ཡོངས་འཛིན་རིག་མཛོད། >ས་ཁམས། >ཆུ་བོ། >མཚོ་དང་མཚེའུ།

ཁཱ་ན་སི་མཚེའུ།

ཀྲུང་གོ་དང་ཧ་ས་ཁི་སི་ཐན། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་འབྲེལ་མཚམས་ཀྱི་ཨ་ཨེར་ཐའེ་ཧྲན་རི་བོའི་ནགས་རྫུབས་སྟུག་པོའི་ཁྲོད་དུ། མཚེའུ་ཡིད་དུ་འོང་བ་ཞིག་ཡོད་དེ། དེ་ཡི་ཁ་དོག་དུས་ཚིགས་དང་བསྟུན་ནས་འགྱུར་བ་དང་། ངག་རྒྱུན་དུ་མཚེའུ་ནང་དུ་ཀླུ་བདུད་ཅིག་གནས་སྐད། གནས་འདི་ནི་མི་ཡུལ་གྱི་དག་ཞིང་། ཤར་ཕྱོགས་ཀྱི་སུའེ་ཙེར་དུ་འབོད་པའི་ཁཱ་ན་སི་མཚེའུ་ཡིན། ཁཱ་ན་སི་ནི་སོག་པོའི་སྐད་དེ་མཛེས་སྡུག་འབྱོར་ཕྱུག་ལྡན་ཞིང་ངོ་མཚར་ལྐོག་གྱུར་ཡིན་པ་ཞེས་པའི་དོན་ཡིན་ཏེ། ཧ་ལམ་ལོ་ངོ་ཁྲི་སུམ་ཅུ་ནས་སོ་ལྔའི་སྔོན་དུ་འཁྱགས་རླུང་གིས་ཆུ་ལམ་བཅད་པས་ད་གཟོད་ཁཱ་ན་སི་མཚེའུ་བྱུང་བ་རེད།

རིགས་དབྱེ།  

མཚོ་སྔོན་པོ།

ཀྲུང་གོའི་ནུབ་བྱང་གི་མཚོ་སྔོན་ཞིང་ཆེན་གྱི་རི་སྒང་དང་རྩྭ་ཐང་ཆེན་པོའི་དཀྱིལ་དབུས་སུ་ཕྲ་བཏབ་འདྲའི་ཡངས་ཤིང་རྒྱ་ཆེ་བའི་རིན་པོ་ཆེའི་མེ་ལོང་ཞིག་ཡོད་དེ། དེ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་མཚེའུ་འམ། ཡང་ན་ཀྲུང་གོའི་ཆེས་ཆེ་བའི་ཚྭ་ལྡན་མཚེའུ་སྟེ་མཚོ་སྔོན་པོ་ཡིན་ནོ། ། གནའ་དུས་སུ་རྒྱ་རིགས་ཀྱིས་མཚོ་སྔོན་པོ་ལ་ནུབ་མཚོ་དང་སོག་པོས་ཁུའུ་ཁུའུ་ནོ་ཨེར་ཞེས་འབོད། མཚོ་འདིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4583དང་། ཆ་སྙོམས་ཀྱི་གཏིང་ཚད་ལ་སྨི་བཅུ་དགུ་ལྷག་ཡོད། མཚོའི་མཐའ་སྐོར་རིང་ཚད་ལ་སྟོང་སྨི་སུམ་བརྒྱ་དྲུག་ཅུ་ཡས་མས་མཆིས། རྒྱང་རིང་ནས་བལྟས་ན་ཤར་ནུབ་རིང་ཞིང་ལྷོ་བྱང་དོག་པའི་མཚོ་སྔོན་པོའི་ཆགས་དབྱིབས་ནི་སྡོང་ལོ་ཆེན་པོ་ཞིག་དང་ཀུན་ནས་མཚུངས། མཚོ་འདིའི་ཤར་ཕྱོགས་སུ་ཨ་མ་ཟོར་དགུ་དང་། ལྷོ་ཕྱོགས་སུ་བློན་པོ་གསེར་ཆེན་དང་ནུབ་ཕྱོགས་སུ་བྲག་དཀར་ཐེམ་ཆེན། བྱང་ཕྱོགས་སུ་རྐང་ཚའི་རྫ་དམར་བཅས་རྫ་རི་མཐོན་པོས་མཐའ་ནས་བསྐོར་ཞིང་། མཚོའི་འགྲམ་རྒྱུད་ནི་མུ་མཐའ་མི་མངོན་པའི་རྩྭ་ཐང་ཆེན་པོ་ཡིན་པས་མཛེས་ཤིང་ཡིད་དུ་འོང་བའི་རི་ཆུའི་མཛེས་ལྗོངས་ལྷུན་གྱིས་གྲུབ་ཡོད།

རིགས་དབྱེ།  

ཨའེ་ཏིང་མཚེའུ།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཐུའུ་ལུའུ་ཧྥན་གཤོང་སའི་ལྷོ་ཕྱོགས་སུ། ཧ་ལམ་སྐམ་ཐག་ཆོད་པའི་མཚེའུ་ཞིག་ཡོད་པ་དང་། དེ་རུ་མིག་གིས་མཐོང་ཚད་ཡོད་དོ་ཅོག་ནི་དངུལ་མདོག་གི་ཚྭ་རྡོག་རིལ་མོས་གང་ཡོད། ཉི་འོད་འོག་ཏུ་ཚྭ་རྡོག་རིལ་མོ་འདི་དག་འོད་ཀྲིག་ཀྲིག་བྱེད་པ་དེ་ནི་མཚན་མོའི་དཀར་གསལ་གྱི་ཟླ་ཟེར་དང་ཧ་ཅང་མཚུངས་པས་ན། ས་གནས་འདི་གའི་ཡུ་གུར་རིགས་ཀྱིས་དེར་ཟླ་འོད་མཚེའུ་ཞེས་འབོད་པ་རེད།

རིགས་དབྱེ།  

ཞི་ཧུའུ་མཚེའུ།

ཞི་ཧུའུ་མཚེའུ་ནི་ཀྲེ་ཅིང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་ལ། དེ་ནི་ཀྲུང་གོའི་སྐམ་སའི་སྟེང་གི་ཐོག་དང་པོའི་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་མིང་གྲགས་ཅན་དང་ཀྲུང་གོའི་ཡུལ་ལྗོངས་གྲགས་ཆེན་བཅུའི་ཡ་གྱལ་ཡིན།

རིགས་དབྱེ།  

ཀུན་དགའ་མཚོ།

ཀུན་དགའ་མཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་མཚེའུ་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ས་ཁད་གཉིས་སུ་ཡོད།

རིགས་དབྱེ།  

མཚོ་དཀར་ཏྲིས།

མཚོ་དཀར་ཏྲིས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་མཚེའུ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ཏེ། དབོ་ཡེ་ཆུའི་ལྷོ་འགྲམ་དུ་ཡོད་དེ། རྒྱ་ཁྱོན་ལ་ཧ་ལམ་མུའུ200ཡོད་ཅིང་། ཚྭ་ཡོད་མཚེའུ་ཞིག་ཡིན།

རིགས་དབྱེ།  

མཚོ་དམར།

མཚོ་དམར་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་མངའ་ཁོངས་ཀྱི་ཚྭ་མེད་མཚེའུ་ཞིག་ཡིན་ལ། ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད་ཅིང་།

རིགས་དབྱེ།  

གནམ་མཚོ།

བོད་ལ་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་གྲས་ཡིན། ལྷ་ས་ནས་ཐག་མི་རིང་བའི་འདམ་གཞུང་རྫོང་གི་ནུབ་ཕྱོགས་སུ་ཡོད་ཅིང་། མིང་གཞན་གནམ་མཚོ་ཕྱུག་མོ་ཡང་ཟེར། བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་ཁོངས་གནམ་མཚོ་ཡུལ་ཚོ་ཡོད་སར་གནམ་མཚོ་ཞེས་པའི་མཚོ་ཆེན་པོ་ཞིག་ཡོད་པ་དེ་ཡི་མིང་ཡིན། མཚོ་དེ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གསུམ་ཡོད།

རིགས་དབྱེ།  

རྫ་དམར་གཡུ་མཚོ།

རྫ་དམར་གཡུ་མཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ70ཡས་མས་ཀྱི་མཚམས་ན་ཡོད་ཅིང་། ཤར་ལྷོ་གཉིས་ནི་སོ་སོར་རྩེ་ཁོག་རྫོང་གི་ཀོའུ་སྡེ་དང་སྟོབས་ལྡན་ཡུལ་ཚོ་ལ་འབྲེལ་ཡོད་ཅིང་། ནུབ་ཕྱོགས་ནི་མང་རྫོང་གི་བྲག་དཀར་སྡེ་བ་ལ་ཐུག་ཡོད། རྒྱ་ཁྱོན་ལ་ས་མུའུ100ཡས་མས་ཡོད།

རིགས་དབྱེ།  

མཚེའུ།

ཀྲུང་གོའི་མངའ་ཁོངས་ཡངས་ཤིང་རྒྱ་ཆེ་ལ་མཚེའུ་ཧ་ཅང་མང་པོ་ཡོད་ཅིང་། རང་བྱུང་མཚེའུ2000ལྷག་ཙམ་ཡོད། མཚེའུ་གནས་སའི་འབབ་རྒྱུད་ཀྱི་ཁྱད་ཆོས་ལ་གཞིགས་ན་མཚེའུ་དེ་དག་ནང་རྒྱུག་མཚེའུ་དང་། ཕྱིར་རྒྱུག་མཚེའུ་གཉིས་སུ་དབྱེ་བ་ཡིན།

རིགས་དབྱེ།  

ཀྲུང་གོའི་ཆུ་བོ།

ཀྲུང་གོ་ནི་འཛམ་གླིང་སྟེང་གི་ཆུ་བོ་གྲགས་ཆེན་མང་པོའི་འབྱུང་ཁུངས་ཡིན་པས་མི་རྣམས་ཀྱིས“ཀྲུང་ཧྭ་ཆུ་མཛོད”ཅེས་འབོད་བཞིན་ཡོད་ལ་དེ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན། ཀྲུང་གོ་ན་འབབ་པའི་ཆུ་བོ་ལ་ཕྱི་འབབ་ཆུ་བོ་དང་ནང་འབབ་ཆུ་བོ་ཞེས་གཉིས་སུ་དབྱེ་ཡོད། དེ་དག་ནི་རྨ་ཆུ་དང་འབྲི་ཆུ་རྫ་ཆུ། གླང་ཆེན་ཁ་འབབ་དང་སེང་གེ་ཁ་འབབ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ་སོགས་ཡིན། དེ་དག་མདོ་དབུས་མཐོ་སྒང་ནས་རིམ་བཞིན་རང་རྒྱལ་གྱི་ཞིང་ཆེན་ཁག་བརྒྱུད་དེ་ཕྱིའི་རྒྱ་མཚོར་འབབ་བཞིན་ཡོད། རིང་ཚད་ལ་སྤྱི་ལེ་སྟོང་ཕྲག་དུ་མ་ཡོད་པའི་ཆུ་བོ་དེ་དག་ཉིན་མཚན་དབྱེར་མེད་དུ་ལྷུང་ལྷུང་འབབ་བཞིན་པས་རྒྱལ་ཁབ་ཕྱི་ནང་གི་སྲོག་ལྡན་མང་པོ་ལ་ཚེ་སྲོག་གི་སྟོབས་ཤུགས་མི་དམན་པ་རེ་སྐྲུན་བཞིན་ཡོད།

རིགས་དབྱེ།  

བྲག་དཀར་གཡུ་མཚོ།

བྲག་དཀར་གཡུ་མཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་མངའ་ཁོངས་ཀྱི་མཚེའུ་ཞིག་སྟེ། མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ40ཡི་མཚམས་ཏེ། བྲག་དཀར་སྒང་གི་གཡས་ལོགས་སུ་ཆགས་ཡོད། རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ0.26ཡོད།

རིགས་དབྱེ།  

འགོ་བ་གཡུ་མཚོ།

འགོ་བ་གཡུ་མཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་མངའ་ཁོངས་ཀྱི་མཚེའུ་ཞིག་སྟེ། མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ140ཡས་མས་ཀྱི་མཚམས་ན་གནས་པའི་འགོ་བ་སྒང་གི་ཀླད་ན་ཡོད། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4117ཡོད། ཚྭ་མེད་མཚེའུར་གཏོགས། རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ0.1 ཡོད།

རིགས་དབྱེ།  

གླང་ཆེན་ཞལ་ཁྲུས།

གླང་ཆེན་ཞལ་ཁྲུས་ནི་སུམ་མདོ་ཡུལ་ཚོ་ནས་བྱང་ཕྱོགས་ཀྱི་ཕལ་ཆེར་སྤྱི་ལེ17གྱི་སར་མང་རའི་གླང་ཆེན་བྱེ་མའི་ནང་དུ་ཡོད་ཅིང་སྔོན་ཆད་མཚོ་ཆུང་ཆེ་བར་མངོན་ནའང་བྱེ་མས་རིམ་བཞིན་བསྣུབས་ནས་ད་ལྟ་ཁྱིམ་གཞིས་ཤིག་གི་ཆེ་ཆུང་མ་གཏོགས་མེད།

རིགས་དབྱེ།  

མཚོ་རུག་གི་མཚོ།

མཚོ་རུག་གི་མཚོ་མང་རའི་ལུང་མདོ་གཡས་ཕྱོགས་ཀྱི་མཚོ་རུག་ཅེས་པའི་ས་དེར་ཡོད།

རིགས་དབྱེ།  

ཀོ་སྦྲའི་མཚོ་དམར།

ཀོ་སྦྲའི་མཚོ་དམར་དུ་གྲགས་པའི་མཚོ་ཆུང་འདི་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ35ཡི་མཚམས་ཏེ། ཨ་མྱེས་བྲག་དཀར་གྱི་འདབས་རོལ་ན་གཡུ་ཡི་མེ་ལོང་ཞིག་དང་འདྲ་བར་སྔོ་ལྟེམ་མེར་འཁྱིལ་ཡོད་ཅིང་། དེ་ནས་ཁྲི་ཀའི་རྫོང་མཁར་བར་དུ་སྤྱི་ལེ60ཡོད།

རིགས་དབྱེ།  

ཀླུ་མོ་དཀར་མོ་མཚོ།

མཚེའུ་འདི་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ན་ཡོད།

རིགས་དབྱེ།  

མཚོ་ཆུང་ཕྱུག་མོ།

མཚོ་ཆུང་ཕྱུག་མོ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ཀྱི་མཚེའུ་ཞིག་སྟེ། རིག་སྨོན་གྲོང་རྡལ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ20ཡི་མཚམས་ཀྱི་མཚོ་ཕྱུག་ཐང་གི་དཀྱིལ་དབུས་སུ་ཡོད་ཅིང་། མཚོ་འདི་ནི་ཆར་ཆུ་ཧ་ཅང་མོད་པའི་ལོ་ལ་རྒྱས་ཐུབ་པ་ཞིག་ཡིན་པར་བཤད།

རིགས་དབྱེ།  

ཕྱག་མཛོད་མཚོ།

ཕྱག་མཛོད་རི་བོའི་རྒྱབ་ཕྱོགས་ཀྱི་མཚོ་ཞིག་ཡིན་པས་མིང་ཡང་དེ་ལྟར་དུ་ཐོགས།

རིགས་དབྱེ།  

མཚོ་ཨ་རུ།

ཨ་རུ་ནི་འབྲོང་རྭ་བཅད་ནས་འོ་མ་བཞོ་སྤྱད་ཀྱི་ཡོ་བྱད་ཅིག་གི་དོན། མཚོ་འདིའི་དབྱིབས་ཨ་རུ་དང་འདྲ་བས་མིང་ཡང་དེ་ལྟར་ཐོགས།

རིགས་དབྱེ།  

མཚོ་ཆེན་བཎ་ཏེ་མཚོ།

མཚོ་མོ་དེའི་བྱང་ཤར་མཚམས་སུ་རི་བོ་ཞིག་ཡོད་པའི་ཆགས་སྟངས་ནི་བན་ཏེ་ཞིག་གིས་རྔ་འཁུར་ནས་ཡོད་པ་དང་ཀུན་ནས་མཚུངས་པས་རི་མིང་མཚོ་མིང་དུ་ཐོགས་པ་ཡིན་པར་བཤད།

རིགས་དབྱེ།  

ན་རྒན་ཚྭ་མཚོ།

ས་མིང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ28ཡས་མས་སུ་ཡོད།

རིགས་དབྱེ།  

མཚོ་ཁ་རྡིབ།

ས་མིང་ཞིག་ཡིན་ཏེ། མེ་རི་ཡུལ་ཚོ་ནས་བར་ཐག་ལ་སྤྱི་ལེ25ཡས་མས་ཡོད།

རིགས་དབྱེ།  

མཚོ་ཁ་དམར།

ས་མིང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་གི་ནུབ་ཕྱོགས་སུ་ཡོད།

རིགས་དབྱེ།  

ཏེ་ཞི་མཚེའུ།

ཏེ་ཞི་མཚེའུ་ནི་སི་ཁྲོན་ཞིང་ཆེན་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཡིན་ལ། དེ་ནི་ཀྲུང་གོར་ཆའང་རིགས་འདུས་སྡོད་བྱས་པའི་ས་ཆ་ཆེས་ཆེ་བ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་མངའ་ཁོངས་སུ་གནས་ཡོད། རྨིན་ཅང་གཙང་བོའི་སྟོད་རྒྱུད་རྨིན་ཧྲན་རི་མདོར་ཡོད། འཛམ་གླིང་རང་བྱུང་ཤུལ་བཞག་གཟི་རྩ་སྡེ་དགུ་དང་། གསེར་མཚོ་བཅས་ལ་ཡུལ་སྐོར་འགྲོ་བའི་ལམ་བར་གྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྲུབ།

རིགས་དབྱེ།  

མཚོ་འུར་ལི།

ས་མིང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་ལུང་དམར་ཡུལ་ཚོའི་སྲིད་གཞུང་དང་བར་ཐག་སྤྱི་ལེ36ཡས་མས་ཡོད།

རིགས་དབྱེ།  

མཚོ་ནག

ཚྭ་མཚོ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཁོངས་སུ་གཏོགས།

རིགས་དབྱེ།  

མཚོ་ལོང་ག

མཚོ་མོ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཁོངས་སུ་གཏོགས།

རིགས་དབྱེ།  

མཚོ་ཁ་དམར།

མཚོ་མོ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད།

རིགས་དབྱེ།  

མཚོ་ངུར་ལུ་འམ་འུར་ལུ།

མཚོ་མོ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ལུང་དམར་ཡུལ་ཚོའི་ཁོངས་སུ་ཡོད།

རིགས་དབྱེ།