འགར་རྩེ་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགར་རྩེ་ཡུལ་ཚོ།
འགར་རྩེ་ཡུལ་ཚོ་ནི་རེབ་གོང་རྫོང་གི་ཤར་ཕྱོགས་ཏེ། རོང་བོ་གྲོང་རྡལ་གྱི་བར་ལ་སྤྱི་ལེ24.5ཡོད། དེ་ཡང་ཤར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དང་ནུབ་རྒྱལ་བོ་ཡུལ་ཚོ། ལྷོ་མདོ་བ་ཡུལ་ཚོ། བྱང་ཞོ་འོང་དཔྱིས་ཡུལ་ཚོ་དང་འབྲེལ་ཞིང་། འགར་རྩེ་དགོན་པའི་གཡས་འགྲམ་ནས་ཆགས་ཡོད། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ401.28ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
瓜什则乡
ལ་ཏིང་གི་མིང་།
mgar tza
སྲིད་འཛིན་རིགས་དབྱེ།
ཡུལ་ཚོ།
ཁོངས་གཏོགས་ས་ཁུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་།
མངའ་ཁོངས།
ཕྱག་ལས་དང་ཨ་ཏན། རྒོད་རྒྱུད། གད་སྐྱ། ཀླུ་ཆུ། གསེར་ཆེན་བཅས་འབྲོག་དམངས་ཨུ་ཡོན་ལྷན་ཁང་དྲུག་དང་རང་བྱུང་སྡེ་བ་ལ་ཨ་བར་སྡེ་བ་དང་མཐེ་བུ་སྡེ་བ། ཀླུ་ཆུ་སྡེ་བ་བཅས་གསུམ་ཡོད།
སྲིད་གཞུང་གནས་ཡུལ།
འགར་རྩེ་དགོན་པའི་གཡས་འགྲམ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ401.3ཡོད།
མི་གྲངས།
ཕལ་ཆེར་མི་ཁྲི0.3ཡོད། (སྤྱི་ལོ2014ལོར)
སྐད་རིགས།
བོད་ཨ་མདོའི་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
གནས་ཡུལ།
རེབ་གོང་རྫོང་གི་ཤར་ཕྱོགས།
1 ​ངོ་སྤྲོད།

འགར་རྩེ་ཡུལ་ཚོ་ཞེས་པ་ནི་རེབ་གོང་རྫོང་གི་ཤར་ཕྱོགས་ཏེ། རོང་བོ་གྲོང་རྡལ་གྱི་བར་ལ་སྤྱི་ལེ24.5ཡོད། དེ་ཡང་ཤར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དང་ནུབ་རྒྱལ་བོ་ཡུལ་ཚོ། ལྷོ་མདོ་བ་ཡུལ་ཚོ། བྱང་ཞོ་འོང་དཔྱིས་ཡུལ་ཚོ་དང་འབྲེལ་ཞིང་།  སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ401.28ཡོད།

ཡུལ་ཚོ་ཡོངས་ནི་ནམ་ཟླ་འཁྱགས་པའི་འབྲོག་ཁུལ་ཏེ་ཕྱུགས་ལས་ཁོ་ན་གཉེར་བའི་ཡུལ་ཚོ་ཞིག་ཡིན་པས། དགུན་སར་འདུས་སྡོད་བྱེད་པའི་དུས་ཚོད་ཐུང་ལ། འབྲོག་པ་མང་ཚོགས་རྣམས་དུས་ཀྱི་དྲོད་གྲང་དང་རྩྭ་ཆུའི་བབ་དང་བསྟུན་ནས་ལོ་རེར་ཐེངས་འགར་རུ་སྤོར་ནས་སྦྲ་གུར་དུ་སྡོད་དགོས།

སྤྱི་ལོ1984ལོར་འགར་རྩེ་ཡུལ་ཚོ་བཙུགས་ཏེ་མངའ་ཁོངས་སུ་ཕྱག་ལས་དང་ཨ་ཏན། རྒོད་རྒྱུད། གད་སྐྱ། ཀླུ་ཆུ། གསེར་ཆེན་བཅས་འབྲོག་དམངས་ཨུ་ཡོན་ལྷན་ཁང་དྲུག་དང་རང་བྱུང་སྡེ་བ་ལ་ཨ་བར་སྡེ་བ་དང་མཐེ་བུ་སྡེ་བ། ཀླུ་ཆུ་སྡེ་བ་བཅས་གསུམ་ཡོད། ཡུལ་ཚོ་སྲིད་གཞུང་ནི་འགར་རྩེ་དགོན་པའི་གཡས་འགྲམ་ན་ཡོད།

ཡུལ་ཚོ་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བ་སྨི4298དང་མཚོ་འཕགས་ཆེས་དམའ་བ་སྨི3240ཡོད། ཡུལ་ཚོ་ཡོངས་ནི་ནམ་ཟླ་ཧ་ཅང་འཁྱག་པའི་རི་ཁུལ་ཡིན་པས། དཔྱིད་དུས་དྲོད་ཚད་དམའ་ཞིང་རླུང་ཤུགས་ཆེ་ལ་ཆར་བ་ཉུང་སྟེ་ས་གཤིས་སྐམ་ཤས་ཆེ་བའི་ཕྱིར། རྩྭ་སར་སྔོ་འབུད་པ་འཕྱི་བ་རེད།

ཡུལ་ཚོ་ཡོངས་ལ་རྩྭ་ས་མུའུ་གྲངས600620དང་བཀོལ་སྤྱོད་བྱེད་ཆོག་པའི་རྩྭ་ས་མུའུ་གྲངས577059ཡོད། སྤྱི་ལོ1985ལོར་ཕྱུགས་རིགས61726ཡོད་དེ། ཕྱུགས་ལས་ཐོན་རྫས་ལ་སྐམ་ལུག་དང་པགས་རིགས། ལུག་བལ། ནོར་རྩིད། མར་ཆུར་སོགས་བཙོང་རྒྱུ་ཡོད། ཡུལ་ཚོ་སྲིད་གཞུང་གནས་སར་ནང་བསྟན་གྱི་དགོན་པ་ཆེ་ཤོས་ཞིག་སྟེ། འགར་རྩེ་དགོན་པ་ཆགས་ཡོད་པ་དང་། ས་གནས་འདིའི་ཁྱད་ཐོན་དངོས་རྫས་འགར་རྩེ་འབྲི་ནག་འོ་ཞོ་དེ་ཀན་སུའུ་དང་མཚོ་སྔོན་ཕྱོགས་སུ་མིང་དུ་གྲགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-20

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།