ཞོ་འོང་དཔྱིས་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞོ་འོང་དཔྱིས་ཡུལ་ཚོ།
ཞོ་འོང་དཔྱིས་ཡུལ་ཚོ་ནི་རོང་བོ་གྲོང་རྡལ་གྱི་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ18ཕྱིན་པའི་མཚམས་ཀྱི་ལུང་བའི་ནང་དུ་གནས་ཤིང་། ཤར་བྱང་ན་ཞོང་ཧྭ་རྫོང་རྐང་ཚ་ཡུལ་ཚོ་དང་། ལྷོ་ན་མགར་རྩེ་ཡུལ་ཚོ། ནུབ་ཏུ་ཐོ་རྒྱ་དང་སྨད་པར་འབྲེལ་ལ། ཤར་ནུབ་ཀྱི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ22དང་། ལྷོ་བྱང་གི་ཁ་ཞེང་ལ་སྤྱི་ལེ19ཡོད་ལ། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ250.97ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
双朋西乡
ལ་ཏིང་གི་མིང་།
zho ong dpyis
སྲིད་འཛིན་རིགས་དབྱེ།
ཡུལ་ཚོ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གི་ཁོངས་སུ་གཏོགས།
མངའ་ཁོངས།
ཞོ་འོང་དཔྱིས་དང་ཉིན་ཐ། དཔོན་རུ། ཕྱེ་དྲི་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང་བཞི་དང་སྡེ་ཆུང་དགུ དགོན་སྡེ་གསུམ་བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཞོ་འོང་དཔྱིས་སྡེ་བ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ250.9ཡོད།
མི་གྲངས།
ཕལ་ཆེར་མི་ཁྲི0.3ཡོད། (སྤྱི་ལོ2014ལོར)
སྐད་རིགས།
བོད་ཨ་མདོའི་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
གནས་ཡུལ།
རོང་བོ་གྲོང་རྡལ་གྱི་ཤར་བྱང་གི་ཕྱོགས།
1 ​ངོ་སྤྲོད།

ཞོ་འོང་དཔྱིས་ཡུལ་ཚོ་ནི་རོང་བོ་གྲོང་རྡལ་གྱི་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ18ཕྱིན་པའི་མཚམས་ཀྱི་ལུང་བའི་ནང་དུ་གནས་ཤིང་། ཤར་བྱང་ན་ཞོང་ཧྭ་རྫོང་རྐང་ཚ་ཡུལ་ཚོ་དང་། ལྷོ་ན་མགར་རྩེ་ཡུལ་ཚོ། ནུབ་ཏུ་ཐོ་རྒྱ་དང་སྨད་པར་འབྲེལ་ལ། ཤར་ནུབ་ཀྱི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ22དང་། ལྷོ་བྱང་གི་ཁ་ཞེང་ལ་སྤྱི་ལེ19ཡོད་ལ། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ250.97ཡོད།

སྤྱི་ལོ1984ལོར་ཞོ་འོང་དཔྱིས་ཡུལ་ཚོ་རུ་བསྒྱུར། དེའི་ཁོངས་སུ་ཞོ་འོང་དཔྱིས་དང་ཉིན་ཐ། དཔོན་རུ། ཕྱེ་དྲི་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང་བཞི་དང་སྡེ་ཆུང་དགུ དགོན་སྡེ་གསུམ་བཅས་འདུ་ལ། ཡུལ་ཚོ་སྲིད་གཞུང་ནི་ཞོ་འོང་དཔྱིས་སྡེ་བར་ཡོད་ཅིང་། རྨོད་འདེབས་ཀྱི་ས་ཁྱོན་ལ་མུའུ་གྲངས(རི་ཁུལ་བར་ས)10045ཡོད། ལོ་རེར་དངོས་སུ་འདེབས་པའི་མུའུ་གྲངས8000 ཡོད་ལ། གཙོ་ཆེར་གྲོ་ནས་སྲན་གསུམ་དང་སྐེ་ཚེ་སོགས་འདེབས་པ་དང་། རྩྭ་ས་མུའུ་གྲངས 566482ཡོད་པ་ལས་བཀོལ་སྤྱོད་བྱེད་ཆོག་པའི་རྩྭ་ས་མུའུ་གྲངས346069ཡོད་པ་ལ། རྟ་ནོར་བོང་བུ་དང་ར་ལུག་སོགས་འཚོ་སྐྱོང་བྱེད་བཞིན་ཡོད།

ཞོ་འོང་དཔྱིས་ནགས་རའང་ཡུལ་ཚོའི་མངའ་ཁོངས་སུ་ཡོད་དེ། ནགས་ས་སྤྱི་ལེ་གྲུ་བཞི་མ 21.23དང་ནགས་ཐོར་བུ་སྤྱི་ལེ་གྲུ་བཞི་མ15.2དང་སྡོང་ཕྲན་ནགས་ཚལ་སྤྱི་ལེ་གྲུ་བཞི་མ 36.12བཅས་ཡོད་པས། ནགས་སའི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བརྒྱད་ཟིན། ཕལ་ཆེར་མཚོ་འཕགས་སྨི2700ནས3500ཙམ་མཐོ་བའི་རི་ངོས་དང་ལུང་བའི་གཡས་གཡོན་གྱི་རི་ངོས་སུ་ཁྱབ་ཡོད།

གནས་འདིར་མིང་གྲགས་ཆེ་བའི་ཞབས་དཀར་ཚོགས་དྲུག་རང་གྲོལ་སྐུ་ཕྲེང་དང་པོ་དང་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་སྐྱེས་ཆེན་དམ་པ་མང་པོ་འཁྲུངས་ཤིང་། བསྟན་བཅོས་མང་པོ་བརྩམས་ཡོད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།