ཏེ་ཞི་མཚེའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏེ་ཞི་མཚེའུ།
ཏེ་ཞི་མཚེའུ་ནི་སི་ཁྲོན་ཞིང་ཆེན་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཡིན་ལ། དེ་ནི་ཀྲུང་གོར་ཆའང་རིགས་འདུས་སྡོད་བྱས་པའི་ས་ཆ་ཆེས་ཆེ་བ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་མངའ་ཁོངས་སུ་གནས་ཡོད། རྨིན་ཅང་གཙང་བོའི་སྟོད་རྒྱུད་རྨིན་ཧྲན་རི་མདོར་ཡོད། འཛམ་གླིང་རང་བྱུང་ཤུལ་བཞག་གཟི་རྩ་སྡེ་དགུ་དང་། གསེར་མཚོ་བཅས་ལ་ཡུལ་སྐོར་འགྲོ་བའི་ལམ་བར་གྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྲུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
叠溪海子
རིམ་པ།
ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན།
གནས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི་མངའ་ཁོངས་སུ་ཡོད།
མཛེས་ལྗོངས་གཙོ་བོ།
ཏེ་ཞིའི་ས་འགུལ་རྗེས་ཤུལ་གྱི་མཛེས་ལྗོངས།
1 ​བསྡུས་བཤད། 

ཏེ་ཞི་མཚེའུ་ནི་སི་ཁྲོན་ཞིང་ཆེན་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཞིག་ཡིན་ལ། དེའི་མཚེའུ་ངོས་ལ་མཚོ་ངོས་ལས་སྨི2258ཡོད། སྔོན་དེ་ནི་ཏེ་ཞི་རྫོང་མཁར་ཡིན། 《མའོ་ཀྲོའུ་ས་གནས་ལོ་རྒྱུས》ནང་དུ་བཀོད་པ་ལྟར་ན། ཧན་ཡོན་ཏེན་ཁྲི་ལོ6པར་འདི་ནས་ཚན་ལི་ཞེས་པ་བཙུགས་ཤིང་། མི་སེར་རྒྱལ་ཁབ་སྐབས་སུ་མའོ་རྫོང་མངའ་ཁོངས་ཀྱི་ཏེ་ཞི་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1933ལོའི་ཟླ8པའི་ཚེས25ཉིན་ཆུ་ཚོད15སྐར་མ50དང་སྐར་ཆ30ཡི་སྟེང་གནས་དེར་འགུལ་རིམ7.5ཡི་ས་འགུལ་བྱུང་ཞིང་། ཏེ་ཞི་རྫོང་མཁར་ལྟེ་གནས་ཀྱི་ས་ཁུལ་ཁ་ཤས་ལ་ས་འགུལ་ཚབས་ཆེན་བྱུང་བའི་དུས་འཕྲལ་དུ་རྡིབ་པ་དང་། ཙེང་ཞི་མཁར་དང་དེའི་འགྲམ་གྱི་ཆའང་སྡེ21ལྷག་ཚང་མ་ཤུལ་མེད་དུ་གྱུར། ཕྱོགས་བཞིའི་རི་བོ་གས་རྡིབ་བྱུང་ནས་རྨིན་ཅང་བཀག་སྟེ་མཚོ11ཏུ་གྱུར། མི་ཁྲི་ལྷག་རྨས་སྐྱོན་དང་ཚེ་ལས་འདས་སོང་བ་དང་། འདི་ནི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ཀྲུང་གོའི་ཏེ་ཞིའི་ས་འགུལ་ཆེན་པོ་ཟེར་བ་དེ་ཡིན། ཏེ་ཞི་མཚེའུ་ནི་ས་འགུལ་འདིས་གྲུབ་པ་ཡིན་ལ། ཆེས་ཟབ་ས་ལ་སྨི98དང་། ཆ་སྙོམས་ཟབ་ཚད་ནི་སྨི82ཡིན། ཆུ་གསོག་ཚད་ནི་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར1.5དང་། མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ350ཡོད། 

2 ལོ་རྒྱུས། 

སྤྱི་ལོ1933ལོའི་སྔོན་དུ་མཚེའུ་ཡོད་སའི་ས་ཆ་འདིར་འདུ་འཛི་ཆེ་བའི་ཏེ་ཞི་མཁར་ཆགས་ཡོད་མོད། འོན་ཀྱང་ཏེ་ཞིའི་ས་འགུལ་ཆེན་པོས་གནའ་མཁར་དེ་ཤུལ་མེད་དུ་གྱུར། ཏེ་ཞི་མཁར་ནི་དུས་སྐབས་སོ་སོའི་མཐའ་མཚམས་སྲུང་བའི་ས་གནས་གལ་ཆེན་དང་། ཁྲོན་ནུབ་ཐང་ཆེན་ནས་ཟུང་ཆུའི་རྩྭ་ཐང་དང་མཚོ་སྔོན། ཀན་སུའུ་ལ་འགྲོ་བའི་འགྲིམ་ལམ་གནད་ཆེ་བ་ཞིག་ཡིན་པས། རྒྱུན་དུ་དམག་མང་བོས་སྲུང་ཡོད་པར་བཤད། 《མའོ་ཀྲོའུ་ས་གནས་ལོ་རྒྱུས》ལས་བཀོད་པ་ལྟར་ན། ཧན་ཡོན་ཏེན་ཁྲི་ལོ6པར་འདི་ནས་ཚན་ལི་རྫོང་ཞེས་པ་བཙུགས་ཤིང་། ཐང་རྒྱལ་རབས་སྐབས་སུ་དབྱི་ཀྲོའུ་ཟེར་བ་དང་། མིང་རྒྱལ་རབས་སྐབས་སུ་ཏེ་ཞི་སྟོང་དཔོན་ཁང་ཞེས་པ་བཙུགས། ཆིང་སྐབས་སུ་ཝེ་རུ་སྒྱུར། མི་སེར་རྒྱལ་ཁབ་སྐབས་སུ་མའོ་རྫོང་གི་ཁོངས་སུ་གཏོགས་པ་དང་། ཏེ་ཞི་མཁར་ནི་སྐབས་སོ་སོར་དམག་དོན་གྱི་གྲོང་རྡལ་གལ་ཆེན་ཡིན་པ་མ་ཟད། ཚོང་ཟོང་བསྡུ་འགྲེམ་གྱི་ལྟེ་གནས་ཡང་ཡིན། མཁར་ནང་དུ་ཚོང་ཁང་དང་མི་ཚོགས་མང་བས་ཧ་ཅང་འདུ་འཛི་ཆེ་བའི་གནའ་མཁར་ཞིག་ཡིན། 

3 ས་ཁམས་གནས་ཡུལ། 

ཏེ་ཞི་མཚེའུ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི་ཐའེ་ཕིང་ཡུལ་ཚོའི་རྨིན་ཅང་གཙང་བོ་སྟོད་ཀྱི་མཚེའུ་ནང་དུ་བཞུར་སར་གནས་ཡོད། ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ251དང་། གཟི་ཚ་སྡེ་དགུ་དང་སྤྱི་ལེ193ཡོད། མཛེས་ལྗོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ30དང་སྲུང་སྐྱོང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ160ཡོད། མཚོ་ངོས་ལས་སྨི3700ནས4200ཡོད་པའི་སྤང་སར་གནས་ཡོད། 

4 ཚན་རིག་ཞིབ་འཇུག་གི་རིན་ཐང་། 

འཛམ་གླིང་སྟེང་ཉར་ཚགས་ཆ་ཚང་ཤོས་ཀྱི་ས་ཡོམ་རྗེས་ཤུལ་གྱི་མཛེས་ལྗོངས་ཀྱི་གྲས་ཤིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་དུ་སའི་གོ་ལའི་ཚན་རིག་སྡེ་ཁག་ཏུ་མཚན་སྙན་གྲགས་ཧ་ཅང་མཐོན་པོ་ཡོད་པ་རེད། ཚན་རིག་གི་ལས་ཀ་ལས་མཁན་མང་བོ་འདིར་ཡོང་ནས་ལྟ་ཞིབ་དང་ཞིབ་འཇུག་ཐེངས་མང་བོ་བྱས་མྱོང་བ་དང་། ཏེ་ཞི་གནའ་མཁར་རྗེས་ཤུལ་ཁུལ་དུ་ལྷག་ལུས་བྱུང་བའི་ཤར་གྱི་མཁར་སྒོའི་ཕྱེད་ལ་རྒོད་གསེབ་ཏུ་ལྷག་འདུག་པ་དང་། ཡུལ་ལྷའི་ལྷ་ཁང་གི་རྡོ་རིང་ཀ་རྡོ་ཕྱོགས་བཞིར་འཐོར་ཡོད་པ་རེད། ལམ་འགྲམ་གྱི་ཞིང་སའི་ནང་དུ་ད་རུང་སྐབས་དེའི་མེ་རྫས་ཅུས་ཀྱི་མེ་རྫས་བགྲུས་བྱེད་ཡོད་པ་རེད། སོར་འཇོག་བྱས་པའི་མཁར་གྱང་དུམ་བུ་ཞིག་དང་སྟེང་ཏུ་གྲོང་རྡལ་གལ་ཆེན་ཚན་ལི་ཞེས་པའི་ཡི་གེ་བརྐོས་པའི་རྡོ་ཆེན་སོགས་ཡོད་པ་དང་། མཁས་པ་ཚོས་ཚོད་དཔག་བྱས་ན་ཏེ་ཞི་ཡུལ་དུ་ཡོད་པའི་ཚན་ལི་རི་བོ་དེ་ཕལ་ཆེར་ཚན་ལི་རྒྱལ་བོའི་དུར་ས་ཡིན་པ་རེད། 

5 མཛེས་ལྗོངས་གཙོ་བོ།

ཏེ་ཞི་མཚེའུ་ཡི་མཛེས་ལྗོངས་གཙོ་བོ་ནི་ཏེ་ཞིའི་ས་འགུལ་རྗེས་ཤུལ་དང་ཏེ་ཞི་གནའ་མཁར་རྗེས་ཤུལ་གཉིས་ཡིན་པ་དང་། ས་འགུལ་གྱི་རྗེས་ཤུལ་ཏེ་ཞི་མཚེའུ་སྟོད་སྨད་གཉིས་སུ་ཡོད། ཧྥན་ལི་ཧྭ་ཡིས་དམིགས་འཛུགས་མིང་འདོན་ས་དང་། ཧྥུ་ཀུའེ་ཧྲན། ཐོའུ་ཡིའུ་ཏུང་། ཡུས་ལེ་ཏུང་། རུས་སྦལ་རྫུ་འཕྲུལ་ཅན་ཕྱིར་རྐྱལ་བ་སོགས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་འདུས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།