ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >དམག་དོན། >དམག་ཇུས།

ཁ་ཡག་ཁོག་རྩུབ།

ཕྱི་ཚུལ་དུ་ཕ་རོལ་བས་རང་ལ་བློ་བདེ་སེམས་བདེ་བྱེད་དུ་བཅུག་ནས་ལྐོག་ཏུ་རང་སྡེས་ཇུས་བློ་གཞན་པ་བཀོད་པའོ། །སྟ་གོན་ལེགས་པོ་བྱས་རྗེས་ད་གཟོད་དཔུང་འཇུག་བྱས་ན་ཕ་རོལ་བར་འགྱུར་ལྡོག་བྱུང་མི་ཐུབ་བོ། །དེ་ནི་ཕྱི་ཚུལ་འཇམ་ཡང་ནང་དུ་སྲ་མཁྲེགས་ཡིན་པའི་དོན་ནོ། །

རིགས་དབྱེ།  

ཁོག་མའི་འོག་ནས་མེ་ཤིང་འཐེན་པ།

ཕ་རོལ་བའི་ངར་ཤུགས་ལ་རྒོལ་བར་མི་ནུས་ཚེ། དེའི་སྟོབས་ཤུགས་ཟད་པར་བྱའོ། །དེ་ནི་སྙི་བས་མཁྲེགས་པ་འདུལ་བའི་ཐབས་ཏེ་རིམ་བཞིན་དགྲ་ཟླ་འཇོམས་པའོ། །

རིགས་དབྱེ།  

གདུང་རྐུ་ཀ་བརྗེ།

གྲོགས་དམག་གི་དཔུང་སྒྲིག་ཚུལ་མང་པོ་བསྒྱུར་དུ་བཅུག་ཅིང་དེའི་གཙོ་དམག་ལྐོག་ཏུ་ཕྱིར་འཐེན་ནས་དེ་ཕམ་ནས་ཕྱིར་འཐེན་སྐབས་གྲོགས་དམག་རང་གིས་ཚོད་འཛིན་བྱས་པ་ནི། དཔེར་ན། ཤིང་རྟའི་འཁོར་ལོ་བསྡམ་ན་ཤིང་རྟ་བསྐྱོད་པ་ཚོད་འཛིན་བྱས་པ་བཞིན་ནོ། །

རིགས་དབྱེ།  

གཡོ་སྒྱུ་དྲན་འཕྲུལ།

ཉེར་སོན་ཐལ་ཆེ་ན་སེམས་སྒྱིད་ལུག་ཏུ་འགྱུར་ལ། རྟག་པར་མཐོང་ཚེ་སེམས་ལ་དོགས་པ་མེད་པར་འགྱུར་རོ། །སྲིབ་ནི་གདགས་ལས་མ་འདས་ལ་དེ་ལས་ལྡོག་པ་མིན་ལ། གདགས་ལའང་སྲིབ་གནས་པས་སོ། །

རིགས་དབྱེ།  

གཞན་བསྐུལ་མི་གསོད།

ཕ་རོལ་གྱི་གནས་ཚུལ་ཐམས་ཅད་རྟོགས་ཤིང་གྲོགས་ཀྱི་རྣམ་འགྱུར་བརྟན་པོ་མིན་སྐབས་སུ། གྲོགས་སྐུལ་ནས་དགྲ་བོ་ཕ་རོལ་བ་རྡེག་པར་བྱས་པས་རང་ཉིད་མངོན་དུ་བུད་མི་དགོས་ལ་སྟོབས་ཤུགས་ཀྱང་འཛད་མི་དགོས་སོ། །

རིགས་དབྱེ།  

གླེན་ཡང་མི་སྨྱོ་བ།

མགོ་རྨོངས་ཁུལ་བྱས་ཏེ་འདུག་པ་ལས་བློ་གྲུང་བར་བརྫུས་ཏེ་བབ་ཅོལ་ཧོད་རྒྱུག་མི་བྱེད་དོ། །ལྐོག་ཏུ་ཇུས་བཀོད་བྱེད་པ་ལ་ཕྱི་རུ་མངོན་དུ་མི་འཇུག་པ་ནི་སྤྲིན་སྒྲ་དང་གློག་ནི་དགུན་དུ་བསོག་ཅིང་དཔྱིད་དུས་སུ་འཁྱུག་པ་དང་གྲག་པ་བཞིན་ནོ། །

རིགས་དབྱེ།  

ཆུ་ཉོག་ནང་ནས་ཉ་འཛིན་པ།

ཕ་རོལ་བའི་ནང་ཁུལ་རྙོག་འཛིང་ཡིན་པའི་སྐབས་འཚོལ་ཞིང་། དེའི་སྟོབས་ཤུགས་ཞན་ཐོག་ལྟ་ཚུལ་ཡང་མེད་པ་བེད་སྤྱད་དེ་ཕ་རོལ་བ་ཆུ་སྣ་གང་ཁྲིད་བྱེད་དོ། །དེ་ནི་མི་རྣམས་ནམ་དུས་བཞིན་ངལ་གསོ་བ་དང་ལས་ཀར་འཇུག་པ་བཞིན་ནོ། །

རིགས་དབྱེ།  

ཉུལ་མ་ལྡོག་མངག

དོགས་པའི་ནང་དུ་དོགས་པ་སྐྱེས་སུ་འཇུག་པའོ། །ཕ་རོལ་བའི་མངགས་པའི་ཉུལ་མ་བེད་སྤྱད་དེ་རང་སྡེར་གྱོང་གུད་སྤུ་ཙམ་མེད་པ་དང་རང་གི་དམིགས་ཡུལ་ཡང་འགྲུབ་པའོ། །

རིགས་དབྱེ།  

ཐོག་ཁང་ལ་འཛེགས་ཏེ་སྐས་བླངས་པ།

བསམ་བཞིན་དུ་གས་སྲུབས་ལུས་པར་བཅུག་ནས་ཕ་རོལ་བར་སྟབས་བདེ་བྱས་ཏེ་དགྲ་ཟླས་བབ་ཅོལ་དུ་དམག་དྲངས་ཐབས་བྱས་ཤིང་དེའི་རོགས་དམག་ཡོང་བའི་ལམ་ཡང་བཅད་དེ་དགྲ་དཔུང་གནས་བབ་ངན་པར་གྱུར་བའོ། །

རིགས་དབྱེ།  

དལ་བས་ངལ་བར་རྒོལ་བ།

དགྲ་ཟླ་དཀའ་ངལ་གྱིས་གནས་སུ་གྱུར་བར་བྱས་ཏེ་ཐད་ཀར་མི་འཐབ་ལ་དེའི་སྟོབས་ཤུགས་འཛད་པ་དང་སྒྱིད་ལུག་སྐྱེ་བར་འཇུག་པའི་ཐབས་ཏེ། དེ་ནི་སྤོར་ཐང་ལས་འགྲིབ་ནི་སྲ་ལ་འཕེལ་ནི་སྙི་ཞེས་པ་ལས་བྱུང་ངོ་། །

རིགས་དབྱེ།  

བཤད་ས་བུ་མོ་དང་ཕོགས་ས་མནའ་མ།

སྟོབས་ཤུགས་ཆེ་བ་ཡིས་སྟོབས་ཤུགས་ཆུང་བ་ཟིལ་གྱིས་གནོན་པ་དང་ཉེན་ཟོན་གྱི་བྱེད་ཐབས་སྤྱད་དེ་འཇམ་ཁྲིད་བྱེད་ཆོག་གོ །འོས་འཚམས་སུ་མཁྲེགས་པོ་ཡིན་ན་མངའ་འོག་པས་གུས་བཀུར་དང་སེམས་ཐག་ཆོད་པོ་ཅན་ལ་མི་རྣམས་དེའི་ངག་ལ་བརྩིའོ། །

རིགས་དབྱེ།  

མཁར་སྟོང་བས་བསླུ་ཐབས།

དམག་ཤུགས་ཞན་པ་ཡིན་པ་ལ་ཞན་པ་ཡིན་ཚུལ་བསམ་བཞིན་དུ་ཕྱི་ལ་མངོན་ན། གནས་ཚུལ་མི་ཤེས་པའི་ཕ་རོལ་བ་ལྷག་པར་དོགས་པ་ཇེ་ཆེར་འགྲོའོ། །དགྲ་རང་སྟོབས་ཤུགས་ལ་ཁྱད་པར་ཆེ་བ་ན། ངོ་མ་ཡིན་མིན་ཐག་གཅོད་མི་ཐུབ་པའི་ཇུས་བློ་སྤྱད་དེ་དམག་བཀོལ་བ་ངོ་མཚར་དཔོག་མི་ཤེས་པ་བྱའོ། །

རིགས་དབྱེ།  

མགྲོན་པོ་བདག་པོ་ཆགས།

ཕ་རོལ་བ་ལ་བར་མཚམས་ཅུང་ཕྱེ་བར་རྐང་བ་འཚང་ནས་མཇུག་མཐར་ཕ་རོལ་བའི་མགོ་ཁྲིད་ལས་ཁུངས་ཀྱི་དབང་བཟུང་བ་ནི་ངེས་པར་དུ་རིམ་བགྲོད་གོང་འཕེལ་བྱེད་དགོས།

རིགས་དབྱེ།  

རང་མནར་གཞན་སླུ།

རྒྱུན་ལྡན་གྱིས་རང་གིས་རང་ལ་མནར་གཅོད་མི་བྱེད་ལ་མནར་གཅོད་བྱས་ཚེ་གཞན་གྱིས་བྱས་པར་སེམས། འོན་ཀྱང་རྫུན་མ་བདེན་པར་རྫུ་ཐུབ་ན་ཕ་རོལ་བས་བསད་དེ་བདེན་པར་རྟོགས་པས་སྐབས་དེར་ཉུལ་མ་ལྡོག་མངགས་བྱེད་ཆོག་གོ །བྱིས་པས་ཅི་ཡང་མི་ཤེས་ལ། གལ་ཏེ་དེར་བསྟུན་ན་དེས་ཁྱོད་ཀྱི་བཀོད་འདོམས་ལ་ཉན་ནོ། །

རིགས་དབྱེ།  

མུ་འབྲེལ་གྱི་ཇུས་བློ།

ཕ་རོལ་བ་དམག་ཤུགས་ཆེ་ལ་དཔོན་མོད་པའི་དུས་སུ། ཨུ་ཚུགས་ཀྱིས་ཕར་རྒོལ་བར་མི་བྱའོ། །དེ་བས་གང་ཕན་ཚུན་བཀག་སྐྱིལ་འཕང་ནས་ཤུགས་ཇེ་ཞན་དུ་བཏང་ཆོག་གོ །དེ་ནི་དཔོན་མཛངས་ལ་ཇུས་འོས་འཚམས་ཡིན་ན་ཕ་རོལ་བ་འཇོམས་པ་ལ་ལྷ་དམག་གིས་གྲོགས་བྱེད་པ་དང་མཚུངས་སོ། །

རིགས་དབྱེ།  

འགྱེལ་བའི་སྒང་ལ་རྡོག་བརྫིས།

དགྲ་བོའི་གནས་བབ་དཀའ་སྡུག་ཆེ་བ་ལ། སྐབས་བསྟུན་གྱིས་རྒོལ་ནས་རྒྱལ་ཁ་ལེན་པ་ནི། སྲ་བས་སྙི་བ་འཇོམས་པའི་རིགས་པའོ། །

རིགས་དབྱེ།  

གཞི་མེད་སྒྲོ་འདོགས།

སྣང་ཚུལ་བཅོས་མ་སྤྱད་དེ་དགྲ་ཟླར་མགོ་ཐོམ་པར་འཇུག་ལ། དེའང་ཐམས་ཅད་བཅོས་མའི་གནས་ཚུལ་མིན་པ་ནི་བཅོས་མའི་གནས་ཚུལ་ནང་དུ་ངོ་མའི་འགུལ་སྐྱོད་ཡོད་པས་སོ། །དེ་ནི་ཅུང་ཙམ་གསང་བ་ཡིན་པའི་འགུལ་སྐྱོད་ནང་དུ་གསང་བ་ཆེན་པོའི་འགུལ་སྐྱོད་གབ་ཡོད་ལ། གསང་བ་ཆེན་པོའི་འགུལ་སྐྱོད་དེའང་ཧ་ཅང་འཛེམ་མེད་དང་འགུལ་སྐྱོད་ཆེན་པོའི་བཀའ་པའི་ཁྲོད་དུ་བྱེད་ནུས་ཆེའོ། །

རིགས་དབྱེ།  

ཝེ་བསྐོར་ཀྲའོ་སྐྱོབ།

དགྲ་ཚོགས་མཉམ་དུ་འདས་པ་ལ་རྒོལ་བ་ལས་དགྲ་བོ་བཀྲམ་སྟེ་རྒོལ་ན་མཆོག་ཅིང་། གདགས་ལ་རྒོལ་བ་ལས་སྲིབ་ཏུ་རྒོལ་ན་རབ་བོ། །

རིགས་དབྱེ།  

འགྲོ་བ་ནི་ཇུས་རབ་བོ།

དམག་དཔུང་གི་སྟོབས་ཤུགས་ཉར་བའི་ཆེད་དུ་གནས་ཚུལ་ལ་དམིགས་ཏེ་ཕྱིར་ནུར་བྱས་པ་དེ་ཕམ་པ་མིན་ཞིང་། དེ་ནི་དམག་བཀོལ་བའི་རྒྱུན་ཤེས་དང་མཐུན་ངེས་སོ། །

རིགས་དབྱེ།  

ལག་ཞོར་ལུག་ཁྲིད།

དགྲ་བོ་རྣམ་གཡེང་དུ་ཅུང་ཙམ་སོང་བ་བེད་སྤྱད་དེ་ཁེ་ཕན་ཆུང་བར་འགྱུར་བའོ། །

རིགས་དབྱེ།  

འཕོ་བ་གྲོང་འཇུག

བྱེད་སྒོ་འཕེར་མཁན་ཞིག་ཡིན་ཚེ་གཞན་གྱི་སྤྱད་པར་དཀའ་ལ་བྱེད་སྒོ་མི་ཕེར་བ་ཞིག་ཡིན་ཚེ་གཞན་པས་སྤྱོད་སླའོ། །བྱེད་སྒོ་མི་ཕེར་བ་དེ་བཀོལ་བ་ནི་བྱིས་བློ་ཅན་ཞིག་མཛངས་མི་ལ་རྟེན་པ་ལས། མི་མཁས་པ་དེ་བྱིས་བློ་ཅན་ལ་བརྟེན་མི་དགོས་པ་བཞིན་ནོ། །

རིགས་དབྱེ།  

ཐར་ཐབས་མཁས་པོ།

དམག་འཁྲུག་གི་དཔུང་སྒྲིག་ཚུལ་སྔར་མུས་དང་། འཐབ་འཛིང་གི་རྣམ་པ་སྔར་ལྟར་བྱས་ཚེ་གྲོགས་ལ་དོགས་མེད་ཅིང་དགྲ་བོས་ཀྱང་གློ་བུར་དུ་རྒོལ་མི་ཕོད་དོ། །དེ་ནི་གཙོ་ཤུགས་གནས་གཞན་ཞིག་ཏུ་ལྐོག་ཏུ་སྤོས་ནས་དགྲ་ལ་བྱ་ཤོར་བར་བཅུག་པ་དང་། དགྲ་ཟླ་ལ་དོགས་པ་མེད་པའི་སྐབས་སུ་ཉེན་ཁ་ཆེ་ས་ལས་བཤོལ་བའོ། །

རིགས་དབྱེ།  

འཛིན་རྒྱུའི་ཆེད་དུ་རྐང་བཙུགས་གློད་པ།

དགྲ་བོ་འུ་ཐུག་ན་སླར་རྒོལ་བས་དེ་ལས་བྲོས་སུ་བཅུག་ན་སྟོབས་ཤུགས་ཟད་དོ། །དགྲ་བོ་བྲོས་ལ་རྗེས་སྙེག་པ་ལས་བཙན་འདེད་མི་བྱེད་པར་དེའི་ལུས་སྟོབས་དང་སེམས་སྟོབས་ཟད་དུ་བཅུག་ནས་དམག་མགོ་མི་འཆང་བའི་སྐབས་སུ་བཟུང་ན་ད་གཟོད་དམག་ཆས་ཁྲག་འགོས་མི་དགོས་སོ། །དེ་ནི་སྒུག་མཁས་པ་དང་གནས་བབ་ཇེ་བདེར་བཏང་ནས་ཕ་རོལ་བ་འགུག་པ་དང་མགོ་སྒུར་ཐབས་བྱས་ན་རང་སྡེ་ལའང་ཕན་ངེས་སོ། །

རིགས་དབྱེ།  

ར་སྡིག་ལུག་ཁུར།

གནས་བབ་འཕེལ་ཕྱོགས་ཀྱིས་རང་ལ་གྱོང་གུད་ཐེབས་པ་གཡོལ་ཐབས་མེད་པའི་སྐབས་སུ། ཕྱོགས་རེ་བའི་ཕན་པ་དོར་ནས་ཕྱོགས་ཡོངས་ཀྱི་ཕན་པ་རྒྱ་ཆེ་བ་ཐོབ་པར་བརྩོན་པའོ། །

རིགས་དབྱེ།  

རིང་འགྲོགས་ཉེ་རྒོལ།

གནས་བབ་འཕེལ་རྒྱས་ལ་ཚོད་འཛིན་བྱུང་བ་ན་ཉེ་ཕྱོགས་ལ་རྒོལ་ན་ཕན་པ་ཡོད་པ་དང་རིང་ཕྱོགས་ལ་རྒོལ་ན་གནོད་པ་ཡོད་དོ། །མེ་ནི་ཡར་ལ་འབར་ལ་ཆུ་ནི་ཐུར་དུ་བཞུར་ནའང་མེ་དགྲ་ཆུའོ། །སྤྱིར་ཕ་རོལ་བ་ཚང་མ་དགྲ་ཟླ་ཡིན་ཡང་རེ་ཞིག་ལ་དེ་ལས་གཅིག་ལ་འབྲེལ་བ་བྱས་ཏེ་གཞན་རྣམས་ཕན་ཚུན་འགལ་དུ་བཅུག་ནས་རིམ་བཞིན་རེ་རེ་བཞིན་མེད་པར་བཟོ་བའོ། །

རིགས་དབྱེ།  

རྐུན་མ་འཛིན་ན་གཏེ་བོ་འཛིན།

དགྲ་ཟླའི་གཙོ་ཤུགས་གཏོར་དགོས་ན་ཐོག་མར་དེའི་མགོ་དཔོན་འཛིན་པ་དང་དེའི་རྗེས་དགྲ་ཟླའི་སྟོབས་ཤུགས་ཡོད་ཚད་མེད་པར་འཇུག་ཐུབ་བོ། །དེ་ནི་དཔེར་ན་འབྲུག་ཁྱུ་ལ་གཙོ་བོ་མེད་ཚེ་ཕན་ཚུན་འཐབ་ནས་མཐར་མེད་པར་འགྲོ་བ་བཞིན་ནོ། །

རིགས་དབྱེ།  

རྒྱང་ནས་མེ་ཤོར་བར་བལྟ་བ།

ཕ་རོལ་བ་མང་འཁོན་གཉེན་བྲལ་དང་གོ་རིམ་རྙོག་འཛིང་ཡིན་དུས་སུ། རང་སྡེ་ལྷིང་འཇགས་ངང་དེའི་འགྱུར་ལྡོག་ལ་བརྟགས་ཏེ་འདུག་གོ །སྐབས་དེར་ཕ་རོལ་བ་གདུག་རྩུབ་དགུ་འཛོམ་དང་། ཁ་མི་འཆམ་པར་དགྲ་ཟླར་གྱུར་བ་དང་། རྔམ་པ་ཆེ་ལ་མི་ཆོས་དང་འགལ་བས་ངེས་པར་རང་གིས་རང་མེད་པར་བཟོའོ། །དུས་དེར་རང་སྡེས་བག་ཕེབས་ངང་ཕ་རོལ་བའི་གནས་ཚུལ་ལ་ལྟོས་དེ་ཇུས་བཟོ་བ་དང་བྲེལ་འཚུབ་མི་དགོས་པར་སྐབས་དང་བསྟུན་ནས་རྒྱལ་ཁ་ལེན་ཆོག་གོ །

རིགས་དབྱེ།  

རྩྭ་བརྔ་སྦྲུལ་འདྲོག

དོགས་པ་ཡོད་སར་གནས་ཚུལ་ངོ་མ་ཤེས་པར་བཅུག་པ་དང་། གནས་ཚུལ་གྱི་མཐིལ་རྟོགས་རྗེས་འགུལ་སྐྱོད་བྱེད་ཆོག གནས་ཚུལ་ཡང་ཡང་རྟོགས་རྗེས་ད་གཟོད་ལྐོག་ཏུ་ཇུས་བློ་འགོད་པའོ། །

རིགས་དབྱེ།  

ལམ་གཡར་ནས་བདག་གཞན་གཉིས་ཉམས་པ།

དགྲ་རང་གི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་བར་དུ་རྒྱལ་ཁབ་ཆུང་བ་ཞིག་ཡོད་ཅིང་། དེ་ལ་དགྲ་ཟླས་བཙན་ཤུགས་སྒོས་མངའ་འོག་ཏུ་བཙུད་པ་ལ། རང་སྡེས་དཔུང་དྲངས་ཏེ་ཟིལ་གནོན་སྒོས་རྒྱལ་ཁབ་ཆུང་བ་རོགས་བྱེད་དགོས་སོ། །དེས་རང་ལ་ཡིད་བརྟན་བྱས་ཚེ་རང་ཤུགས་ཀྱང་ཆེ་རུ་འགྲོའོ། །དེ་མིན་གཞན་དཀའ་བར་གྱུར་བ་ལ་ཁ་སྟོང་ཚིག་སྟོང་ཁོ་ན་བཤད་ན་དེས་ཡིད་བརྟན་ཅི་ལ་བྱེད།

རིགས་དབྱེ།  

ལྐོག་ཏུ་ཁྲེན་ཚང་བརྒལ་བ།

བསམ་བཞིན་དུ་རང་གི་འགུལ་སྐྱོད་ཕ་རོལ་པར་ཤེས་སུ་བཅུག་པ་དང་། དགྲ་ཟླས་འགོག་སྲུང་བྱེད་རྒྱུར་ཐག་བཅད་པའི་སྐབས་དང་བསྟུན་ནས། ལྐོག་ཏུ་དགྲ་ཟླའི་རྒྱབ་ཕྱོགས་སྟོང་བ་ཡིན་པར་དཔུང་འཇུག་བྱས་པས་རྒྱལ་ཁ་ཐོབ་ངེས་སོ། །

རིགས་དབྱེ།