། ཀྲུང་ཅང་དང་དེ་ཡན་གྱི་རིམ་པ་ཚང་མ་སྐུ་གཤེགས།

རིགས་དབྱེ།  

རྟག་ཏུ་གནས་པའི་མཛད་རྗེས་རྡོ་རིང་།

སྤྱི་ལོ2005ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྨྱན་སྦྱོར་གཙོ་བོས《རྟག་ཏུ་གནས་པའི་མཛད་རྗེས་རྡོ་རིང》ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཆེ་གྲས་སྤེལ་ནས་ཉིན་ལྟར་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ80ལྷག་ཙམ་གྱི་ལོ་རྒྱུས་ཐོག་གི་ཕུལ་བྱུང་ཚབ་བྱེད་མི་སྣ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོ། ངལ་རྩོལ་དཔེ་ལེགས་པ་བཅས་ངོ་སྤྲོད་གནང་ཞིང་། 《རྟག་ཏུ་གནས་པའི་མཛད་རྗེས་རྡོ་རིང》ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་རྗེས་འཕྲལ་མར་སྤྱི་ཚོགས་ཐོག་ཚུར་སྣང་དྲག་པོ་བྱུང་ཡོད།

རིགས་དབྱེ།  

འཕྲལ་དོན་གྲོས་གཞི།

འཕྲལ་དོན་གྲོས་གཞི་ནི་ཏང་གི་ལས་དོན་དང་འབྲེལ་བའི་རྒྱུན་སྤྱོད་མིང་ཚིག་ཅིག་ཡིན།

རིགས་དབྱེ།  

རུ་དར།

རུ་དར་ཞེས་པའི་མིང་དེའི་གོ་དོན་ནི་རི་ཞེས་པ་བཙན་པོའི་དུས་སྐབས་སུ་དམག་མི་སོ་སོ་དབུ་རུ་དང་གཡོ་རུ། གཡས་རུ་རུ་ལག་སོགས་བསྒྲིགས་ཏེ་དམག་དུས་བསྒྲིགས་པའི་དོན་ཡིན་ཞིང་། དར་ཟེར་བ་འདི་ནི་རི་སྡེ་སོ་སོའི་དར་ཆའམ་དར་དེ་ལ་རུ་དར་ཞེས་གསུངས།

རིགས་དབྱེ།  

ཀྲུང་དབྱང་ཉེན་སྲུང་ཅུས།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་ཉེན་སྲུང་ཅུས་ཀྱི་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་ཉེན་སྲུང་ཅུས་སམ་ཀྲུང་དབྱང་ཉེན་སྲུང་ཅུས་ཞེས་འབོད་ཅིང་། སྤྱི་ལོ1949ལོའི་ཟླ4པར་ཞི་པའེ་ཕོ་རུ་བཙུགས་པའི་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་ཉེན་སྲུང་ཁྲུའུ་ཞེས་པ་དེ་ཡིན། རྩ་འཛུགས་དེ་ཉིད་བཅིངས་འགྲོལ་དམག་གི་སྒྲིག་ཁོངས་སུ་གཏོགས་པ་དང་དམག་ཁུལ་ཆེ་མོ་གཞོན་པའི་རིམ་པའི་ས་གནས་ཀྱི་སྒྲིག་གཞི་ཞིག་གོ །

རིགས་དབྱེ།  

དམག་དཔུང་ཆབ་སྲིད་ལས་དོན་རིག་པ།

དམག་དཔུང་ཆབ་སྲིད་ལས་དོན་རིག་པ་ནི་དམག་དཔུང་གི་ཆབ་སྲིད་ལས་དོན་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཆབ་སྲིད་ལས་དོན་ནི་ཏང་གི་དམག་དཔུང་ཁྲོད་ཀྱི་བསམ་བློའི་ལས་དོན་དང་རྩ་འཛུགས་ཀྱི་ལས་དོན་ཞིག་ཡིན་པ་མ་ཟད། དམག་དཔུང་གི་དམག་འཐབ་ནུས་པ་ལས་གྲུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན།

རིགས་དབྱེ།  

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས།

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་རིམ་པ་ཁག་ཚང་མར་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བཙུགས་ཡོད་པ་དང་། དཔུང་ཚོགས་ཀྱི་བྱ་གཞག་ཁག་ལ་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། དཔུང་ཚོགས་སུ་སྲིད་འཛིན་ལས་ཁུངས་དང་སྲིད་ཁྲིམས་ལས་ཁུངས་བཙུགས་ཡོད་པ་དང་། རང་འགུལ་གྱིས་ནང་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛིན་ལས་དོན་ལ་དོ་དམ་བྱེད་ཀྱི་ཡོད། དཔུང་ཚོགས་ནི“དམག་དོན་གྱི་དངོས་གཞི་འཁྲུལ་མེད”ཅིག་ཡིན་ཞིང་། དམག་དོན་ལས་ཁུངས་དང་དྲག་ཆས་ལས་ཁུངས་བཙུགས་ཡོད་ལ། དཔུང་ཚོགས་དང་། ཧྲི། ཐོན་ཤོག ལེན་སོགས་དམག་དཔུང་གི་སྒྲིག་གཞི་དང་། སི་ལིང་ཡོན་དང་། ཧྲི་དཔོན། ཐོན་ཀྲང་། བརྒྱ་དཔོན་སོགས་དམག་དཔུང་གི་གོ་གནས་བཀོལ་བཞིན་ཡུལ་དམག་གཙོ་བོར་བྱེད་པའི་དྲག་པོའི་སྟོབས་ཤུགས་ཤིག་གསོ་སྐྱོང་བྱེད་བཞིན་ཡོད། དཔུང་ཚོགས་ལ“ཀྲུང་གོ་གསར་སྐྲུན་ཚོགས་པ་ཀུང་སི”ཞེས་འབོད་པ་དང་། ཞིང་ལས་དང་། བཟོ་ལས། འགྲིམ་འགྲུལ། ཨར་ལས། ཚོང་ལས་བཅས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་འགན་འཁུར་བའི་གཞུང་ཁོངས་ཁེ་ལས་ཆེ་གྲས་ཤིག་ཡིན། སྤྱི་ལོ2019ལོར་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2747.07ཟིན་པ་དེ་ལོ་གོང་མ་ལས6.33%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར605.82ཟིན་ནས6.33%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར959.62ཟིན་ནས5.99%འཕར་། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར1181.64ཟིན་པས6.57%འཕར་ཡོད།

རིགས་དབྱེ།  

རྒྱལ་སྲུང་ལག་རྩལ།

རྒྱལ་སྲུང་ལག་རྩལ་ནི་རྒྱལ་སྲུང་དམག་དོན་གྱི་དགོས་མཁོ་ལྟར་འཕེལ་རྒྱས་བྱུང་བའི་ལག་རྩལ་མཐོ་གྲས་དེ་དག་ལ་ཟེར་བ་དང་། ལག་རྩལ་མཐོ་གྲས་ཀྱི་མཚོན་ཆའི་རྨང་གཞི་ཡིན།

རིགས་དབྱེ།  

ཞའོ་དཔོན།

ཞའོ་རིམ་པའི་དམག་དཔོན་ནི་ཝེ་དཔོན་ལས་མཐོ་ཞིང་ཅང་དཔོན་ལས་དམའ་བ་ཞིག་ཡིན་ལ། ཏ་ཞའོ་དང་། ཧྲང་ཞའོ། ཀྲུང་ཞའོ། ཧྲའོ་ཞའོ་བཅས་སུ་ཕྱེ་ཡོད།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་གཟིགས་སྐྱོང་ལག་ཁྱེར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོ་དང་གཞུང་དོན་དུ་རང་སྲོག་བློས་བཏང་བའི་དམག་མི། ནད་ཀྱིས་མནར་ནས་གྲོངས་པའི་དམག་མིའི་ཁྱིམ་མིའི་གཟིགས་སྐྱོང་ལག་ཁྱེར་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་ཡིས་འབྲེལ་ཡོད་མཉམ་ལས་དངུལ་ཁང་དང་མཉམ་འབྲེལ་སྒོས་བཟོ་རྒྱུ་ཡིན་ལ། གཟིགས་སྐྱོང་ལག་ཁྱེར་གྱིས་དངུལ་ཁང་གི་གཡར་ཐོ་གཞི་རྟེན་དུ་བྱས་ཡོད་ཅིང་། འགྲོ་སོང་ཚད་ལས་བརྒལ་བའི་བྱེད་ནུས་ལྡན་མེད། གཟིགས་སྐྱོང་ལག་ཁྱེར་དེ་ཆ་རྐྱེན་དང་མཐུན་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་ཁ་ཕྱོགས་ནས་གཏོང་སྤྲོད་བྱེད་པ་དང་། གཟིགས་སྐྱོང་ལག་ཁྱེར་ནི་ལག་ཁྱེར་རེག་མཁན་གྱི་གཟི་བརྗིད་མངོན་པའི་གཞི་རྟེན་དང་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་དཔང་ཡིག་ཡིན།

རིགས་དབྱེ།  

ཞིན་ཅང་ཞི་བས་བཅིངས་འགྲོལ།

ཞིན་ཅང་ཞི་བའི་བཅིངས་འགྲོལ་བཏང་བ་དང་མི་དམངས་བཅིངས་འགྲོལ་དམག་ཞིན་ཅང་དུ་བཅའ་སྡོད་བྱས་པས། མི་རིགས་མཐུན་སྒྲིལ་མངོན་འགྱུར་དང་། མཐའ་མཚམས་འཛུགས་སྐྲུན་ལ་ཤུགས་སྣོན། རྒྱལ་སྲུང་སྲ་བརྟན་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

རིགས་དབྱེ།  

ཀྲུང་དབྱང་དམག་ཨུའི་སྤྱི་ལོ2022ལོའི་བཀའ་རྒྱ་དང་པོ།

ཀྲུང་དབྱང་དམག་ཨུའི་སྤྱི་ལོ2022ལོའི་བཀའ་རྒྱ་དང་པོ་ནི་དམག་ཡོངས་ལ་སྦྱོང་བརྡར་བྱེད་འགོ་ཚུགས་པའི་སྐུལ་སློང་བཀའ་རྒྱ་ཁྱབ་བསྒྲགས་བྱ་རྒྱུ་དེ་ཡིན། སྤྱི་ལོ2022ལོའི་ཟླ1པོའི་ཚེས4ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུའི་སྤྱི་ལོ2022ལོའི་ཡིག་ཨང་དང་པོའི་བཀའ་རྒྱའི་ཐོག་མིང་རྟགས་བཀོད་དེ་དམག་ཡོངས་ལ་སྦྱོང་བརྡར་བྱེད་འགོ་ཚུགས་པའི་སྐུལ་སློང་བཀའ་རྒྱ་ཁྱབ་བསྒྲགས་གནང་བ་རེད།

རིགས་དབྱེ།  

ཁྲིམས་འཛིན་ཉེན་རྟོག་རིག་པ།

ཁྲིམས་འཛིན་ཉེན་རྟོག་རིག་པ་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

ཁྲིམས་འཛིན་ཉེན་རྟོག་ཆེད་ལས།

ཁྲིམས་འཛིན་ཉེན་རྟོག་ལས་དོན་ཆེད་ལས་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སྤྱི་བདེ་དང་ཁྲིམས་འཛིན་སྐོར་གྱི་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

ཁྲིམས་འཛིན་ཉེན་དོན།

ཁྲིམས་འཛིན་ཉེན་རྟོག་ལས་དོན་ནི་ཀྲུང་གོའི་མཐོ་སློབ་དཀྱུས་མའི་ཆེད་སྦྱོང་ཆེད་ལས་ཤིག་ཡིན།

རིགས་དབྱེ།