གདོང་སྣ་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདོང་སྣ་གྲོང་རྡལ།
གདོང་སྣ་གྲོང་རྡལ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་ཤར་བྱང་གི་མཚམས་སུ་གནས་ཡོད་ལ། རྫོང་སྲིད་གཞུང་གནས་ཡུལ་དང་བར་ཐག་སྟོང་སྨི23ཡོད། མི་གྲངས་ཁྲི0.7ཡོད། གྲོང་རྡལ་དེར་ཧོས་རིགས་གཙོ་བོ་ཡིན་ལ། དེས་སྤྱིའི་མི་གྲངས་ཀྱིས79%ཟིན་ཡོད། དེ་མིན་གྲོང་རྡལ་དེར་བོད་རིགས་དང་། རྒྱ་རིགས་ཀྱང་ཡོད། དེའི་མངའ་ཁོངས་སུ་ཧྲང་གྲོང་། སི་མིན། ཞང་ཏོའོ། ཏོང་མིན། མཁར་ཐོག ཨེད་བན། སྐེད་ཆུ། གཟེ་ཐང་། གཟེག་ལམ(ཧྲ་ལིས་མུའུ)། ཙོང་ཙེ་ལ། སྒར་ཐང་། ཞི་མ་ལ། ལཱན་ཉིས་ཐཱན་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང13ཡོད། སྤྱི་ལོ1953ལོར་གདོང་སྣ་ཧོས་རིགས་རང་སྐྱོང་ས་ཁུལ་བཙུགས་པ་དང་། སྤྱི་ལོ1956ལོར་གདོང་སྣ་ཧོས་རིགས་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ1961ལོར་གདོང་སྣ་ཀུང་ཧྲེར་བསྒྱུར། སྤྱི་ལོ1984ལོར་གདོང་སྣ་ཧོས་རིགས་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ1988ལོར་གདོང་སྣ་གྲོང་རྡལ་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
康扬镇
ལ་ཏིང་གི་མིང་།
gdong sna
སྲིད་འཛིན་རིགས་དབྱེ།
གྲོང་རྡལ།
ཁོངས་གཏོགས་ས་ཁུལ།
མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་།
མངའ་ཁོངས།
ཧྲང་གྲོང་། སི་མིན། ལཱན་ཉིས་ཐཱན་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང13ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ35ཡོད།
མི་གྲངས།
མི་ཁྲི0.7ཡོད།
གནས་ཡུལ།
གཅན་ཚ་རྫོང་གི་ཤར་བྱང་གི་མཚམས་སུ་གནས་ཡོད།
1 ངོ་སྤྲོད།

གདོང་སྣ་ཞེས་པའི་མིང་ཐོགས་དོན་ནི་བྲག་གདོང་ཞིག་གི་སྣ་ཁ་ན་གཞིས་ཆགས་པས་དེ་ལྟར་དུ་མིང་ཐོགས་ལ། རྒྱ་སྐད་དུ་ཁཱང་གཡང་ཞེས་འབོད་ལ། ཁཱང་གཡང་ཞེས་ཐོགས་དོན་ནི། ཡོན་རྒྱལ་རབས་ཀྱི་དུས་མཇུག་དང་མིན་རྒྱལ་རབས་ཀྱི་དུས་འགོར།རུས་ཁཱང་ཅན་དང་། གཡང་ཅན་གྱི་ཁྱིམ་རྒྱུད་ཅིག་ཀན་སུའུ་ཧི་ཀྲིག(河州)སོགས་ཀྱི་ས་ཆ་ནས་གནས་སྤར་ཡོང་སྟེ་འདིར་གཞིས་ཆགས་པས་ན་ཁཱང་གཡང་ཞེས་མིང་ཐོགས་པར་གྲགས། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ཏུ་ཁྲི་ཀས་བདག་དབང་བྱེད་པ་ཡིན། སྐད་རིགས་ཀྱི་ཆ་ནས་རྒྱ་བོད་སྐད་མཉམ་སྤྱོད་བྱེད་པ་ཤུགས་ཆེ་ཞིང་། རྒྱ་སྐད་སྤྱོད་པ་དང་། སོག་པོའི་སྐད་རིགས་ཀྱི་ཁཱང་ཀྱཱའི་སྐད(ཁཱང་ཀྱཱའི་སྐད་ལ་ཡི་གེ་མེད)སྤྱོད་མཁན་ཡང་མི་སྐོར་ཅིག་ཡོད། སྡེ་བ་ཕལ་མོ་ཆེ་ཞིག་གསར་དུ་གཞིས་ཆགས་ནས་མི་རབས་ཤིག་འགོར་ཙམ་རེད། དེ་ལས་མཁར་ཐོག་ནི་རྒྱ་བྱ་ཚང་ཁྲེ་ཙེ་གསུམ་གྱི་གྲས་ཡིན་ལ། མིན་རྒྱལ་རབས་སྐབས་ཏེ་སྤྱི་ལོ1370ལོ་ནས་སྤྱི་ལོ1380ལོའི་བར་ལ་བཞེངས་པའི་གདོང་སྣའི་མཁར་གྱི་སྟོད་ཕྱོགས་སུ་ཡོད་པས་ན་མཁར་ཐོག་ཏུ་མིང་ཐོགས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།