ཐེ་གེ་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེ་གེ་ཞེས་པ་ནི་སོག་སྐད་དེ། གུག་དཀྱོགས་ཅན་གྱི་ས་ཞེས་པའི་དོན་ཡིན་པར་བཤད་ཅིང་། མ་གཞི་སྡེ་བ་ཞིག་གི་མིང་ཡིན། སྔོན་གྱི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ཐེ་གེ་སྡེ་བ་ཡོད་སའི་ས་ཡིན་ཆགས་དབྱིབས་ནི་གུག་དཀྱོགས་ཅན་ཞིག་ཡིན་པས་སྡེ་བ་དེའི་མིང་ཡང་དེ་སྐད་དུ་ཐོགས། སྔར་ཐེ་གེ་ཀུང་ཧྲེ་སྡེ་བ་དེ་ནས་བཙུགས་སྐབས་ཀུང་ཧྲེ་ལ་སྡེ་བ་དེའི་མིང་བཏགས། ཕྱིས་སུ་ཀུང་ཧྲེ་ཡུལ་ཚོ་རུ་བསྒྱུར་རྗེས་ཀྱང་སྔར་མིང་སོར་བཞག་བྱས། ཡུལ་ཚོ་འདི་ནི་གསེར་ཆེན་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35°46'ནས36°07'གྱི་མཚམས་དང་། ཤར་གྱི་གཞུང་ཚད100°12'ནས100°42'ཀྱི་མཚམས་ན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铁盖乡
ལ་ཏིང་གི་མིང་།
the ge yul tsho
སྲིད་འཛིན་རིགས་དབྱེ།
ཡུལ་ཚོ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་།
མངའ་ཁོངས།
མ་ཧན་ཐང་དང་། མཁར་སྔུན (ཆི་ཐའེ)  ཧོ་ལི་སི་གོང་མ།  བུ་རིལ།  ཧ་ཧ་ཐུ་ཝོས།  ཧོ་ལི་སི་ཞོལ་མ།  བེར་སྐྱིད།  ཐོ་ལི།  ཐེ་གེ   ལབ་ཙེ་བཅས་སྡེ་བ10ཡོད།
སྲིད་གཞུང་གནས་ཡུལ།
གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་ནས་སྤྱི་ལེ15མཚམས་ཀྱི་མ་ཧན་ཐང་སྡེ་བ་རུ་གནས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི0.1
མི་གྲངས།
མི་ཁྲི0.6ཡོད།
མཚོ་འཕགས།
སྨི2500
1 ངོ་སྤྲོད།

ཐེ་གེ་ཞེས་པ་ནི་སོག་སྐད་དེ། གུག་དཀྱོགས་ཅན་གྱི་ས་ཞེས་པའི་དོན་ཡིན་པར་བཤད་ཅིང་། མ་གཞི་སྡེ་བ་ཞིག་གི་མིང་ཡིན། སྔོན་གྱི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ཐེ་གེ་སྡེ་བ་ཡོད་སའི་ས་ཡིན་ཆགས་དབྱིབས་ནི་གུག་དཀྱོགས་ཅན་ཞིག་ཡིན་པས་སྡེ་བ་དེའི་མིང་ཡང་དེ་སྐད་དུ་ཐོགས། སྔར་ཐེ་གེ་ཀུང་ཧྲེ་སྡེ་བ་དེ་ནས་བཙུགས་སྐབས་ཀུང་ཧྲེ་ལ་སྡེ་བ་དེའི་མིང་བཏགས། ཕྱིས་སུ་ཀུང་ཧྲེ་ཡུལ་ཚོ་རུ་བསྒྱུར་རྗེས་ཀྱང་སྔར་མིང་སོར་བཞག་བྱས། ཡུལ་ཚོ་འདི་ནི་གསེར་ཆེན་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35°46'ནས36°07'གྱི་མཚམས་དང་།  ཤར་གྱི་གཞུང་ཚད100°12'ནས100°42'ཀྱི་མཚམས་ན་ཡོད།  ཡུལ་ཚོ་འདིའི་ཤར་ལྷོའི་ཕྱོགས་ནི་རྨ་ཆུ་དང་ཚལ་རྔ་འགག་ཆུ་མཛོད། ནུབ་ཕྱོགས་ནི་བྲག་དཀར་རྫོང་གི་དཔལ་ཁ་གྲོང་རྡལ། བྱང་ཕྱོགས་དང་བྱང་ཤར་གྱི་ཕྱོགས་ནི་ས་གྲུ་བཞི་ཡུལ་ཚོ་དང་ཆབ་ཆ་གྲོང་རྡལ་བཅས་ལ་འབྲེལ་ཡོད།

སྤྱི་ལོ1929ལོར་ས་ཁུལ་འདི་སྒོ་མེ་གོང་མ་ཆུས་མངའ་འོག་ཡིན། སྤྱི་ལོ1949ལོར་གནས་འདིར་ཇིར་དགེ་ཡུལ་ཚོ་བཙུགས། སྤྱི་ལོ1953ལོར་དེའི་མིང་ཐེ་གེ་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ1958ལོར་འཁྱིལ་ཁུག་ཡུལ་ཚོའི་ཁོངས་སུ་བསྲེས། སྤྱི་ལོ1959ལོར་ཚལ་རྔ་ཀུང་ཧྲེའི་མངའ་འོག་ཡིན། སྤྱི་ལོ1960ལོར་དེ་ལས་ས་ཁུལ་ཁག་ཅིག་ལོགས་སུ་བཀར་ནས་ཐེ་གེ་ཀུང་ཧྲེ་བཙུགས། ཚལ་རྔ་འགག་ཆུ་མཛོད་བསྐྱིལ་རྗེས་ཡུལ་ཚོ་འདིའི་སྔར་གྱི་སྲིད་གཞུང་གནས་ཡུལ་ཏེ། ཐེ་གེ་སྡེ་བ་ཡོད་ས་དེའང་རྨ་ཆུའི་བསྣུབ་ཡུལ་དུ་གྱུར་པས། སྤྱི་ལོ1983ལོར་ཐེ་གེ་ཡུལ་ཚོའི་སྲིད་གཞུང་ནི་བཏུལ་ཐང་གོང་མའི་མདོ་ཁམས་གཞུང་ལམ(རྒྱལ་རིམ་གཞུང་ལམ214ཡི་སྤྱི་ལེ96)གི་མཚམས་དེའི་ལམ་རྒྱུད་དུ་སྤོས། 1990ལོའི་ཟླ4བའི་ཚེས26ཉིན་ཐང་སྐར་མ་དང་དཔལ་ཁ་ས་ཁུལ་དུ་ས་འགུལ་ཆེན་པོ་བྱུང་རྗེས། ཐེ་གེ་ཡུལ་ཚོའི་སྲིད་གཞུང་ནི་ད་ལྟའི་གནས་ཡུལ་ཏེ། བཏུལ་ཐང་ཞོལ་མའི་མ་ཧན་ཐང་དུ་སྤོས། ཡུལ་ཚོའི་སྲིད་གཞུང་ཡོད་ས་མ་ཧན་ཐང་སྡེ་བ་ཡིན་ལ། དེ་ནས་རྫོང་སྲིད་གཞུང་ཡོད་ས་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ15ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི 2500དང་།  རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ982.6   མི་གྲངས6323བཅས་ཡོད། (སྤྱི་ལོ2008ལོའི་རྩིས་གྲངས་ཡིན) འདིའི་མངའ་འོག་ན་མ་ཧན་ཐང་དང་། མཁར་སྔུན (ཆི་ཐའེ)  ཧོ་ལི་སི་གོང་མ།  བུ་རིལ།  ཧ་ཧ་ཐུ་ཝོས།  ཧོ་ལི་སི་ཞོལ་མ།  བེར་སྐྱིད།  ཐོ་ལི།  ཐེ་གེ   ལབ་ཙེ་བཅས་སྡེ་བ10ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།