གཡག་ཆད་ལ་ཁའི་སྔོན་གཤེགས་དཔའ་བོའི་བང་སོ།

གཡག་ཆད་ལ་ཁའི་སྔོན་གཤེགས་དཔའ་བོའི་བང་སོ་ནི་ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་དུ་གནས་ཡོད། དེ་ནི་དམར་དམག་གནས་འདིར་བརྒྱུད་དུས་དགྲ་བོ་དང་འཐབ་འཛིང་དྲག་པོ་བྱུང་ནས། ཐོན་ཀྲང་གཅིག་དང་དམག་མི་མང་བོ་དེ་ནས་རང་སྲོག་བློས་བཏང་། བཅིངས་འགྲོལ་བཏང་རྗེས་མི་དམངས་སྲིད་གཞུང་གིས་གཡག་ཆད་ལ་ཁར་དཔའ་བོའི་བང་སོའི་རྡོ་རིང་བཙུགས་ནས་དཔའ་བོ་རྣམས་ལ་རྗེས་དྲན་བྱས་སོ།།

རིགས་དབྱེ།  

དགུ་པའི་བཅོ་བརྒྱད་ཉིན་གྱི་དུས་འགྱུར།

སྤྱི་ལོ1931ལོའི་ཟླ9པའི་ཚེས10ཉིན་གྱི་མཚན་མོར། འཇའ་ཕན་ཀོན་ཏུང་དམག་གིས་མཉྫུ་ལྷོ་མའི་ལྕགས་ལམ་གྱི་ལིའུ་ཐེའོ་མཚེའུ་མཚམས་ཀྱི་ལྕགས་ལམ་དུམ་བུ་དེ་འབར་མདེལ་གྱིས་གཏོར་བརླག་བྱས་པ་ཡིན་ཞེས་ཉེས་ཁག་ཚུར་འགེལ་བྱས་ཏེ། བྱང་ཤར་དམག་སྒར་ལ་མེ་སྒྱོགས་འཕངས་པ་དང་། ཧྲེན་དབྱང་གྲོང་ཁྱེར་བཙན་བཟུང་བྱས་ནས་དགུ་པའི་བཅོ་བརྒྱད་ཉིན་གྱི་དུས་འགྱུར་བཟོས་པ་ལ་ཟེར།

རིགས་དབྱེ།  

དམག་དོན་ལོ་རྒྱུས།

དམག་དོན་ལོ་རྒྱུས་ནི་ལོ་རྒྱུས་སྟེང་བྱུང་པའི་དམག་འཁྲུག་དང་དམག་དཔུང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་དེའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། རིག་ཚན་ལྟར་དབྱེ་ན། དམག་འཁྲུག་གི་ལོ་རྒྱུས་དང་། དམག་དཔུང་འཛུགས་སྐྱོང་གི་ལོ་རྒྱུས། དམག་དོན་བསམ་བློའི་ལོ་རྒྱུས། དམག་དོན་ལག་རྩལ་གྱི་ལོ་རྒྱུས་སོགས་འདུས་ཡོད། དུས་རབས་ལྟར་དབྱེ་ན། གནའ་རབས་ཀྱི་དམག་དོན་ལོ་རྒྱུས་དང་། ཉེ་རབས་ཀྱི་དམག་དོན་ལོ་རྒྱུས། དེང་རབས་ཀྱི་དམག་དོན་ལོ་རྒྱུས་བཅས་ཚུད་ཡོད། ས་ཁོངས་ལྟར་དབྱེ་ན། ཀྲུང་གོའི་དམག་དོན་ལོ་རྒྱུས་དང་ཕྱི་རྒྱལ་གྱི་དམག་དོན་ལོ་རྒྱུས་སོགས་ཡོད། འཛམ་གླིང་གི་དམག་དོན་རྒྱལ་ཁབ་ཆེན་པོ་ཚང་མས་རིག་ཚན་དེ་དམག་དོན་སློབ་གྲྭ་ཆེན་མོའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ། ཆེད་དུ་དེར་ཞིབ་འཇུག་བྱེད་སའི་ལས་ཁུངས་བཙུགས་ནས། ཉམས་མྱོང་ཕྱོགས་བསྡོམས་དང་མི་སྣ་གཙོ་སྐྱོང་བྱེད་བཞིན་ཡོད།

རིགས་དབྱེ།  

མདུན་སྐྱོར་ལས་འགུལ།

སྤྱི་ལོ1947ལོར་རྒྱལ་ཡོངས་ཀྱི་ས་ཞིང་གྲོས་ཚོགས་བསྡུས་ཏེ།《ཀྲུང་གོའི་ས་ཞིང་བཅའ་ཁྲིམས་ཀྱི་རྩ་འཛིན》གཏན་འབེབས་བྱས་ཤིང་། དེའི་རྗེས་སུ་བཅིངས་འགྲོལ་ས་ཁུལ་གྱི་རྒྱ་ཆེའི་གྲོང་གསེབ་ཏུ་ཚ་ཚ་འུར་འུར་གྱི་ས་ཞིང་བཅོས་བསྒྱུར་ལས་འགུལ་སྤེལ། སྤྱི་ལོ1948ལོའི་སྟོན་ཁར་སླེབས་དུས། མི་གྲངས་དུང་ཕྱུར་གཅིག་ཡོད་པའི་བཅིངས་འགྲོལ་ས་ཁུལ་དུ་བཀས་བཀོད་རྒྱུད་འཛིན་གྱི་ཐོན་སྐྱེད་འབྲེལ་བ་རྩ་མེད་དུ་བཏང་། རྒྱ་ཆེའི་ཞིང་པ་རྣམས་ཆབ་སྲིད་དང་དཔལ་འབྱོར་ཐོག་ཡར་ལངས་རྗེས་ཆབ་སྲིད་ཀྱི་གོ་རྟོགས་དང་རྩ་འཛུགས་ཀྱི་ཆུ་ཚད་སྔར་ན་མེད་པར་མཐོ་རུ་ཕྱིན་ཡོད། “དམག་ལ་ཞུགས་ནས་ཞིང་ཁ་སྲུང་བའི”འབོད་ཚིག་འོག་ཞིང་པ་དར་མ་འབོར་ཆེན་ཞིག་རྦ་རླབས་ལྟར་མི་དམངས་དམག་དཔུང་ཁྲོད་ཞུགས། ས་གནས་སོ་སོའི་ཞིང་བས་འབྲུ་རིགས་དང་གྱོན་ཆས་སོགས་གཡུལ་སར་སྐྱེལ་བར་མ་ཟད། སྐྱེལ་འདྲེན་རུ་ཁག་དང་། འགན་འཁུར་རུ་ཁག ལམ་གཏོར་རུ་ཁག་སོགས་དམག་དཔུང་དང་མཉམ་དུ་བསྐྱོད་ནས་གཡུལ་སའི་ཞབས་འདེགས་ཀྱི་འགན་ཁུར། ཁོ་ཚོས་ད་དུང་ཡུལ་དམག་རྩ་འཛུགས་རྒྱ་ཁྱབ་ཏུ་བཙུགས་པ་དང་ཤུགས་སྣོན་བརྒྱབ་ནས་བཅིངས་འགྲོལ་དམག་ལ་གཞོགས་འདེགས་བྱས་ཏེ་དམག་འཐབ་བྱས། ལོ་གསུམ་གྱི་རིང་ལ། ཅིན་ཅི་ལུའུ་ཡུས་བཅིངས་འགྲོལ་ས་ཁུལ་དུ་དམག་ལ་ཞུགས་པའི་ཞིང་པ་ཁྱོན་བསྡོམས་ཁྲི148ཟིན་པ་དང་། ཧྲན་ཏུང་བཅིངས་འགྲོལ་ས་ཁུལ་དུ་སྔ་གཞུག་ཏུ་ན་གཞོན་ཁྲི59དམག་ལ་ཞུགས་པ་དང་། ད་དུང་ཞིང་པ་ཁྲི700ཡིས་དམག་མི་དང་མཉམ་དུ་དམག་འཐབ་བྱས། མི་དམངས་བཅིངས་འགྲོལ་དམག་འཁྲུག་ལ་མི་ཤུགས་དང་དངོས་ཤུགས་ཀྱི་རྒྱབ་སྐྱོར་རྫོགས་མཐའ་མེད་པ་ཐོབ་ཡོད།

རིགས་དབྱེ།  

དམག་དོན་བསམ་བློ་དང་དམག་དོན་ལོ་རྒྱུས།

དམག་དོན་བསམ་བློ་དང་དམག་དོན་ལོ་རྒྱུས་ནི་འབྲེལ་ཡོད་ཀྱི་མཐོ་རིམ་མ་ལག་གི་གནད་དོན་གྱི་རྗེས་དཔག་གི་ཤེས་བྱ། དུས་རྒྱུན་དུ་དམག་འཁྲུག་གི་ལྟ་བ་དང་དམག་འཁྲུག་གི་གནད་དོན་བརྟག་ཐབས་སྨྲ་བ། དམག་འཁྲུག་གི་སློབ་སྟོན་བསམ་བློ། དམག་འཛུགས་སློབ་སྟོན་བསམ་བློ་སོགས་གཞི་རྩའི་ནང་དོན་ཚུད་ཡོད།

རིགས་དབྱེ།  

དམག་དོན།

དམག་དོན(Military)ནི་དམག་དཔུང་གི་ལས་དོན་ཡིན་ཞིང་། གནའ་དུས་ནས་དམག་དོན་ཞེས་འབོད་པ་དེ་ནི་རྒྱལ་ཁབ་ཅིག་དང་སྲིད་དབང་ཞིག་གི་རྒྱལ་སྲུང་གི་དྲག་པོའི་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་ཤེས་བྱ་དང་ལས་དོན་ཞིག་རེད།

རིགས་དབྱེ།  

དམར་དམག་གིས“སྐོར་བཅོམ”ལ་ངོ་རྒོལ་བྱེད་པའི་དམག་འཁྲུག

དམར་དམག་གིས“སྐོར་བཅོམ”ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ཅེས་པ་ནི་སྤྱིར་བཏང་དུ་སྤྱི་ལོ1930ལོ་ནས་སྤྱི་ལོ1934ལོའི་བར་ཀྲུང་གོའི་བཟོ་ཞིང་དམར་དམག་གིས་གསར་བརྗེར་ངོ་རྒོལ་བྱེད་པའི་དམག་དོན་སྟོབས་ཤུགས་ཀྱིས་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་གཙོ་གནད་དུ་བྱས་པའི་གནས་གཞིའི་ས་ཁུལ་ཁག་ལྔའི“སྐོར་བཅོམ”དམག་འཐབ་ལ་ཟེར།

རིགས་དབྱེ།  

ཐཱ་ཧྲན་རི་བོའི་འགོག་རྒོལ་དམག་འཐབ།

བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་བྱང་ཤར་བྱེས་འཐབ་དམག་སྡེའི་རུ་ཁག་བཞི་བ་དང་བཅུ་གཅིག་པ་སོགས་ཀྱི་དམག་དཔུང་གིས་ལིའོ་ཧྲེན་གཡུལ་འགྱེད་ནང་གཙོ་ཤུགས་ཀྱིས་ཅིན་ཀྲོའུ་འཕྲོག་ལེན་བྱེད་པར་འགན་སྲུང་བྱེད་ཆེད་ལིའོ་ཉིན་ཞིང་ཆེན་གྱི་ཅིན་ཀྲོའུ་ཡི་ལྷོ་ནུབ་རྒྱུད་ཐཱ་ཧྲན་ས་ཁུལ་དུ་ཅིན་ཀྲོའུ་ལ་དཔུང་རོགས་བྱེད་མཁན་གོ་མིན་ཏང་དམག་དཔུང་ལ་འགོག་སྲུང་དམག་འཐབ་བྱས་པ་རེད། བཅིངས་འགྲོལ་དམག་གིས“ཐཱ་ཧྲན་རི་བོའི་འགོག་རྒོལ་དམག་འཐབ”ཟེར། མི་འགའ་ཞིག་གིས་ལིའོ་ཧྲེན་གཡུལ་འགྱེད་ནང་གི་ཐཱ་ཧྲན་རི་བོའི་འགོག་རྒོལ་དམག་འཐབ་དང་ཧེ་ཧྲན་འགོག་རྒོལ་དམག་འཐབ། ཧོའེ་ཧའེ་གཡུལ་འགྱེད་ནང་གི་ཞུས་ཏུང་བཀག་འགོག་དམག་འཐབ་བཅས་ལ་བཅིངས་འགྲོལ་དམག་འཁྲུག་གི“གཡུལ་འགྱེད་ཆེན་པོ་གསུམ”ནང་གི“འགོག་རྒོལ་དམག་འཐབ་ཆེན་པོ་གསུམ”ཞེས་འབོད་ཀྱིན་ཡོད།

རིགས་དབྱེ།  

རྒྱ་གར་དམག་དཔུང་གི་ཚུར་རྒོལ་རྡུལ་དུ་བརླགས་པ།

སྤྱི་ལོ1962ལོའི་ཟླ10བའི་ཚེས20ཉིན། རྒྱ་གར་གྱི་དམག་དཔུང་གིས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་ཤར་ནུབ་དུམ་བུ་གཉིས་ནས་དུས་མཉམ་དུ་ཀྲུང་གོར་གཞི་ཁྱོན་ཆེ་བའི་དྲག་པོའི་བཙན་འཛུལ་བྱས་པས། ཀྲུང་གོའི་མཐའ་སྲུང་དམག་དཔུང་གིས་རྒོལ་ལན་མི་སློག་ཐབས་མེད་བྱུང་བ་མ་ཟད། མྱུར་དུ་རྒྱ་གར་དམག་དཔུང་གི་ཚུར་རྒོལ་རྡུལ་དུ་བརླགས།

རིགས་དབྱེ།  

བོད་ལྗོངས་གཡུལ་འགྱེད།

བོད་ལྗོངས་གཡུལ་འགྱེད་ཞེས་པ་ནི་སྤྱི་ལོ1950ལོའི་ཟླ1པོ་ནས་སྤྱི་ལོ1951ལོའི་ཟླ12པའི་བར་རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གསུམ་པའི་ནང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་ནུབ་དམག་ཁུལ་ཁང་གི་དམག་དཔུང་ཁག་གཅིག་གིས་ནུབ་བྱང་དམག་ཁུལ་ཁང་གི་དཔུང་སྡེའི་གཞོགས་འདེགས་བྱས་འོག་དམག་དོན་དང་ཆབ་སྲིད་ཀྱི་ཕར་རྒོལ་ལ་བརྟེན་ནས་བོད་དུ་དཔུང་སྐྱོད་བྱས་པའི་འཐབ་ཇུས་ཀྱི་བྱ་སྤྱོད་ཅིག་ཡིན། བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན། དུས་རབས18པའི་དུས་མཇུག་ཏུ་དབྱིན་ཇིས་བོད་ལྗོངས་ལ་བཙན་འཛུལ་བྱས་རྗེས། བོད་ལྗོངས་ཀྱི་མཐོ་རིམ་དབང་སྒྱུར་ཚོགས་པར་དུས་ཡུན་རིང་པོར་ངན་འབྲེལ་དང་ཚོད་འཛིན་བྱས་ཏེ། བོད་ལྗོངས་མི་སེར་སྤེལ་ཡུལ་དུ་སྒྱུར་རྩིས་བྱས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཉེར་ཡོད་སྐབས་དབྱིན་ཇི་དང་ཨ་མེ་རི་ཁའི་རྒྱབ་སྐྱོར་འོག་བོད་ཀྱི་དབང་འཛིན་ལས་ཁུངས་ཀྱི་ངན་རེངས་སྟོབས་ཤུགས་ཀྱིས་ཞིང་བྲན་ལམ་ལུགས་སྲུང་སྐྱོང་གང་ཐུབ་དང་བོད་རང་བཙན་བྱ་རྒྱུའི་ཇུས་འགོད་ཧུར་ཐག་བྱས་པ་མ་ཟད། ཕྱི་རྒྱལ་ནས་མཚོན་ཆ་འབོར་ཆེན་ཉོས་ཏེ་འབྲུ་རིགས་དང་གཟན་རྩྭ་འབོར་ཆེན་གསོག་འཇོག་བྱས་ནས་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལ་བཅིངས་འགྲོལ་གཏོང་རྒྱུར་བཀག་འགོག་བྱ་རྒྱུའི་རེ་ངན་བཅངས་ཡོད། སྤྱི་ལོ1950ལོའི་ཟླ1པོ་ནས་སྤྱི་ལོ1951ལོའི་ཟླ12པའི་བར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལྷོ་ནུབ་དམག་ཁུལ་ཁོངས་གཏོགས་ཀྱི་ཅུན18པ་སོགས་ནུབ་བྱང་དམག་ཁུལ་གྱི་རྟ་དམག་དཔུང་སྡེའི་གཞོགས་འདེགས་འོག་བོད་ལ་བཅིངས་འགྲོལ་གཏོང་བའི་འཐབ་ཇུས་ཀྱི་བྱ་སྤྱོད་ཅིག་རེད།

རིགས་དབྱེ།  

ཀོང་ཀྲོའུ་བཅིངས་འགྲོལ།

《ཀོང་ཀྲོའུ་བཅིངས་འགྲོལ》ནི་བརྩམས་སྒྲུང་དྲ་ལམ་དུ་མུ་འགོད་བྱས་པའི་བརྩམས་སྒྲུང་ཞིག་ཡིན་པ་དང་། དེའི་རྩོམ་པ་པོ་ནི་ཧུའུ་ཆོན་ཨན་རྩོམ་རིག་ཡིན།

རིགས་དབྱེ།  

ཆབ་མདོ་བཅིངས་འགྲོལ།

སྤྱི་ལོ1950ལོའི་ཟླ10པའི་ཚེས6ཉིན་ནས་ཚེས24ཉིན་བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཆབ་མདོའི་གཡུལ་འགྱེད་བྱས་ནས་ཁམས་ནུབ་ཞིང་ཆེན་གྱི་ནུབ་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་ཆབ་མདོ་བཅིངས་འགྲོལ་བཏང་བ་རེད། བོད་དུ་དཔུང་སྐྱོད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

རིགས་དབྱེ།  

མེ་འགོག་ཡུའེ་རོགས།

སྤྱི་ལོ1965ལོ་ནས་སྤྱི་ལོ1973ལོ་བར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་སྤྱིའི་རིང་ལུགས་ཀྱི་འོས་འགན་སྒྲུབ་པ་དང་མཁའ་ཟོན་དང་། བཟོ་སྐྲུན། ལྕགས་ལམ། རྒྱབ་ཕྱོགས་འགན་ལེན་སོགས་དམག་དཔུང་དང་དེ་བཞིན་མཚོ་དམག་གི་ས་འོག་འབར་མདེལ་རུ་ཁག་བཏང་ནས་ཡུའེ་ནན་མི་དམངས་ཀྱིས་ཨ་རིར་ངོ་རྒོལ་བྱེད་པའི་རྒྱལ་སྐྱོབ་དམག་འཁྲུག་ལ་དམག་དོན་རོགས་སྐྱོར་བྱས་པ་རེད།

རིགས་དབྱེ།  

ཅིན་མོན་མེ་སྒྱོགས་དམག་འཐབ།

ཅིན་མོན་མེ་སྒྱོགས་དམག་འཐབ་ལ་ཐེ་ཝན་མཚོ་འགག་ཉམས་ཉེན་ཐེངས་གཉིས་པ་ཡང་ཟེར། ཐའེ་ཝན་གྱིས་བརྒྱད་གཉིས་གསུམ་སྒྱོགས་འཐབ་ཀྱང་ཟེར། དེ་ནི་སྤྱི་ལོ1958ལོའི་ཟླ8པའི་ཚེས23ཉིན་ནས་ཟླ10པའི་ཚེས5ཉིན་བར་ཅིན་མོན་དང་དེའི་ཉེ་འཁོར་དུ་བྱུང་བའི་གཡུལ་འགྱེད་ཅིག་ཡིན། གོ་གུང་ཕྱོགས་གཉིས་ཀྱིས་ སྒྱོགས་འཐབ་བྱས་པའི་གཡུལ་འགྱེལ་ལ་ཟེར།

རིགས་དབྱེ།  

རུས་མཁྲེགས་བརྒྱ་ཤོག་དྲུག་པ།

རུས་མཁྲེགས་བརྒྱ་ཤོག་དྲུག་པ་ནི་སྲོལ་རྒྱུན་གྱི་དཔའ་བོའི་བརྒྱ་ཤོག་ཅིག་ཡིན་ཞིང་། སྤྱི་ལོ1964ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུས“རུས་མཁྲེགས་བརྒྱ་ཤོག་དྲུག་པའི”གཟི་བརྗིད་མཚན་སྙན་གནང་། སྤྱི་ལོ2020ལོའི་ཟླ1པོའི་ཚེས18ཉིན་ཞི་ཅིན་ཕིང་གིས“རུས་མཁྲེགས་བརྒྱ་ཤོག་དྲུག་པའི” དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར“རུས་མཁྲེགས་བརྒྱ་ཤོག་དྲུག་པ”དར་རྒྱས་གོང་འཕེལ་བཏང་ནས་བརྒྱ་ཤོག་དེ་བས་སྲ་བརྟན་དུ་གཏོང་དགོས་པའི་སྐུལ་ལྕག་གནང་། སྤྱི་ལོ2020ལོའི་ཟླ7པའི་ཚེས29ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུས“དུས་རབས་ཀྱི་མིག་དཔེ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད།

རིགས་དབྱེ།