ཆབ་ཆ་གྲོང་རྡལ།

སྔོན་གྱི་དུས་སུ། ཆབ་ཆ་ཞེས་པའི་མིང་གི་འཇུག་ཡུལ་ནི། ད་ལྟའི་ཆབ་ཆ་གྲོང་རྡལ་ཆགས་ཡོད་སའི་ས་ཁུལ་འདི་ཙམ་ལ་གོ་བ་མ་ཡིན་ཏེ། གནའ་བོའི་ཆབ་ཆ་ཆུ་བོའི་འབབ་ཡུལ་ཧྲིལ་བོ་སྟེ། དེང་སང་གི་ཆབ་ཆ་གྲམ་པའི་སྟོད་ཕྱོགས་ཀྱི་འགག་མགོ་ནས་བཟུང་སྟེ། སྨད་ཕྱོགས་ཀྱི་རྨ་ཆུ་ཁ་དང་ཁད་ཉེ་བའི་ཁི་མུག་སྡེ་བའི(སྔར་གནས་རྨ་ཆུར་ནུབ་ཟིན)བར་དུ་རིང་ཚད་ལ་ཧ་ལམ་སྤྱི་ལེ50ཡས་མས་ཡོད་པའི་གྲམ་གཞོངས་རིང་པོའམ་གཞོངས་ཁོག་ཧྲིལ་བོ་དེ་ལ་གོ་དགོས་ཏེ། ལོ་རྒྱུས་སྟེང་ལུང་ཁོག་འདི་ལ་ཆབ་ཆ་གཞོངས་ཁོག་ཟེར་ལ། གཞོངས་ཁོག་འདིའི་གྲམ་པའི་རིང་ཐུང་ཡོངས་ལ་ཆབ་ཆ་གྲམ་པ་ཟེར། དེ་བས་ཆབ་ཆ་ཟེར་བ་འདི་ནི། གཞོངས་ཁོག་ཧྲིལ་བོ་འདི་ལ་གོ་དགོས་པའི་སྐབས་ཤིག་ཡོད་ལ། ཆབ་ཆ་གྲོང་རྡལ་གྱི་ཆགས་ཡུལ་ཙམ་ལ་གོ་དགོས་པའི་སྐབས་ཤིག་ཀྱང་ཡོད།

རིགས་དབྱེ།  

ཆོས་རྗེ་ཡུལ་ཚོ།

ཆོས་རྗེ་ཡུལ་ཚོ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ནུབ་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35°49'ནས36°41'གི་མཚམས་དང་། ཤར་གྱི་གཞུང་ཚད98°55'ནས99°54′ཡི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་ཐང་སྐར་མ་གྲོང་རྡལ་དང་། ཤར་ལྷོའི་ཕྱོགས་ནི་བྲག་དཀར་རྫོང་གི་དཔལ་ཁ་གྲོང་རྡལ། ལྷོ་ཕྱོགས་ནི་བྲག་དཀར་རྫོང་གི་རྩི་གོར་ཐང་གྲོང་རྡལ། ནུབ་ཕྱོགས་ནི་མཚོ་ནུབ་ཁུལ་གྱི་དུར་ལམ་རྫོང་དང་དབུས་ལམ་རྫོང་། བྱང་ཕྱོགས་ནི་རྟ་ནག་མ་ཡུལ་ཚོ་དང་སྤྲེའུ་ནག་ཡུལ་ཚོ་བཅས་ལ་འབྲེལ་ཡོད།

རིགས་དབྱེ།  

ཚལ་རྔ་འགག་གྲོང་རྡལ།

གྲོང་རྡལ་འདིའི་མིང་ནི་ཚལ་རྔ་འགག་ལ་བརྟེན་ནས་བཏགས་པ་ཡིན། འདི་ནི་གསེར་ཆེན་རྫོང་སྲིད་གཞུང་གི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་ཅིང་། སའི་གོ་ལའི་བྱང་གི་འཕྲེད་ཚད36°04'ནས36°19'ཡི་མཚམས་དང་། ཤར་གྱི་གཞུང་ཚད100°10'ནས101°02'ཀྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་ཁྲི་ཀ་རྫོང་གི་ལ་ཟེ་བ་གྲོང་རྡལ་དང་། ལྷོ་ཕྱོགས་ནི་མང་རྫོང་གི་བྱ་མདོ་ཡུལ་ཚོ། ནུབ་དང་ནུབ་བྱང་གི་ཕྱོགས་ནི་གསེར་ཆེན་རྫོང་གི་ཐེ་གེ་ཡུལ་ཚོ་དང་ཆབ་ཆ་གྲོང་རྡལ། བྱང་ཕྱོགས་ནི་རིག་སྨོན་གྲོང་རྡལ་བཅས་ལ་འབྲེལ་ཡོད།

རིགས་དབྱེ།  

ཐང་སྐར་མ་གྲོང་རྡལ།

ཐང་སྐར་མ་གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ལྷོ་ནུབ་མཚམས་སུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད100°ཡི་མཚམས་དང་ཤར་གྱི་གཞུང་ཚད36°03'གྱི་མཚམས་ན་ཡོད། གྲོང་རྡལ་འདིའི་ཤར་ཕྱོགས་ནི་ཐེ་གེ་ཡུལ་ཚོ་དང་། ལྷོ་ཕྱོགས་ནི་བྲག་དཀར་རྫོང་གི་དཔལ་ཁ་གྲོང་རྡལ། ནུབ་ཕྱོགས་ནི་ཆོས་རྗེ་ཡུལ་ཚོ། བྱང་ཕྱོགས་ནི་རྟ་ནག་མ་ཡུལ་ཚོ་དང་ས་གྲུ་བཞི་ཡུལ་ཚོ། བྱང་ཤར་ནི་ཨིར་སྟི་ཡུལ་ཚོ་བཅས་ལ་འབྲེལ་ཡོད།

རིགས་དབྱེ།  

ཐེ་གེ་ཡུལ་ཚོ།

ཐེ་གེ་ཞེས་པ་ནི་སོག་སྐད་དེ། གུག་དཀྱོགས་ཅན་གྱི་ས་ཞེས་པའི་དོན་ཡིན་པར་བཤད་ཅིང་། མ་གཞི་སྡེ་བ་ཞིག་གི་མིང་ཡིན། སྔོན་གྱི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ཐེ་གེ་སྡེ་བ་ཡོད་སའི་ས་ཡིན་ཆགས་དབྱིབས་ནི་གུག་དཀྱོགས་ཅན་ཞིག་ཡིན་པས་སྡེ་བ་དེའི་མིང་ཡང་དེ་སྐད་དུ་ཐོགས། སྔར་ཐེ་གེ་ཀུང་ཧྲེ་སྡེ་བ་དེ་ནས་བཙུགས་སྐབས་ཀུང་ཧྲེ་ལ་སྡེ་བ་དེའི་མིང་བཏགས། ཕྱིས་སུ་ཀུང་ཧྲེ་ཡུལ་ཚོ་རུ་བསྒྱུར་རྗེས་ཀྱང་སྔར་མིང་སོར་བཞག་བྱས། ཡུལ་ཚོ་འདི་ནི་གསེར་ཆེན་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35°46'ནས36°07'གྱི་མཚམས་དང་། ཤར་གྱི་གཞུང་ཚད100°12'ནས100°42'ཀྱི་མཚམས་ན་ཡོད།

རིགས་དབྱེ།  

ས་གྲུ་བཞི་ཡུལ་ཚོ།

ས་གྲུ་བཞི་ཡུལ་ཚོ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་དབུས་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད36°03'ནས36°21'གི་མཚམས་དང་། ཤར་གྱི་གཞུང་ཚད100°12'ནས100°27'གྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་ཆབ་ཆ་གྲོང་རྡལ་དང་། ཤར་ལྷོའི་ཕྱོགས་ནི་ཐེ་གེ་ཡུལ་ཚོ། ལྷོ་ནུབ་ཀྱི་མཚམས་ནི་ཐང་སྐར་མ་གྲོང་རྡལ། བྱང་ཕྱོགས་ནི་ཨིར་སྟི་ཡུལ་ཚོ་བཅས་སོ་སོར་གྲོང་རྡལ2དང་ཡུལ་ཚོ2ལ་འབྲེལ་འདུག

རིགས་དབྱེ།  

སྤྲེའུ་ནག་ཡུལ་ཚོ།

སྤྲེའུ་ནག་ཡུལ་ཚོ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ནུབ་བྱང་ཕྱོགས་ན་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད36°38'ནས37°10'ཡི་མཚམས་དང་། ཤར་གྱི་གཞུང་ཚད 99°10'ནས99°49'ཡི་མཚམས་ན་ཡོད། ཡུལ་ཚོ་འདིའི་ཤར་ཕྱོགས་ནི་མཚོ་སྔོན་པོ་དང་། ལྷོ་ནུབ་ནི་ཆོས་རྗེ་ཡུལ་ཚོ་དང་། རྟ་ནག་མ་ཡུལ་ཚོ། མཚོ་ནུབ་ཁུལ་དབུས་ལམ་རྫོང་གི་ཚྭ་ཁ་ཡུལ་ཚོ། ནུབ་ཕྱོགས་ནི་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཐེམ་འཕོངས་ཡུལ་ཚོ། བྱང་ཕྱོགས་ནི་འབྲོང་ཆུས་བཅད་པའི་ཕ་རོལ་གྱི་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྐྱིད་སྨོན་ཡུལ་ཚོ་བཅས་དང་འབྲེལ་ནས་ཡོད།

རིགས་དབྱེ།  

ཨིར་སྟི་ཡུལ་ཚོ།

ཨིར་སྟི་ཡུལ་ཚོ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་དབུས་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད36°06'ནས36°31'གི་མཚམས་དང་། ཤར་གྱི་གཞུང་ཚད100°09'ནས100°32'ཀྱི་མཚམས་ན་ཡོད་དེ། ཡུལ་ཚོ་འདིའི་ཤར་ཕྱོགས་ནི་ཆབ་ཆ་གྲོང་རྡལ་དང་། ལྷོ་ཕྱོགས་ནི་ཐེ་གེ་ཡུལ་ཚོ། ལྷོ་ནུབ་ཕྱོགས་ནི་ས་གྲུ་བཞི་ཡུལ་ཚོ། ནུབ་ཕྱོགས་ནི་ཐང་སྐར་མ་གྲོང་རྡལ་བཅས་ལ་འབྲེལ་ཡོད་ཅིང་། བྱང་ཕྱོགས་ནི་མཚོ་སྔོན་པོའི་ལྷོ་ངོས་རྫ་རྒྱུད་ཀྱིས་བཅད་ནས་ཅང་སི་ཡུལ་ཚོ་དང་འབྲེལ་ཡོད།

རིགས་དབྱེ།  

ཆུ་ཤར་ཡུལ་ཚོ།

ཆུ་ཤར་ཡུལ་ཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཤར་རྒྱུད་ཀྱི་རྨ་ཆུའི་ལྷོ་འགྲམ་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35° 58′ དང་། ཤར་གྱི་གཞུང་ཚད101°34′ ཡི་མཚམས་ན་ཡོད། ཡུལ་ཚོ་འདི་ནི་གོ་ར་གྲམ་པ་ཆུ་བོའི་ཤར་རྒྱུད་དུ་ཆགས་ཡོད་པས་མིང་ལའང་ཆུ་ཤར་དུ་བཏགས། འདིའི་ཤར་ཕྱོགས་ནི་གཅན་ཚ་རྫོང་དང་། ལྷོ་ཕྱོགས་ནི་འཕྲང་དམར་གྲོང་རྡལ། ནུབ་ཕྱོགས་ནི་རྨ་སྲིབ་གྲོང་རྡལ། བྱང་ཕྱོགས་ནི་ཀ་རིང་ཡུལ་ཚོ(བར་ན་རྨ་ཆུ་ཡོད)བཅས་དང་འབྲེལ་ཡོད། འདིའི་ས་བབ་ཧྲིལ་བོའི་མཐོ་ཚད་ནི་མཚོ་ངོས་ལས་སྨི2170ནས3424ཡི་བར་ཡིན། ཆེས་དམའ་ས་ནི་སམ་བྷ་འགག་ཁ་གོང་མ་དང་། ཆེས་མཐོ་ས་ནི་བྲ་མ་རི་རྒན་ཡིན། སྤྱི་ལོ1950ལོར་ཆུ་ཤར་ཡུལ་ཚོ་བཙུགས། སྤྱི་ལོ1958ལོར་ཤར་ལུང་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1984ལོར་ཆུ་ཤར་ཡུལ་ཚོ་རུ་བསྒྱུར། ཡུལ་ཚོའི་སྲིད་གཞུང་ནི་མཱ་ཅ་ཞི་སྡེ་བ་རུ་ཆགས་ཡོད། དེ་ནས་རྫོང་སྲིད་གཞུང་གི་གནས་ཡུལ་རྨ་སྲིབ་གྲོང་རྡལ་གྱི་བར་དུ་སྤྱི་ལེ2ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ250.69དང་། མི་གྲངས13663ཡོད(སྤྱི་ལོ2009ལོའི་རྩིས་གྲངས་ཡིན)།

རིགས་དབྱེ།  

གསེར་ཐའི་ཡུལ་སྡེ།

གསེར་ཐའི་ཡུལ་སྡེ་ནི་རྫ་ཆུ་ཁའི་ཤར་མཐའ་དང་། ཨ་མྱེས་རྨ་ཆེན་གྱི་ལྷོ་ནུབ་ཏུ་ཡོད་ཅིང་། དེ་ཡང་ཨ་མྱེས་རྨ་ཆེན་ཆེན་གྱི་མཐའ་སྐོར་དུ་ཆགས་པའི་ཡུལ་སྤྱིའི་མིང་ལ“མགོ་ལོག”ཅེས་སུ་གྲགས་པ་ལྟར་གསེར་ཐའི་ཡུལ་སྡེ་ནི་མགོ་ལོག་གི་ནང་ཚན་འབྲོག་ཡུལ་བཙན་ཤོས་ཡིན་པ་རེད།

རིགས་དབྱེ།  

འཕྲང་དམར་གྲོང་རྡལ།

འཕྲང་དམར་གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35° 90′དང་། ཤར་གྱི་གཞུང་ཚད 101° 51′གི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་གཅན་ཚ་རྫོང་དང་། ལྷོ་ཕྱོགས་ནི་མང་རྫོང་དང་། རྩེ་ཁོག ཐུན་རིན་བཅས་རྫོང་ཁག་གསུམ་དང་། ནུབ་ཕྱོགས་ནི་ཀབ་རོན་ཡུལ་ཚོ་དང་ཆུ་ནུབ་གྲོང་རྡལ། བྱང་ཕྱོགས་ནི་ཆུ་ཤར་ཡུལ་ཚོ་བཅས་དང་འབྲེལ་ཡོད། གྲོང་རྡལ་འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི2510ཡིན།

རིགས་དབྱེ།  

ཇ་རྟའི་ཚོང་ལམ།

“ཇ་རྟའི་ཚོང་ལམ”ཞེས་པ་ནི་བཙན་པོའི་དུས་ནས་ལོ་རབས་དྲུག་ཅུའི་བར་ལ་དར་པའི་ཚོང་དབོར་འདྲེན་བྱེད་སའི་གཞུང་ལམ་རྙིང་པ་ཞིག་རེད། དེར་བརྟེན་རྒྱ་བོད་བར་གྱི་གཞུང་ལམ་ལའང “ཇ་རྟའི་ཚོང་ལམ”ཞེས་ཐོགས་པ་རེད།

རིགས་དབྱེ།  

ལ་ཟེ་བ་གྲོང་རྡལ།

ལ་ཟེ་བ་གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ནུབ་བྱང་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད36°07′དང་། ཤར་གྱི་གཞུང་ཚད101°12′ཀྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་ཀ་རིང་ཡུལ་ཚོ་དང་། ལྷོ་ཕྱོགས་ནི་རྨ་ཆུས་བཅད་པའི་ཕ་རོལ་གྱི་ཆུ་ནུབ་གྲོང་རྡལ་དང་མང་རྫོང་གི་མགོ་མང་གཞོངས་གྲོང་རྡལ་བཅས་ལ་འབྲེལ་ཡོད་པ་དང་། ནུབ་ཕྱོགས་ནི་གསེར་ཆེན་རྫོང་གི་ཚལ་རྔ་འགག་གྲོང་རྡལ་དང་། བྱང་ཕྱོགས་ནི་གསེར་ཆེན་རྫོང་གི་རིག་སྨོན་གྲོང་རྡལ་དང་སྟོང་སྐོར་རྫོང་གི་ཉི་ཟླ་བོད་རིགས་ཡུལ་ཚོ་བཅས་ལ་འབྲེལ་ཡོད། འདིའི་མངའ་ཁོངས་ནི་མུ་འབྲེལ་རི་བོའི་ཚོགས་དང་། མཐའ་ར་དབོབ་གསུམ། སྒང་གཤོང་ཁུག་གཞུང་སོགས་ཀྱིས་གྲུབ་ཡོད། ཡུལ་གྲུ་འདིའི་བྱང་ཕྱོགས་མཐོ་བའི་ཁར་ས་ཁུལ་མང་ཆེ་ཤས་སྒང་གཤོང་ཡིན་ཞིང་། ཤར་ལྷོའི་ཕྱོགས་ནི་ཤོད་ཁོག་ཡིན། འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི2500ཡིན།

རིགས་དབྱེ།  

ཀ་རིང་ཡུལ་ཚོ།

ཀ་རིང་ཡུལ་ཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད36°05′ནས36°23′གྱི་མཚམས་དང་། ཤར་གྱི་གཞུང་ཚད101°27′ནས101°29′ཡི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་དཔའ་ལུང་རྫོང་གི་དྷི་ཚ་ཡུལ་ཚོ་དང་། ཧོང་ཀྲུང་རྫོང་གི་ཁྱུང་རྒྱ་ཡུལ་ཚོ་གཉིས་ལ་འབྲེལ་ཡོད་ཅིང་། ལྷོ་ཕྱོགས་ནི་རྨ་ཆུའི་བྱང་འགྲམ་གྱི་ཆུ་ཤར་ཡུལ་ཚོ(བར་ན་རྨ་ཆུས་བཅད་ཡོད)དང་རྨ་ཆུའི་ལྷོ་ངོས་ཀྱི་གཅན་ཚ་རྫོང་གི་ཁམས་ར་གྲོང་རྡལ་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནུབ་ཕྱོགས་ནི་རྫོང་འདིའི་ལ་ཟེ་བ་གྲོང་རྡལ་ལ་ཐུག་ཡོད། བྱང་ཕྱོགས་ནི་དགོ་མང་ལ་དང་འགྱིང་ལར་འབྲེལ་ནས་སོ་སོར་ཧོང་ཀྲུང་རྫོང་དང་སྟོང་སྐོར་རྫོང་ལ་འབྲེལ་ཡོད། ཡུལ་ཚོ་འདིའི་མངའ་ཁོངས་སུ་གཙོ་བོར་དགོ་མང་ལ་དང་། ཨ་མྱེས་རྒོད་རྩེ། འགྱིང་ལ་སྟེ་རི་རྒྱུད་དམ་རི་བོ་གསུམ་དང་། ཀ་རིང་ལུང་ཁོག་དང་། ལྕང་ར་ལུང་ཁོག གཡུ་ཚ་ལུང་ཁོག་སྟེ་ལུང་ཁོག་གསུམ་བཅས་ཡོད། ཡུལ་ཚོ་འདིའི་མངའ་ཁོངས་ཧྲིལ་བོའི་བྱང་རྒྱུད་མཐོ་ཞིང་ལྷོ་རྒྱུད་དམའ་བ་དང་། ཡུལ་གྲུ་འདིའི་རི་བོའི་དཔངས་མཐོ་ཞིང་ལུང་བའི་གཏིང་ཟབ་པས་ན། ལྷོ་བྱང་གཉི་གའི་ས་བབ་ཀྱི་མཐོ་དམའ་ཐད་ནས་ཁྱད་པར་ཧ་ཅང་ཆེ་བ་སྟེ། ལྷོ་ངོས་ཀྱི་རྨ་ཆུའི་འགྲམ་རྒྱུད་དུ་མཐོ་ཚད་ལ་མཚོ་ངོས་ལས་སྨི2200ཙམ་ལས་མེད།

རིགས་དབྱེ།  

རོང་བོ་གྲོང་རྡལ།

རོང་བོ་གྲོང་རྡལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་དང་འབྲེལ་ཏེ། ནུབ་བྱང་དུ་ཟི་ལིང་གྲོང་ཁྱེར་གྱི་བར་ལ་སྤྱི་ལེ178ཡོད་པ་དང་། ལྷོ་ན་ཆུ་ཁོག་ཡུལ་ཚོ། ནུབ་ཏུ་ཉ་ལུང་དང་གཉན་ཐོག་ཡུལ་ཚོ། བྱང་དུ་ཐོ་རྒྱ་ཡུལ་ཚོ་དང་འབྲེལ་ཞིང་། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ29.05ཡོད་པའི་ཞིང་ལས་དང་བཟོ་ལས། ཚོང་ལས་གསུམ་གཞི་གཅིག་ཏུ་གྲུབ་པ་དང་། རྒྱ་དང་བོད། ཁ་ཆེ། ཟ་ལར་སོགས་མི་རིགས་འདུས་སྡོད་ཀྱི་གྲོང་རྡལ་ཞིག་ཡིན།

རིགས་དབྱེ།  

ཡོས་རྒན་ཉིན་གྲོང་རྡལ།

ཡོས་རྒན་ཉིན་གྲོང་རྡལ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཆགས་ས་ཡིན་པ་དང་། མཚོ་ངོས་ལས་མཐོ་ཚད་ལ་སྨི3520ཡོད་དེ། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1315ཡིན་ཞིང་། སོག་རིགས་གཙོ་ཡིན་པའི་མི་གྲངས་ཁྲི0.7ཡོད་ལ། སྤྱིའི་མི་གྲངས་ཀྱི99.1%ཟིན་པ་ཡིན། མངའ་ཁོངས་སུ་བྲག་དམར་དང་ཧོར་ར། ཚན་མ། ཕྱུགས་སྐྱ། རྡོ་གཏེར། སྣ་འཁྱིལ། ཨ་རྨོག ཅི་རིམ། གཏེར་ལུང་། མཐོ་ཡུལ་མ་བཅས་འབྲོག་ཨུ་ཁང9ཡོད།

རིགས་དབྱེ།  

ཉིན་མཐའ་ཡུལ་ཚོ།

ཉིན་མཐའ་ཡུལ་ཚོ་ཞེས་པ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ31.6ཕྱིན་པའི་མཚམས་སུ། སའི་གོ་ལའི་གཞུང་ཐིག་ཤར་མའི101°23′དང་འཕྲེད་ཐིག་ཤར་མའི34°33′མཚམས་སུ་ཡོད་ཅིང་། ཤར་ཕྱོགས་སུ་རྨ་ལྷོ་སོག་རྫོང་གི་གཡུ་སྒང་ཉིན་དང་མཐོ་ཡུལ་མ། མདོ་སུམ། ནུབ་ཕྱོགས་སུ་མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་དང་མཚོ་ལྷོ་ཁུལ་གྱི་འབའ་རྫོང་། བྱང་ཕྱོགས་སུ་རྩེ་ཁོག་རྫོང་། ལྷོ་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་བཅས་དང་འབྲེལ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་ལ་རྨིད3450ཡོད་དེ། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2015ཡོད། ཡུལ་ཚོ་ཡོངས་ལ་ཁྱིམ་ཚང2193དང་མི་གྲངས10197ཡོད། རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི302.36ཡོད། མངའ་ཁོངས་སུ་ཉིན་མཐའ་དང་ཝོབ་ཐུང་། འབྲུག་ལུང་། མཛོ་མོ། སུའུ་ཆེན། བདེ་ལྡན། ཤ་ལ། བེའུ་ལ། ཀ་ཆུང་། གསེར་གཞུང་། གླང་ཆེན་བཅས་འབྲོག་ཨུ་ཁང11ཡོད།

རིགས་དབྱེ།  

གསེར་ལུང་ཡུལ་ཚོ།

གསེར་ལུང་ཡུལ་ཚོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ61ཕྱིན་པའི་མཚམས་སུ། སའི་གོ་ལའི་གཞུང་ཐིག་ཤར་མའི101°42′དང་འཕྲེད་ཐིག་ཤར་མའི34°18′མཚམས་སུ་ཡོད་ཅིང་། ཤར་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་ཀླུ་ཆུ་རྫོང་དང་ནུབ་ཕྱོགས་སུ་བྲག་དམར་ཡུལ་ཚོ། ལྷོ་ཕྱོགས་སུ་མཐོ་ཡུལ་མ་དང་ཁུ་སིན་ཡུལ་ཚོ། བྱང་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་རྫོང་བཅས་དང་འབྲེལ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་རྨིད3320ཡོད་དེ། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1036ཡོད། ཡུལ་ཚོ་ཡོངས་ལ་མི་གྲངས་ཁྲི0.3ཡོད། མངའ་ཁོངས་སུ་གསེར་ལུང་དང་ལམ་ལུང་། སྒ་ཁིས། རྒྱ་མཁར། ཀ་ཆེན་བཅས་འབྲོག་ཨུ་ཁང5ཡོད། སྤྱི་ལོ1954ལོར་གསེར་ལུང་ཀུང་ཧྲེ་ནི་གསེར་ལུང་ཡུལ་ཚོའི་མིང་བསྒྱུར་བ་ཡིན།

རིགས་དབྱེ།  

ཐོ་རྒྱ་གྲོང་རྡལ།

ཐོ་རྒྱ་གྲོང་རྡལ་ཞེས་པ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་བྱང་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཕྱིན་མཚམས་ཏེ། བན་དེ་སྒང་དམ་ལྷ་ཐོ་ཐོ་རི་ཞེས་པའི་རྩ་བར་གཞིས་ཆགས་ཤིང་། ཤར་ལྷོ་ནས་ཨ་མྱེས་སྨན་རི་དང་ནུབ་ཏུ་རོང་བོ་དགུ་ཆུ། ལྷོ་ན་སྡེ་བའི་ཁྱིམ་མཚེས་བྱ་དཀར་ལུང་དང་སྟག་ཡན། བྱང་དུ་སྨད་པ། ནུབ་ལྷོ་ན་གར་རྩེབ་གདོང་། ནུབ་བྱང་དུ་བོད་སྐོར་དང་འབྲེལ་ལ། མཐོ་ཚད་ལ་མཚོ་ངོས་ལས་ཆེས་མཐོ་བར་སྨི2432དང་མཚོ་ངོས་ལས་ཆེས་དམའ་བའི་ཚད་སྨི2350ཡོད། མངའ་ཁོངས་སུ་རེབ་གོང་ནས་ཞོང་ཧྭ་དང་རེབ་གོང་ནས་ཀ་ཅི། རེབ་གོང་ནས་ཟི་ལིང་སོགས་ལ་བགྲོད་པའི་གཞུང་ལམ་ཡོད་པ་མ་ཟད། དར་གྲོང་ལུང་བ་དང་རྒྱལ་བོ་ཞང་ཀླད་ཀི་ཁོག་ནས་བཞུར་བའི་ཆུ་ཕྲན་ཡང་ལྷ་མོ་མཚོའི་ལུང་བ་བརྒྱུད་ནས་དགུ་ཆུར་འབབ་པ་རེད།

རིགས་དབྱེ།  

མདོ་སུམ་ཡུལ་ཚོ།

མདོ་སུམ་ཡུལ་ཚོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ63ཕྱིན་པའི་མཚམས་སུ་ཡོད། སའི་གོ་ལའི་གཞུང་ཐིག་ཤར་མའི101°55′དང་འཕྲེད་ཐིག་ཤར་མའི34°19′མཚམས་སུ་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་ལ་རྨིད3450ཡོད་དེ།ཤར་ཕྱོགས་སུ་རྨ་ལྷོ་སོག་རྫོང་གི་ཁུ་སིན་ཡུལ་ཚོ་དང་ལྷོ་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་། ནུབ་ཕྱོགས་སུ་ཉིན་མཐའ་ཡུལ་ཚོ། བྱང་ཕྱོགས་སུ་མཐོ་ཡུལ་མ་བཅས་དང་འབྲེལ་ཡོད་ལ། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ577.9ཡོད། ཡུལ་ཚོ་ཡོངས་ལ་མི་གྲངས་ཁྲི0.2ཡོད། མངའ་ཁོངས་སུ་མདོ་སུམ་དང་ཤྭ་རི་ཏ་བ(ཤྭ་ལ)། ར་རིང་བཅས་འབྲོག་ཨུ་ཁང3ཡོད།

རིགས་དབྱེ།  

ཁུ་སིན་ཡུལ་ཚོ།

ཁུ་སིན་ཡུལ་ཚོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ75ཕྱིན་པའི་མཚམས་སུ་ཡོད། སའི་གོ་ལའི་གཞུང་ཐིག་ཤར་མའི101°33′དང་འཕྲེད་ཐིག་ཤར་མའི34°14′མཚམས་སུ་ཡོད་ཅིང་། ཤར་ཕྱོཊ་སུ་ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་དང་ནུབ་ཕྱོགས་སུ་རྨ་ལྷོ་སོག་རྫོང་གི་མདོ་སུམ་ཡུལ་ཚོ། བྱང་ཕྱོགས་སུ་མཐོ་ཡུལ་མ་དང་གསེར་ལུང་བཅས་དང་འབྲེལ་ཡོད་ལ། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1121.5ཡོད། ཡུལ་ཚོ་ཡོངས་ལ་མི་གྲངས་ཁྲི0.2ཡོད། མངའ་ཁོངས་སུ་ཁུ་སིན་དང་མོ་ཆུ། རྒྱ་མཁར། ཚ་ཧན་སི་བཅས་འབྲོག་ཨུ་ཁང4ཡོད།

རིགས་དབྱེ།  

མར་ཁུ་ཐང་གྲོང་རྡལ།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ནི་གཅན་ཚ་རྫོང་རྫོང་མཁར་གྱི་ཤར་ཕྱོགས་སུ་གནས་ཡོད་ལ། རྫོང་སྲིད་གཞུང་གི་གནས་ཡུལ་ཡིན། 2010ལོར་སྐྱ་རེངས་ཡུལ་ཚོ་མེད་པར་བཟོས་ནས་མར་ཁུ་ཐང་གྲོང་རྡལ་དུ་མཉམ་བསྲེས་བྱས། གྲོང་རྡལ་སྲིད་གཞུང་ནི་མར་ཁུ་ཐང་དུ་གནས་ཡོད། དེའི་མངའ་ཁོངས་སུ་རྨ་ཆུ་སྲང་ལམ་དང་། སྲིན་པོ་སྲང་ལམ། དར་རྒྱས་སྲང་ལམ། མི་དམངས་སྲང་ལམ་བཅས་སྡོད་དམངས་ཨུ་ཡོན་ལྷན་ཁང4ཡོད་ལ། མར་ཁུ་ཐང་དང་། ཀླེ་ཆེན། འབུར་རྩ། ཧོས་མིན། ཉ་མོ། མགུར། སྐྱ་རེངས། ཀླུ་རྒྱལ། སྦྲུལ་ལྕེ། ལོ་ཁོག ཡོ་བོ་ཆེ། ཁོལ་ས་ཐང་། ཉ་མོ། སྡེ་གསར་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང14ཡོད།

རིགས་དབྱེ།  

མདོ་བ་ཡུལ་ཚོ།

མདོ་བ་ཡུལ་ཚོ་ཞེས་པ་ནི་རེབ་གོང་རྫོང་གི་ཤར་ཕྱོགས་ཏེ། རོང་བོ་གྲོང་རྡལ་གྱི་བར་ཐག་ལ་སྤྱི་ལེ 41.5ཡོད་ཅིང་། བྱང་དུ་མགར་རྩེ་ཡུལ་ཚོ་དང་ཆུ་ཁོག་ཡུལ་ཚོ། ཤར་དུ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་། ནུབ་རྩེ་ཁོག་རྫོང་དང་འབྲེལ་ཡོད། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ935ཡོད།

རིགས་དབྱེ།  

འགར་རྩེ་ཡུལ་ཚོ།

འགར་རྩེ་ཡུལ་ཚོ་ནི་རེབ་གོང་རྫོང་གི་ཤར་ཕྱོགས་ཏེ། རོང་བོ་གྲོང་རྡལ་གྱི་བར་ལ་སྤྱི་ལེ24.5ཡོད། དེ་ཡང་ཤར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དང་ནུབ་རྒྱལ་བོ་ཡུལ་ཚོ། ལྷོ་མདོ་བ་ཡུལ་ཚོ། བྱང་ཞོ་འོང་དཔྱིས་ཡུལ་ཚོ་དང་འབྲེལ་ཞིང་། འགར་རྩེ་དགོན་པའི་གཡས་འགྲམ་ནས་ཆགས་ཡོད། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ401.28ཡོད།

རིགས་དབྱེ།  

ཞོ་འོང་དཔྱིས་ཡུལ་ཚོ།

ཞོ་འོང་དཔྱིས་ཡུལ་ཚོ་ནི་རོང་བོ་གྲོང་རྡལ་གྱི་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ18ཕྱིན་པའི་མཚམས་ཀྱི་ལུང་བའི་ནང་དུ་གནས་ཤིང་། ཤར་བྱང་ན་ཞོང་ཧྭ་རྫོང་རྐང་ཚ་ཡུལ་ཚོ་དང་། ལྷོ་ན་མགར་རྩེ་ཡུལ་ཚོ། ནུབ་ཏུ་ཐོ་རྒྱ་དང་སྨད་པར་འབྲེལ་ལ། ཤར་ནུབ་ཀྱི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ22དང་། ལྷོ་བྱང་གི་ཁ་ཞེང་ལ་སྤྱི་ལེ19ཡོད་ལ། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ250.97ཡོད།

རིགས་དབྱེ།  

བློན་ཆོས་ཡུལ་ཚོ།

བློན་ཆོས་ཡུལ་ཚོ་ནི་རེབ་གོང་རྫོང་གི་ནུབ་ཕྱོགས་ཏེ། དེ་ནས་རོང་བོ་གྲོང་རྡལ་གྱི་བར་ལ་སྤྱི་ལེ27ཡོད་ཅིང་། དེའི་ཤར་གཉན་ཐོག་དང་ཧོར་ནག་ཡུལ་ཚོ། བྱང་གཅན་ཚ་རྫོང་། ལྷོ་རྩེ་ཁོག་རྫོང་། ནུབ་ཁྲི་ཀ་རྫོང་བཅས་དང་འབྲེལ་ལ། ས་དབྱིབས་ནུབ་ལྷོ་མཐོ་ལ་ཤར་བྱང་དམའ་ཞིང་། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ452.52ཡོད།

རིགས་དབྱེ།  

གདོང་སྣ་གྲོང་རྡལ།

གདོང་སྣ་གྲོང་རྡལ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་ཤར་བྱང་གི་མཚམས་སུ་གནས་ཡོད་ལ། རྫོང་སྲིད་གཞུང་གནས་ཡུལ་དང་བར་ཐག་སྟོང་སྨི23ཡོད། མི་གྲངས་ཁྲི0.7ཡོད། གྲོང་རྡལ་དེར་ཧོས་རིགས་གཙོ་བོ་ཡིན་ལ། དེས་སྤྱིའི་མི་གྲངས་ཀྱིས79%ཟིན་ཡོད། དེ་མིན་གྲོང་རྡལ་དེར་བོད་རིགས་དང་། རྒྱ་རིགས་ཀྱང་ཡོད། དེའི་མངའ་ཁོངས་སུ་ཧྲང་གྲོང་། སི་མིན། ཞང་ཏོའོ། ཏོང་མིན། མཁར་ཐོག ཨེད་བན། སྐེད་ཆུ། གཟེ་ཐང་། གཟེག་ལམ(ཧྲ་ལིས་མུའུ)། ཙོང་ཙེ་ལ། སྒར་ཐང་། ཞི་མ་ལ། ལཱན་ཉིས་ཐཱན་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང13ཡོད། སྤྱི་ལོ1953ལོར་གདོང་སྣ་ཧོས་རིགས་རང་སྐྱོང་ས་ཁུལ་བཙུགས་པ་དང་། སྤྱི་ལོ1956ལོར་གདོང་སྣ་ཧོས་རིགས་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ1961ལོར་གདོང་སྣ་ཀུང་ཧྲེར་བསྒྱུར། སྤྱི་ལོ1984ལོར་གདོང་སྣ་ཧོས་རིགས་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ1988ལོར་གདོང་སྣ་གྲོང་རྡལ་དུ་བསྒྱུར།

རིགས་དབྱེ།  

ཧོར་ནག་ཡུལ་ཚོ།

ཧོར་ནག་ཡུལ་ཚོ་ནི་རེབ་གོང་རྫོང་གི་བྱང་ཕྱོགས་སུ་གནས་ཤིང་། རོང་བོ་གྲོང་རྡལ་གྱི་བར་ཐག་ལ་སྤྱི་ལེ་བཅུ་གཉིས་ཡོད་ལ། དེའི་ཤར་སྨད་པ་དང་ལྷོ་གཉན་ཐོག་ཡུལ་ཚོ། ནུབ་བློན་ཆོས་ཡུལ་ཚོ། བྱང་གཅན་ཚ་ཐང་དང་འབྲེལ། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ85ཡོད།

རིགས་དབྱེ།  

བཙན་མོ་ཡུལ་ཚོ།

བཙན་མོ་ཡུལ་ཚོ་ནི་རེབ་གོང་རྫོང་གི་ལྷོ་ཕྱོགས་ཏེ། རོང་བོ་གྲོང་རྡལ་གྱི་བར་དུ་སྤྱི་ལེ21 ཡོད་ཅིང་། ཤར་བྱང་ན་ཆུ་ཁོག་ཡུལ་ཚོ་དང་ནུབ་ལྷོ་ན་རྩེ་ཁོག་སྟོབས་ལྡན་ཡུལ་ཚོ། བྱང་དུ་འབའ་རྫོང་དང་འབྲེལ་ལ། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི215.94ཡོད།

རིགས་དབྱེ།  

ཁམས་ར་གྲོང་རྡལ།

ཁམས་ར་གྲོང་རྡལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་བྱང་རྒྱུད་དུ་ཆགས་ཡོད། སྤྱི་ལོ2001ལོའིཟླ3ཚེས19ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡིག་ཆ[2001]ཨང21ལྟར། སྔར་གྱི་ཁམས་ར་དང་། དོ་རྒྱ། བྲག་ཁང་སྣ་ཁ་བཅས་ཡུལ་ཚོ་གསུམ་མཉམ་དུ་བསྲེས་ནས་ཁམས་ར་གྲོང་རྡལ་བཙུགས་པ་དང་། གྲོང་རྡལ་སྲིད་གཞུང་དེ་སྔོ་རྒྱའི་འགག་ཏུ་བཙུགས། ཁམས་ར་གྲོང་རྡལ་གྱི་ཁོངས་སུ་དེའུ་གོང་། འགྲམ་ཚང་། བན་རྒྱགས། དཀར་པོ་ནང་། སྐྱིད་ཀླེ(ལྷ་མདུན་ཐང)། མགུར་འོག (གནུབས། སྦྲུལ་ལྕེ།)། བྲག་ཁང་སྣ་ཁ། ཡ་མཁར། ཡ་མཁར་ཞོལ་མ། རྐ་ཕུག རི་མཚེར། སྔོ་རྒྱལ། ལྷ་བརྟན། ཕ་གཞིས། ལངས་སྔ། མཁས་རྒྱལ། སྨན་སྒང་། ཚིས་ཀ་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང18ཡོད།

རིགས་དབྱེ།