འོང་སྟོད་ཞིང་ཁ།

ལྷ་ས་བར་སྐོར་གྱི་ཤར་དུ་འོང་སྟོད་ཞིང་ཁ་ཟེར་བ་ཡོད་པ་ལས་སྔར་འདི་ཁུལ་འོང་ཀ་ཡིན་པར་གྲགས། རྗེས་དེ་ཁུལ་རྒྱབ་མདུན་ཚང་མ་གྲོང་ཁྱིམ་དང་ཁྲོམ་ར་མང་པོ་ཡོད་ལ། ནུབ་ཏུ་བོད་སྡོད་ཁ་ཆེའི་ཤ་ཁྲོམ་རྒྱབ་མདུན་གཉིས་ཀར་ལྟག་སྒོ་ཡོད་པ་ཞིག་དང་། ཤར་ལྷོའི་མཚམས་སུ་ཀརྨ་ཤག་ཟེར་བའི་ཁང་པ་ཁ་དོག་སེར་པོ་ཐོག་བརྩེགས་གསུམ་ལྡན་ཤག་འཁོར་ཐོག་གཉིས་མ་ཞིག་ཡོད་པ་འདིར་སྔར་ཀརྨ་སྐུ་ཕྲེང་འགའ་བཞུགས་མྱོང་བས་ཀརྨ་ཤག་ཅེས་འབོད།

རིགས་དབྱེ།  

བླ་བྲང་དགོན་པ།

བླ་བྲང་བཀྲ་ཤིས་འཁྱིལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ནུམ་ཁུལ་དང་།བསང་ཆུའི་བྱང་ངོགས་སུ་ཆགས་ཡོད།སྤྱི་ལོ1709ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོས་ཡུལ་ལྗོངས་མཛེས་པའི་ས་འདིར་དགོན་པ་ཕྱག་བཏབ་གནང་བ་ཡིན།

རིགས་དབྱེ།  

གསང་གི་མ་ཎི་རྡོ་མཁར།

གསང་གི་མ་ཎི་རྡོ་མཁར་འདི་ནི་ཀ་གདུང་དང་འདམ་བག་སོགས་སྒྲིག་གཞི་དང་འབྱར་རྫས་ཅི་ཡང་མེད་པར། རྒྱུ་ཆ་རྡོ་ལ་མ་ཎི་དང་བཀའ་བསྟན། འདྲ་སྐུ་སོགས་གྲལ་འགྲིག་ཅིང་གསོན་ཉམས་ལྡན་པར་བརྐོས་ཏེ་དབྱིབས་གྲུ་བཞི་ནར་མོར་བརྩིགས་པ་ཞིག་ཡིན།

རིགས་དབྱེ།  

གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ།

​གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་ནི་རང་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་ཤུལ་རྙིང་ཞིག་ཡིན། དེ་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་ཡོད།

རིགས་དབྱེ།  

ཡུམ་བུ་བླ་སྒང་།

ཡུམ་བུ་བླ་སྒང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཕོ་བྲང་ཆུས་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཏོག་ལྟ་བུར་ཆགས་ཡོད།

རིགས་དབྱེ།  

དཔལ་དགེ་མ་ཎི་རྡོ་འབུམ།

དཔལ་དགེ་མ་ཎི་རྡོ་འབུམ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་ནུབ་བྱང་མཚམས་སུ་ཡོད་ལ། ལྕགས་འབྲུག་ལོ་སྟེ་སྤྱི་ལོ1640ལོར་རྡོ་རྐོ་མ་ཎི་ཚེ་རིང་ཞེས་པ་ཞིག་དང་འཕྲད་དེ་རྟེན་འབྲེལ་འགྲིག་ནས་རྡོ་འབུམ་དེ་ཐོག་མར་གསར་བཞེངས་བྱས་པ་ཡིན།

རིགས་དབྱེ།  

ཕ་བོང་ཁ།

ཕ་བོང་ཁ(སྐུ་མཁར་མ་རུ)ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་བཞེངས་སྐྲུན་གནང་ཡོད་ལ། དེ་ནི་སྲོང་བཙན་སྒམ་པོས་འགོ་འཛིན་མཛད་དེ་བཞེངས་པ་ཡིན། ཕ་བོང་ཁ་བྱང་ཆུབ་ཤིང་གི་གནས་སོགས་ཞུ། གར་རི་དགོན་དང་ཆུ་བཟང་རི་ཁྲོད་ཀྱི་བར་དུ་དགོན་དེ་མཇལ་རྒྱུ་ཡོད།

རིགས་དབྱེ།  

ཆོས་འབྱུང་།

ཆོས་འབྱུང་ནི་ཆོས་ལུགས་དང་གྲུབ་མཐའ་ཁག་ཡུལ་གང་ཞིག་ལ་ཚུལ་ཇི་ལྟར་དར་མིན་གྱི་བྱུང་བ་བརྗོད་པའི་ཆོས་ལུགས་རིག་གནས་ཀྱི་བྱུང་ཚུལ་གཙོ་བོར་བཤད་པ་ཞིག་ལ་ཟེར་བ་ཡིན་ནོ།།

རིགས་དབྱེ།  

ཕོ་བྲང་བྲག་དམར་མགྲིན་བཟང་།

མེས་ཨག་ཚོམ་གྱི་རིང་ལ་བརྩིགས་ཤིང་། ཁྲི་སྲོང་ལྡེའུ་བཙན་གྱི་འཁྲུངས་གནས་ཡིན་ལ། བསམ་ཡས་གཙུག་ལག་ཁང་གི་ཁ་གཏད་དུ་ཡོད།

རིགས་དབྱེ།  

རྒྱ་དར་ཐང་།

རྨ་ཆུས་བཅད་པའི་ལྷོ་བྱང་གཉིས་སུ་དབྱེ་ཞིང་། རྨ་ཆུའི་བྱང་རྒྱུད་ཀྱི་ཕྱོགས་གྲོ་ཚང་དང་དཔའ་རིས་ལ་སོགས་པའི་ཡུལ་དུ་རྒྱུ་དུར་ཐང་དང་རྒྱ་ཁྲག་ཐང་ཞེས་ངོས་བཟུང་ཡོད་པ་དང་། གཏེར་ཡིག་ལས། ཁྲི་སྲོང་ལྡེ་བཙན་སྐབས་སུ། དབའས་སྐྱེས་བཟང་སྟག་སྣང་གིས་རྒྱའི་དམག་དཔོན་ཧོན་ཇེ་སངས་དང་འགུ་ལོག་སྒང་དུ་གཡུལ་སྤྲད་ནས། རྒྱ་མང་པོ་བཀུམ་སྟེ་འགུ་ལོག་རྒྱ་དར་ཐང་དུ་བཏགས་སོ། །

རིགས་དབྱེ།  

ཁས་དམར་དགོན།

ཁས་དམར་དགོན་ལ་དབང་རོས་དགོན་པའང་ཟེར། ད་ལྟ་པདྨ་རྫོང་གྲུབ་ཆེན་ཞང་གི་ཁོངས་ན་ཡོད། གྲུབ་མཐའ་སྔ་འགྱུར་ཀཿཐོག་ཡིན། ཉག་བླ་བསོ་རྒྱལ་གྱིས་སྤྱི་ལོ1904ལོར་བཏབ། སྤུ་ཤུལ་བླ་མ་བསོད་ནམས་གྲགས་པ་སོགས་ཀྱིས་བསྐྱངས།

རིགས་དབྱེ།  

བྲག་ཤུར་དགོན།

བྲག་ཤུར་དགོན་ནི་པདྨ་རྫོང་གི་མཁར་ཞང་གི་ཁོངས་ན་ཡོད། གྲུབ་མཐའ་སྔ་འགྱུར་ཀཿཐོག་ཡིན། ས་མིང་གིས་བྲག་ཤུར་དགོན་ཞེས་འབོད། གྱི་ལུང་ཐུགས་མཆོག་རྡོ་རྗེ་དང་བཀྲ་ཤིས་རྒྱ་མཚོ་རྣམ་གཉིས་ཀྱིས་སྤྱི་ལོ1826ལོར་སྐྱིད་རའི་དོ་ར་ཞེས་པར་ཐོག་མར་བཏབ། ཕྱིས་སུ་ཟི་ཁྲོན་གསེར་ཐར་གྱི་བླ་མ་ཞིག་བྱོན་ནས་སྤྱི་ལོ1910ལོར་དགོན་པ་སྐྱར་དུ་སྐྲུན་ཞེས་ཟེར་ཡང་ཞིབ་པར་མ་ངེས། བླ་མ་གྲགས་ལྡན་དང་། རྒྱ་ཚོགས་བླ་མ་དམ་ཆོས། གྱི་ལུང་སྤྲུལ་སྐུ་ཐུབ་པ་སོགས་ཀྱིས་བསྐྱངས།

རིགས་དབྱེ།  

པད་ནག་དགོན།

པད་ནག་དགོན་པ་ནི་པདྨ་རྫོང་འབོས་པ་ཞང་ཁོངས་ན་ཡོད་ཅིང་སྡེ་བའི་མིང་དགོན་ལ་ཐོག གྲུབ་མཐའ་སྔ་འགྱུར་དཔལ་ཡུལ་པ་ཡིན། སྤྱི་ལོ1860ཡས་མས་སུ་སངས་སངས་གྲྭ་གྲྭ་པདྨ་འགྲོ་འདུལ་རྡོ་རྗེས་ཕྱག་བཏབ། སྦྲ་ནག་བླ་མ་བསྟན་པ་དང་། པད་ནག་དཔོན་པོ་རིག་ལོ། མགར་ཀློང་བདུད་འདུལ་དབང་ཕྱུག་གླིང་བ། དེའི་སྲས་རྒྱལ་སྲས་པདྨ་རྣམ་རྒྱལ། དེའི་སྲས་རྒྱལ་སྲས་པད་ལོའམ་པདྨ་ཚེ་དབང་སོགས་ཀྱིས་རིམ་པར་བསྐྱངས།

རིགས་དབྱེ།  

གླང་འབུད་དགོན།

གླང་འབུད་དགོན་ནི་པདྨ་རྫོང་འབོས་པ་ཞང་གི་ཁོངས་ན་ཡོད་ཅིང་། སའི་ཆ་སྐྱིའི་གླང་འབུད་ཅེས་པའི་མདའ་ན་ཆགས་པས་གླང་འབུད་དགོན་ཞེས་གྲགས། པདྨ་འབུམ་ནི་རྡི་ནང་ཚོ་བའི་དགོན་པ་ཡིན། གྲུབ་མཐའ་ཇོ་ནང་པ། སྤྱི་ལོ1943ལོར་འཛི་ཀའི་བླ་མ་ངག་མཆོག་གིས་བཏབས། འཛམ་ཐང་གཙང་བའི་དགོན་ལག་ཏུ་བརྩི།

རིགས་དབྱེ།  

སྒོ་མང་དགོན།

སྒོ་མང་དགོན་པ་ནི་ད་ལྟ་པདྨ་རྫོང་ཡར་ཐང་ཞང་གི་ཁོངས་ན་ཡོད། སྔར་བར་བཞི་ཚོ་བའི་དགོན་པ་ཡིན་ལ། གནས་བཀྲ་ཤིས་སྒོ་མང་ཡང་ཟེར། གྲུབ་མཐའ་སྔ་འགྱུར་དཔལ་ཡུལ་པ་ཡིན། སྤྱི་ལོ1816ལོར་བཀྲ་ལོ་ཟེར་བའི་བླ་མ་ཞིག་གིས་བཏབ་ཅེས་ཟེར་བ་ཡོད་དེ་ཞིབ་ཏུ་མ་ངེས། ཡོངས་གྲགས་ལྟར་ན་སྒོ་ཆེན་འཇིགས་བྲལ་ཆོས་ཀྱི་བློ་གྲོས་ཀྱིས་བཏབ་པ་ཡིན། འདི་ན་སྨར་ཤོད་ཨ་ཤྭའི་མཆོད་རྟེན་ཞེས་གནའ་བོའི་རྗེས་ཤུལ་རེ་ཡོད་པ་ད་ལྟ་ཡང་བཞུགས། རྡོར་བརྐོས་པའི་ཁ་བྱང་གི་ཡི་གེ་རྙིང་བ་རེའང་ཡོད་པར་ཐོས།

རིགས་དབྱེ།  

པན་ཆེན་དགོན།

པན་ཆེན་དགོན་ཨ་ཏི་བསམ་གཏན་གླིང་ནི་ད་ལྟ་པདྨ་རྫོང་པན་ཆེན་ཞང་གི་ཁོངས་ན་ཡོད། དཔལ་ཡུལ་དར་ཐང་དགོན་གྱི་དགོན་ལག་ཡིན་ལ། གྲུབ་མཐའ་སྔ་འགྱུར་དཔལ་ཡུལ་པ་ཡིན། འདི་ཐོག་མར་སྒོ་ཆེན་འཇིགས་བྲལ་ཆོས་ཀྱི་བློ་གྲོས་ཀྱིས་བཏབ། ཁེ་པེས་དཔོན་པོ་དང་སྒོ་ཆེན་སྤྲུལ་སྐུ་ཆོས་གཅེས་སོགས་ཀྱིས་བསྐྱངས། སྐབས་ཤིག་ལ་མེ་སྐྱོན་ཚབས་ཆེ་བ་བྱུང་མྱོང་། ཕྱིས་སུ་སྐྱར་གསོ་བྱས། 1984ལོར་ཆོས་ལུགས་བྱ་འགུལ་ས་ཚིགས་སུ་ཆོས་སྒོ་ཕྱེས།

རིགས་དབྱེ།  

རྒྱུད་སྡེ་དགོན།

རྒྱུད་སྡེ་དགོན་པ་ནི་པདྨ་རྫོང་པན་ཆེན་ཞང་གི་ཁོངས་ན་ཡོད། འདི་ནི་མགོ་ལོག་གི་ཡུལ་དུ་ཡོད་པའི་བཀའ་རྒྱུད་གྲུབ་མཐའ་འཛིན་པའི་དགོན་པ་གཅིག་པུ་དེ་ཡིན། སྤྱི་ལོ1632ལོར་ཀརྨ་ཞ་ནག་བཅུ་བ་ཆོས་དབྱིངས་རྡོ་རྗེས་ཕྱག་བཏབ་ཅིང་། སྟོད་ལུང་མཚུར་ཕུའི་དགོན་ལག་ཡིན། ཕྱིས་སུ་ཁམས་ཀྱི་དཔལ་སྤུངས་ལ་གཏད་ནས་ཆོས་རྒྱུན་སོགས་འབྲེལ་བ་རྒྱུན་ཆགས་སུ་བྱུང་། སྤྱིར་ཀརྨ་ཞྭ་ནག་སྐུ་ཕྲེང་བཅུ་བ་ཚུན་ལ་ཀརྨ་བཀའ་རྒྱུད་པའི་སྐྱེས་ཆེན་དམ་པ་མང་པོས་བསྐྱངས་པ་དང་། བྱེ་བྲག་ཀརྨ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་དང་། ཞྭ་དམར་བདུན་པ་ཡེ་ཤེས་སྙིང་བོ་སོགས་ཀྱིས་ལེགས་པར་བསྐྱངས།

རིགས་དབྱེ།  

དགེ་རྩེ་དགོན།

​དགེ་རྩེ་དགོན་ནམ་རྫི་མདའ་དགོན་ནི་པདྨ་རྫོང་རྡི་མདའ་ཞང་གི་ཁོངས་ན་ཡོད། སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་བླ་མ་གསང་ལོ་ཟེར་བ་ཞིག་གིས་བཏབ་པར་གྲགས། བླ་མ་འདིས་བཞེངས་པའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་ད་ལྟའང་མ་ཉམས་པར་ཡོད། གྲུབ་མཐའ་སྔ་འགྱུར་དཔལ་ཡུལ་པ་ཡིན་ལ། དཔལ་ཡུལ་དར་ཐང་དགོན་གྱི་དགོན་ལག་ཏུ་བྱེད།

རིགས་དབྱེ།  

བུ་ཙ་དགོན།

བུ་ཙ་དགོན་པ་ནི་པདྨ་རྫོང་ཡར་ཐང་ཞང་གི་ཁོངས་ན་ཡོད། གྲུབ་མཐའ་སྔ་འགྱུར་དཔལ་ཡུལ་པ་ཡིན། བུ་ཙ་སྡེ་བའི་དགོན་པ་ཡིན་པས་མིང་དེ་ལྟར་གྲགས། ད་ལྟའི་དགོན་པ་ཡོད་ས་དེ་སྔར་པདྨ་འབུམ་གྱི་ཆུ་འཕོས་མཁར་མགོ་ནག་མ་ཡི་མཁར་ཤུལ་ཡིན། མཁར་དེའི་ཤུལ་དུ་མི་རབས་རྗེས་མ་དག་གིས་མགོ་ལོག་ནག་ཐར་གྱི་གསེར་འབུམ་དང་། མགོ་ལོག་རུས་མཛོད་ཀྱི་ཡི་གེ་སོགས་གཟུངས་འཇུག་ཏུ་བྱས་ནས་མཆོད་རྟེན་ཞིག་བཞེངས་པ་ཞིག་རལ་དུ་སོང་། སླར་ཡང་དེའི་ཤུལ་དངོས་སུ་སངས་ཤུལ་སྤྲུལ་སྐུ་བད་ལོས་སྲས་མཁར་དགུ་ཐོག་ཟེར་བའི་ལྷ་ཁང་ཞིག་བཞེངས་ཡོད། དགོན་པ་འདི་དགེ་བསྙེན་ཚང་ཟེར་བའི་བླ་མ་ཞིག་གིས་གཞི་བཟུང་ཐོག་སངས་ཤུལ་སྐུ་ཐོག་མས་བཏབ་ཅེས་གྲགས། བཏབ་པའི་ལོ་ཚིགས་ཀྱང1887ལོ་ཡིན་ཟེར་ཡང་དཔྱད། གང་ལྟར་སངས་ཤུལ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས།

རིགས་དབྱེ།  

རྡི་མདའ་དགོན།

རྡི་མདའ་དགོན་བདེ་ཆེན་ཆོས་གླིང་ནི་ད་ལྟ་པདྨ་རྫོང་རྡི་མདའ་ཞང་གི་ཁོངས་ན་ཡོད། རྡི་མདའ་ཟེར་བ་ས་མིང་གིས་ཐོག་ཅིང་མིང་གཞན་གཡག་མགོ་དགོན་པའང་ཟེར། གྲུབ་མཐའ་སྔ་འགྱུར་དཔལ་ཡུལ་པ་ཡིན། དགོན་འདི་ཐོག་མར་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་སློབ་མ་ཞིག་གིས་ད་ལྟའི་རྡི་མདའ་དགོན་གྱི་ཁ་གཏད་སའི་ཕར་ངོས་རི་སྒང་ཀ་ར་ཁ་ཟེར་བའི་སར་བཏབ་ཅིང་ཟི་ཁྲོན་དཔལ་ཡུལ་དགོན་གྱི་་དགོན་ལག་ཏུ་བསྐྱངས་ནས་ཡུན་རིང་སོང་། ཕྱིས་སུ་སྤྱི་ལོ1883ལོར་དཔལ་ཡུལ་དར་ཐང་དགོན་འདེབས་པའི་དུས་མཚུངས་སུ་དཔལ་ཡུལ་ལྷ་སྤྲུལ་གྱིས་དགོན་འདིའི་དགོན་ས་དུ་ལྟའི་རྡི་མདར་སྤོར་ནས་འདུ་ཁང་སོགས་གསར་སྐྲུན་མཛད། དེ་ནས་བཟུང་དཔལ་ཡུལ་དར་ཐང་དགོན་གྱི་དགོན་ལག་བྱས། རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་རང་གི་སློབ་མ་རྣམས་ལ་ཡི་དམ་དང་ཆོས་སྐྱོང་བགོ་དུས་དགོན་འདིའི་བདག་པོར་ཐེམས་པ་ནི་ཡི་དམ་རྟ་བགྲིན་དང་ཆོས་སྐྱོང་དམ་ཅན་ཡིན་པར་མ་ཟད། ཀུན་བཟང་ཤེས་རབ་ཀྱིས་ཕྱག་བཟོ་མཛད་པའི་ཤིང་གི་རྟ་མགྲིན་ཁྲུ་གང་བ་ཞིག“རིག་གསར”གོང་བར་དུ་དགོན་འདིའི་རྟེན་གཙོར་བཞུགས་ཡོད། སྤྱི་ལོ1958ལོའི་སྔོན་དུ་སྤྲུལ་སྐུ་ནམ་མཁའ་འཇིགས་མེད་དང་། བླ་མ་བསམ་གྲུབ་དོ་རྗེ་སོགས་ཀྱིས་སྐྱོང་།

རིགས་དབྱེ།  

དབང་མདའ་དགོན།

​ དབང་མདའ་དགོན་ཐུབ་བསྟན་ཆོས་འཁོར་གླིང་ངམ་བཤད་སྒྲུབ་བཀྲ་ཤིས་གཡས་འཁྱིལ་གླིང་ནི་ད་ལྷ་པདྨ་རྫོང་མདོ་གོང་མ་ཞང་གི་ཁོངས་ན་ཡོད། ད་ལྟའི་ཆགས་གནས་སྨར་དང་པོའི་ཐང་དཀར་མ་ན་ཡོད་པས་ཐང་དཀར་མའི་དགོན་པའང་ཟེར། གྲུབ་མཐའ་སྔ་འགྱུར་ཀཿཐོག་པ་ཡིན། མགོ་ལོག་བླ་མ་ཆོས་འབུམ་གྱིས 1493 ལོར་དགོན་བྲག་དཀར་མགོ་བཏབ་པའི་རྗེས་ཐོག་ཏུ་དགོན་པ་འདི་སྨར་གྱི་ཝིའི་ནང་ན་སྤོར་ཟེར་བའི་ལུང་བ་ཞིག་ཡོད་པ་དེའི་མདའ་ཡར་ནང་དུ་ཆགས། (དེའི་རྗེས་ཤུལ་དུ་ལྟའང་ཡོད) སྐབས་དེར་ཆོས་རྒྱུན་ཀཿཐོག་པ་ཡིན། ཕྱིས་སུ་ཀརྨ་བཅུ་བ་ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ་ཆོས་རྒྱུན་བཀའ་རྒྱུད་པར་བསྒྱུར། སླར་ཡང་སྤྱི་ལོ1727ལོར་བླ་མ་ཀུན་བཟང་བསྟན་འཛིན་གྱིས་ཀཿཐོག་པར་བསྒྱུར།

རིགས་དབྱེ།  

མདོ་ཐོག་དགོན།

མདོ་ཐོག་དགོན་པའམ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དགོན་ནི་པདྨ་རྫོང་འབོས་པ་ཞང་གི་ཁོངས་ན་ཡོད། དགོན་གནས་སྨར་མཐའ་མའི་མདའ་ན་ཡོད་པས་མདོ་འགབ་མ་དགོན་ཡང་ཟེར། ཆོས་རྒྱུན་སྔ་འགྱུར་ཀཿཐོག་པ་ཡིན། དགོན་འདིའི་ཐོག་མའི་ལོ་རྒྱུས་ལ། ཀཿཐོག་པདྨ་ཚངས་པ་དྲི་མེད་ཞིང་སྐྱོང་མགོན་པོས་སྤྱི་ལོ1760 ལོར་འཕྲང་གཉིས་བར་གྱི་གནས་ལྕགས་རིའི་ཉི་འདབས་སུ་ཀཿཐོག་པའི་གུར་དཀར་མོའི་ཆོན་ཆེན་བཞིའི་ནང་ཚན་སྨར་རོལ་དཔལ་འབྱོར་དགོན་ཕྱག་བཏབ་པ་ནི་དགོན་འདིའི་ཐོག་མ་ཡིན། དེ་ནས་བཟུང་ཀཿཐོག་འགྱུར་མེད་ངེས་དོན་བསྟན་འཛིན་སོགས་ཀྱིས་ལོ་མང་དུ་བསྐྱངས།

རིགས་དབྱེ།  

མདོ་གོང་མ་དགོན།

​མདོ་གོང་མའི་དགོན་ནམ་བྲག་དཀར་ལྷ་རི་དགོན་ནི་པདྨ་རྫོང་མདོ་གོང་མ་ཞང་གི་ཁོངས་ན་ཡོད། གནས་ས་སྨར་འབྲིང་གི་མདའ་ན་ཡོད་པས་མདོ་གོང་མ་དགོན་དང་། ཚོ་བ་གཉི་མདར་གཏོགས་པས་གཉི་མདའ་དགོན་ཀྱང་ཟེར། ཆོས་རྒྱུན་སྔ་འགྱུར་ཀཿཐོག་པ་ཡིན། དགོན་འདི་སྤྱི་ལོ1935ལོ་བཙོད་བླ་གྲུབ་ཐོབ་ཀྱིས་ཕྱག་བཏབ། དེ་ནས་རྔ་སྤྲུལ་ངག་དབང་དང་། དགོན་སྤྲུལ་བློ་བཟང་ནོར་བུ། རྒྱ་ཚོགས་བླ་མ་དམ་ལོ། ཨ་མུ་བླ་མ་ཀུན་པཟུང་རྡོ་རྗེ། སྤྲུལ་སྤུ་ཀུན་བཟང་ཉི་མ། སོག་པོ་བླ་མ་འོད་ཀློང་སོགས་ཀྱིས་རིམ་པར་བསྐྱངས།

རིགས་དབྱེ།  

གསང་རུ་དགོན།

གསང་རུ་དགོན་པ་ནི་དར་ལག་རྫོང་རྫོང་གསང་རུ་མ་ཞང་གི་ཁོངས་ན་ཡོད། གྲུབ་མཐའ་སྔ་འགྱུར་ཀཿཐོག་པ་ཡིན། དགོན་འདིའི་ཐོག་མར་རབ་ཚེས་ཆུ་སྦྲུལ(1893)ལ་འཕན་འཛི་ཟླ་མ་བསོ་རྒྱལ་གྱིས་མ་ཎིའི་ཞགས་བརྒྱ་བཙུགས་ནས་རྒྱུན་བསྐྱངས། དེ་ནས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་བྱོན་ནས་རྒྱལ་བ་ཀཿཐོག་པའི་ཕྱག་སྲོལ་བཙུགས། དེའི་སློབ་མ་་འཕན་འཛི་བླ་མ་ཀུན་ནོར་གྱིས་སི་དྷིའི་བུམ་སྒྲུབ་ཆེན་མོ་བཙུགས། དེ་བཞིན་དུ་མ་ཎི་བླ་མ་སིརྔྷི་དང་། ཀཿཐོག་རྨོག་སྤྲུལ་རིག་འཛིན་འཇིགས་བྲལ་རྡོ་རྗེ། ཕྱག་སྤྲུལ་པདྨ་འཕྲིན་ལས་རྒྱ་མཚོ། དབོན་སྤྲུལ་ཚུལ་ཁྲིམས་ཡོན་ཏན། ཉག་བླ་ཤེས་རབ་འོད་ཟེར་སོགས་སྔ་ཕྱིར་གདན་དྲངས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། རབ་རྒྱལ་ཆུ་འབྲུག(1952)ལ་མཁན་པོ་ལྷ་སྐྱབས་ཀྱིས་དབྱར་གནས་བཙུགས། དེ་ནས་རིམ་བཞིན་མཁན་པོ་བཀྲ་རྒྱམ་དང་། མཁན་གནས་བརྟན། མཁན་པད་བློས། མཁན་པུ་ཀྱའམ་ཐུབ་བསྟན་འཇམ་དབྱངས་གྲགས་པ་བཅས་དྲངས་ནས་དབྱར་གནས་བསྐྱངས།

རིགས་དབྱེ།  

བཀའ་རྒྱུད་ཆེ་བཞི།

《ཤེས་བྱ་ཀུན་ཁྱབ》ལས་བྱུང་བའི་བཀའ་རྒྱུད་ཆེ་བཞི་རྒྱས་བར་བསྟན་ཡོད།

རིགས་དབྱེ།  

གསེར་ལག་དགོན།

གསེར་ལག་དགོན་དགའ་ལྡན་ཕུན་ཚོགས་བསྟན་རྒྱས་གླིང་ནི། ད་ལྟའི་ཐུན་ཏེ་རྫོང་མགོ་མང་ཞང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་ཙམ་བགྲོད་པའི་སར་གསེར་ཐང་ཞེས་པར་ཆགས་ཡོད་ལ། གྲུབ་མཐའ་དགེ་ལུགས་པ་ཡིན། དགོན་པ་འདི་ནི་སྤྱི་ལོ1695ལོར་རྒྱ་ལི་བྱམས་པ་དོན་ཡོད་ཀྱིས་བཏབ་པ་ཡིན། དགོན་པས་ལོ་རེའི་ལུགས་རྙིང་གི་ཟླ་དང་པོར་སྨོན་ལམ་འདེབས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། སྲོལ་རྒྱུན་གྱི་བྱེད་སྒོ་སྤེལ་སྟངས་སྔར་བཞིན་རྒྱུན་འཁྱོངས་བྱས་པ་ཡིན།

རིགས་དབྱེ།  

སྟག་ཐོག་དགོན།

སྟག་ཐོག་དགོན་ནི་པདྨ་རྫོང་སྟག་མཁར་རྫོང་ཁོངས་ན་ཡོད། ད་ལྟའི་དགོན་ས་གདོང་བྲོམ་གསེར་སྣའི་ཁུག་ན་ཆགས་ཤིང་། གྲུབ་མཐའ་སྔ་འགྱུར་ཀཿཐོག་ཡིན། སྤྱི་ལོ1870ལོར་བླ་མ་ཨོ་རྒྱན་ཚེ་རིང་གིས་བཏབ་ནས་བླ་རབས་བརྒྱད་སོང་ཞེས་ཟེར་ཡང་ཞིབ་པར་མ་ངེས། ཕྱིས་སུ་ཚ་བླ་ཡེ་ཤེས་དོན་རྟོགས་དང་། ཚ་ཁོ་ཨོ་རྒྱན་སྐྱབས་སོགས་ཀྱིས་བསྐྱངས་པར་གྲགས།

རིགས་དབྱེ།  

རྩིས་མདའ་དགོན།

རྩིས་མདའ་དགོན་ནི་པདྨ་རྫོང་སྨར་ཁོག་ཞང་གི་ཁོངས་ན་ཡོད། འདི་པོང་ཡུས་ཚོ་བའི་དགོན་པ་ཡིན་པས་པོང་ཡུས་དགོན་དང་། སྨར་དང་པོའི་རྩིས་མདའ་ཟེར་བའི་ས་ན་ཡོད་པས་རྩིས་མདའ་དགོན་ཟེར། གྲུབ་མཐའ་སྔ་འགྱུར་ཀཿཐོག་པ་ཡིན། ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེས་ཕྱག་བཏབ། གཡུང་ཤུལ་ཡང་སྤྲུལ་ཐུགས་ལོ་སོགས་ཀྱིས་བསྐྱངས།

རིགས་དབྱེ།  

ར་ཡ་དགོན།

ར་ཡ་དགོན་ནམ་འབུམ་ཡག་སྒང་དགོན་དེ་ད་ལྟ་པདྨ་རྫོང་པན་ཆེན་ཞང་གི་ཁོངས་ན་ཡོད། འབུམ་ཡག་སྒང་ར་ཡ་ལུང་བར་ཡོད་པས་མིང་དེ་ལྟར་གྲགས། གྲུབ་མཐའ་སྔ་འགྱུར་དཔལ་ཡུལ་པ་ཡིན། དགོན་འདི་འདེབས་པ་པོ་རྒྱལ་སྲས་པདྨ་རྣམ་རྒྱལ་ཡིན་ལ། ལོ་རྒྱུས་ཐོག་དཔལ་ཡུལ་དར་ཐང་གི་དགོན་ལག་ཏུ་བྱེད། 1958ལོར་འདུ་ཁང་གཅིག་དང་གྲྭ་ཁང་བདུན་ཙམ་ཡོད། ད་ལྟ་འདུ་ཁང་གཅིག་དང་གྲྭ་ཁང་ལྔ། གྲྭ་བ་སུམ་ཅུ་སོ་བདུན་བཅས་ཡོད་ལ། བླ་མ་པད་རྣམ་གྱིས་བདག་བྱས་ཡོད།

རིགས་དབྱེ།  

འབྲ་ལོ་དགོན།

​ འབྲ་ལོ་དགོན་ནི་པདྨ་རྫོང་ཡར་ཐང་ཞང་གི་ཁོངས་ན་ཡོད། སྤྱི་ལོའི་དུས་རབས་བཅུ་དགུ་བའི་དུས་སྐེད་ཙམ་དུ་ན་རོ་པ་ཟེར་བའི་བླ་མ་ཞིག་གིས་བཏབ་པར་གྲགས། གྲུབ་མཐའ་སྔ་འགྱུར་ཀཿཐོག་པ་ཡིན། དགོན་འདི་འབྲ་ལོ་དང་རྒྱུད་དབང་། མགོ་ཡུང་ཚོ་བ་གསུམ་ལ་གཏོགས། ལོ་རྒྱུས་ཐོག་ཤ་ཚང་གཏེར་སྟོན་དང་། རྒྱུད་དབང་བླ་མ་ཀུན་ལྡན་སོགས་ཀྱིས་བསྐྱངས།

རིགས་དབྱེ།