ཡོངས་འཛིན་རིག་མཛོད། >ས་ཁམས། >ཆུ་བོ། >ཆུ་མིག

ཆུ་གཙང་།

ཆུ་གཙང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཆུ་མིག་ཅིག་སྟེ། ཚ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཐབ་ཆུ།

ཐབ་ཆུ་ཞེས་པ་ནི་ཆུ་མིག་ཅིག་སྟེ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

གསེར་ཆུ།

གསེར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཤར་ཕྱོགས་ན་ཡོད།

རིགས་དབྱེ།  

གླང་ཆུ།

གླང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་བཞུར་བའི་ཆུ་མིག་ཅིག་ཡིན།

རིགས་དབྱེ།  

དབོ་ཡེ་ཆུ།

དབོ་ཡེ་ཆུ། འདིའི་ཆུའི་འགོ་ཁུངས་ནི་མཚོ་སྔོན་པོ་ལྷོ་ངོས་རྫ་རྒྱུད་ཀྱི་འོལ་སེར་ཆུ་མིག་ལ་ཐུག་ཡོད་ཅིང་། འདི་ནི་རིམ་བཞིན་ཆོས་རྗེ་ཡུལ་ཚོ་དང་། ཐང་སྐར་མ་གྲོང་རྡལ་མངའ་འོག་གི་གླང་སྙིང་སྡེ་བ། འབྲོང་མགོ་སྡེ་བ། བྲག་དཀར་སྡེ་བ། ཆུ་རིང་སྡེ་བ། རྙང་ཐུམ་ཆུ་མཛོད། དེ་ནས་ཡུལ་ཚོ་འདིའི་མངའ་འོག་གི་ཁ་སྒང་གོང་ཞོལ་བཅས་བརྒྱུད་ནས་མཐར་མཚོ་ཏ་ལེན་ལ་འབབ་ཀྱིན་ཡོད། ཆུ་རྒྱུན་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ133དང་། གྱམ་ཞེང་ལ་སྨི8ཡས་མས། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6512བཅས་ཡོད།

རིགས་དབྱེ།  

ན་དམེར་ཆུ།

ན་དམེར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ15ཡི་མཚམས་ན་ཡོད་ཅིང་། རིང་ཚད་ལ་སྤྱི་ལེ6ཙམ་ཡོད།

རིགས་དབྱེ།  

ཚ་ཧན་སུའུ་ཆུ།

ཚ་ཧན་སུའུ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ53གྱི་མཚམས་ཏེ། རི་བོ་ངང་ལའི་བྱང་ངོས་སུ་འབབ་ཀྱིན་ཡོད་ཅིང་། འདིའི་རིང་ཚད་ལ་སྤྱི་ལེ14ཡོད།

རིགས་དབྱེ།  

ཤ་ལ་ཆུ།

ཤ་ལ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཤར་གྱི་ཕྱོགས་ན་ཡོད། ཆུ་འདིའི་འབྱུང་ཁུངས་ནི་མཚོ་སྔོན་པོའི་ལྷོ་ངོས་བློན་པོ་གསེར་ཆེན་རྫ་རྒྱུད་ཀྱི་ལྷོ་འདབས་སུ་ཐུག་ཡོད་ཅིང་། རིང་ཚད་ལ་ཧ་ལམ་སྤྱི་ལེ20ལྷག་ཡོད།

རིགས་དབྱེ།  

ཀབ་རོན་ཆུ།

ཀབ་རོན་ཆུ་མགོ་ཞེས་པ་ནི་བྲག་དཀར་རྫ་ལ་ཐུག་ཡོད་ཅིང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀབ་རོན་གཞུང་ནས་ཆུ་ནུབ་གྲོང་རྡལ་གྱི་མངའ་ཁོངས་བརྒྱུད་དེ། མཐར་གེ་རྒྱལ་སྡེ་བའི་ཤར་ཕྱོགས་སུ་རྨ་ཆུར་འབབ་ཀྱིན་ཡོད། སྤྱིའི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ72ཡོད། ལོ་ཧྲིལ་བོར་འབབ་པའི་ཆུ་རྒྱུན་ཞིག་ཡིན་ལ། ཆུ་ནུབ་དང་རྨ་སྲིབ་གྲོང་རྡལ་གཉིས་ཀའི་སྡེ་བ་ཁག་ཅིག་གི་ཞིང་ཆུ་གཙོ་བོའང་ཡིན།

རིགས་དབྱེ།  

གསེར་ཆུ།

གསེར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་མངའ་ཁོངས་ཀྱི་ཆུ་མིག་ཅིག་སྟེ། ཆུ་ནུབ་གྲོང་རྡལ་ཁོངས་རོལ་གྱི་རྡོ་རགས་ལུང་བའི་ནུབ་ཕྱོགས་ཏེ། འབའ་རྩེ་སྒང་དང་བར་ཐག་ལ་སྤྱི་ལེ0.5ཙམ་ཡོད་པའི་མཚམས་ཀྱི་ལུང་ཕྲན་ཞིག་ཏུ་ཡོད།

རིགས་དབྱེ།  

བདེ་སྐྱིད་ཆུ་ཁོལ།

བདེ་སྐྱིད་ཆུ་ཁོལ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀའི་རྫོང་མཁར་གྱི་ནུབ་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ཏེ། མང་རྫོང་གི་ས་མཚམས་དང་འབྲེལ་བའི་ཨ་མྱེས་འབའ་ཙེའི་འདབས་རོལ་གྱི་བདེ་སྐྱིད་ལུང་བ་རུ་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས། གནས་འདིའི་ས་བབས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི2400ཡིན། འདིར་རང་བྱུང་ཆུ་ཚན24ཡོད་ཅིང་། དེ་ལས་ཆུ་ཚན་གསུམ་ནི་བྲག་སྲུབས་ནས་ཐོན་གྱི་ཡོད་པ་དང་། ཆུ་ཚན་དེ་དག་ལས་ཚ་ཚད་ཆེས་མཐོ་བ་ནི97℃ལ་བསླེབས་འདུག

རིགས་དབྱེ།  

ཧོར་རྒྱལ་ཆུ།

ཧོར་རྒྱལ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ6ལྷག་གི་མཚམས་ན་བཞུར་བཞིན་ཡོད་ཅིང་། ཐོང་ལྕགས་སུམ་སྣ་ནས་ཐོན་རྗེས། རྡོ་རིས་ཚང་སྡེ་བ་བརྒྱུད་དེ་མཐར་ཧོར་རྒྱལ་གྲམ་པའི་མདོ་ནས་རྨ་ཆུར་འདྲེས་ཡོད། བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ63ཡོད།

རིགས་དབྱེ།  

གོ་ར་གྲམ་པའི་ཆུ།

གོ་ར་གྲམ་པའི་ཆུ་བོ་འདིའི་མགོ་ཁུངས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་བྲག་དཀར་རྫ་རིའི་ཤར་མཐའ་ལ་ཐུག་ཡོད་པ་དང་། འདི་རིམ་བཞིན་འཕྲང་དམར་གྲོང་རྡལ་དང་ཆུ་ཤར་ཡུལ་ཚོ་བརྒྱུད་ནས་མཐར་རྨ་ཆུ་རུ་འདྲེས་ཡོད། ཆུ་ཤར་ཡུལ་ཚོའི་མངའ་ཁོངས་སུ་བཞུར་བཞིན་པའི་ཆུ་རྒྱུན་གྱི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ12ཡོད། གྲམ་པའི་གཞོགས་གཉིས་སུ་ཆུ་ལོག་འགོག་བྱེད་ཀྱི་ནགས་བསྐྲུན་ཡོད་ཅིང་། འཕྲང་དམར་གྲོང་རྡལ་དང་ཆུ་ཤར་ཡུལ་ཚོ་གཉི་གའི་ཞིང་ཆུ་ནི་ཕལ་ཆེར་འདི་ལ་བརྟེན་ཡོད།

རིགས་དབྱེ།  

ས་པཎ་ཆུ།

ས་པཎ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་མིག་ཅིག་སྟེ། འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ1ཙམ་གྱིས་ཆོད་པའི་འབའ་གོང་མ་སྡེ་བའི་སྟོད་ཕྱོགས་ན་ཡོད།

རིགས་དབྱེ།  

གླང་མའི་ཆུ།

གླང་མའི་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དང་གསེར་ཆེན་རྫོང་གཉིས་ཀའི་ས་མཚམས་ན་བཞུར་བཞིན་ཡོད་ཅིང་། འདིའི་མགོ་ཁུངས་ནི་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་དུ་ཧ་ལམ་སྤྱི་ལེ32ཀྱིས་ཆོད་པའི་ཨ་མ་ཟོ་དགུའི་རྫ་གསེང་ལ་ཐུག་ཡོད། འདི་ནི་ཆུ་ནག་སྦལ་ཁ་དང་ཆུ་ནག་གྲམ་པ་བརྒྱུད་དེ་མཐར་རྨ་ཆུ་རུ་འབབ་ཀྱིན་ཡོད། ཆུ་འདིའི་བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ10ཙམ་ཡོད།

རིགས་དབྱེ།  

མཚོ་ལུང་ཆུ།

མཚོ་ལུང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ40ཡི་མཚམས་ན་ཡོད་ཅིང་། ཆུ་མགོ་ནི་མཚོ་ལུང་མཚོ་བདུན་ལ་ཐུག་ཡོད་པ་དང་། དེ་ནས་ཐོན་རྗེས་རིམ་བཞིན་བ་དྲུས་མ་འགག་དང་། ཕོ་རོག་ཆེ་ཆུང་། འུག་ལུང་། ཉི་མ་ལུང་། ལ་རྒན་ལུང་བ་བཅས་བརྒྱུད་ནས་མཐར་གཡུ་ཚའི་ཆུ་ཆེན་ལ་འདྲེས་ཡོད།

རིགས་དབྱེ།  

ཇིད་པར་གཞོངས་ཆུ།

ཇིད་པར་གཞོངས་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ19ཡི་སར་བཞུར་གྱིན་ཡོད། འགོ་ཁུངས་ནི་ཇིད་པར་ལུང་བ་ཡིན་ཞིང་ཆུ་རྒྱུན་གྱི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ34ཡོད་ལ།

རིགས་དབྱེ།  

ནགས་ཆེན་ཆུ།

ནགས་ཆེན་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྨི500ཙམ་གྱི་མཚམས་ན་ཡོད། ཆུ་འདིའི་འབྱུང་ཁུངས་ནི་ནགས་ཆེན་ལུང་བའི་ཕུ་འགོ་ལ་ཐུག་ཡོད་ཅིང་། ལུང་བ་འདི་བརྒྱུད་དེ་ཆུ་སྔོན་དུ་འདྲེས། རིང་ཚད་ལ་སྤྱི་ལེ15ཙམ་ཡོད།

རིགས་དབྱེ།  

རྐ་ཆུ།

རྐ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་སྟེ། ལུང་བཟང་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ100ཙམ་གྱི་མཚམས་ན་ཡོད། རིང་ཚད་ལ་སྤྱི་ལེ112ཡོད།

རིགས་དབྱེ།  

ཆུ་མགོ་ཁྱ་ལྡང་།

ཆུ་མགོ་ཁྱ་ལྡང་ནི་ཀླུ་ཚང་དགོན་པའི་མདུན་ཐད་ཀྱི་མཐའ་བ་སྡེ་བའི་གཤམ་དུ་ཡོད།

རིགས་དབྱེ།  

ཆུ་མགོ་ནག་ལྡང་།

ཆུ་མགོ་འདི་ནི་ཨ་མདོ་བྱ་མདོའི་འབྲོག་སྡེ་བོན་སྐོར་སྡེ་བ་ཆགས་ཡོད་སའི་བེ་ལེན་ལུང་མདོར་དང་བརྒྱུད་མར་འདྲེས་ནས་ཡོད་པའི་མོད་ཝེར་ལུང་བར་ཡོད་ཅིང་མིང་ལ་ཆུ་མགོ་ནག་ལྡང་ཟེར།

རིགས་དབྱེ།  

ཆུ་མིག་ཀླུ་ཉལ།

ཆུ་མིག་ཀླུ་ཉལ་ནི་སུམ་མདོ་ནས་བྱང་ཕྱོགས་ཀྱི་སྤྱི་ལེ20ཙམ་གྱི་སའི་མང་རའི་གླང་ཆེན་བྱེ་མའི་འགྲམ་གྱི་ཀླུ་ཉལ་གཞོང་དུ་ཡོད།

རིགས་དབྱེ།  

ཆུ་མིག་བྱང་ཆུབ།

ཆུ་མིག་འདི་ནི་སུམ་མདོ་ནས་བྱང་ཕྱོགས་ཀྱི་སྤྱི་ལེ་ཉི་ཤུ་ཙམ་གྱི་སར་ཁ་རྒྱ་དགོན་པའི་མདུན་ཐད་དུ་ཡོད་ཅིང་། ཆུ་མིག་བརྒྱ་རྩ་བརྒྱད་ཡོད་ཅིང་ཆུ་མིག་དེ་ལྷོ་ནས་བྱང་དུ་བཞུར་བས་ན་དེ་ནས་སླར་ཡང་ལྷོར་བཞུར་བའི་ཆུ་མིག་ཅིག་ཡིན་པས་ན་བྱང་ཆུ་ཟེར་ཞིང་།

རིགས་དབྱེ།  

དཀར་མོ་གཡས་འཁྱིལ།

དཀར་མོ་གཡས་འཁྱིལ་ནི་ཀླུ་ཚང་དགོན་པའི་མདུན་ཐད་ཀྱི་ཁ་བྱང་ལྟའི་ཆུ་མིག་ཅིག་སྟེ། དེ་རུ་ཆུ་མགོ་མང་བོ་བརྡོལ་བཞིན་ཡོད།

རིགས་དབྱེ།  

ཁྲ་ལྡང་ཆུ།

ཁྲ་ལྡང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་བརྒྱུད་ནས་ཆོས་རྗེ་ཆུ་རུ་འབབ་ཀྱིན་ཡོད།

རིགས་དབྱེ།  

ཁིས་རྒྱབ་ཆུ་མིག

ཆུ་མིག་འདི་ནི་རྨ་སྲིབ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ3.5ཙམ་གྱི་མཚམས་ཏེ། ཏང་ཅ་སྡེ་བའི་ཁོངས་གཏོགས་ཀྱི་ཁིས་རྒྱབ་ཅེས་པའི་སྡེ་བ་ཆུང་ཆུང་ཞིག་གི་ནང་དུ་ཡོད་ཅིང་། ཆུ་མིག་འདི་ནམ་རྒྱུན་སྔོ་ལྟེམས་མེར་འཁྱིལ་འདུག

རིགས་དབྱེ།  

ཇོ་བོའི་ཞབས་ཆུ།

ཇོ་བོའི་ཞབས་ཆུ་ནི་ཁྲི་ཀའི་ཇོ་ཇོའི་ལྷ་ཁང་གི་དྲང་ཐད་ཀྱི་རྨ་ཆུའི་འགྲམ་ངོགས་སུ་ཡོད།

རིགས་དབྱེ།  

ཐ་ཐད་ཆུ།

ཐ་ཐད་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་རྒྱུད་དུ་འབབ་ཀྱིན་ཡོད། འདིའི་རིང་ཚད་ལ་སྤྱི་ལེ50ཡས་མས་ཡོད།

རིགས་དབྱེ།  

ཐ་བུན་ཆུ།

ཐ་བུན་ཆུ་ཞེས་པ་ནི་སོག་བོད་སྐད་གཉིས་སྦྲགས་མའི་ཆུ་མིང་ཞིག་ཡིན། ཆུ་འདི་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རྟ་ནག་མ་ཡུལ་ཚོ་བུམ་པ་སྡེ་བའི་ཤར་ལྷོའི་ཕྱོགས་ན་ཡོད། ཐ་བུན་ལུང་བ་ཆེ་ཆུང་གཉི་གའི་ཆུ་རྒྱུན་ནི། ལུང་བ་འདི་གཉི་གའི་ལུང་མདོ་རུ་འདྲེས་ཏེ། མཚོ་སྔོན་པོར་འབབ་ཀྱིན་ཡོད། རིང་ཚད་ལ་ཧ་ལམ་སྤྱི་ལེ13ཡོད།

རིགས་དབྱེ།  

དཔའ་ཐུལ་ཆུ།

དཔའ་ཐུལ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་སྟེ། ཅང་སི་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་ན་ཡོད་ཅིང་། རིང་ཚད་ལ་ཧ་ལམ་སྤྱི་ལེ15ཡོད།

རིགས་དབྱེ།