ཡོངས་འཛིན་རིག་མཛོད། >ས་ཁམས། >ཆུ་བོ། >ཆུ་ཚན།

རབ་རྒན་ཆུ་ཁོལ།

རབ་རྒན་ཆུ་ཁོལ་ནི་རབ་རྒན་སྡེ་བའི་གཤམ་གྱི་ཆུ་ཁོལ་ཁ་ཞེས་པའི་རྨ་ཆུ་ཁར་ཡོད་ཅིང་། དེ་ན་ཆུ་ཁོལ108ཡོད་པར་བཤད།

རིགས་དབྱེ།  

ཀླུ་ཡི་ཆུ་ཁོལ་བཀྲ་ཤིས་རྣམ་རྒྱལ།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་ཁོངས་སུ་ཡོད་པའི་ཀླུ་ཡི་ཆུ་ཁོལ་བཀྲ་ཤིས་རྣམ་རྒྱལ་ནི་ཝ་མགྱོགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ20ཡི་མཚམས་སུ་མདའ་བཞི་སྡེ་བའི་དགུན་དཔྱིད་རྩྭ་རའི་གནས་སུ་ཡོད་པ་དང་། མཚོ་འཕགས་ལ་སྨི3600ཡོད། རྒྱུན་ལྡན་གྱི་མིང་ལ་བྲག་དམར་ཆུ་ཁོལ་ལམ་ཆུ་ཁོལ་ཁ་ཞེས་འབོད་བཞིན་ཡོད།

རིགས་དབྱེ།  

ཆུ་ཁོལ་གོང་མ།

ཆུ་ཚན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་བྱང་དུ་སྤྱི་ལེ80ཡིས་ཆོད་པའི་ཚ་ལ་ཐང་གི་ཤར་ལྷོའི་མཐའ་འགྲམ་དུ་གནས།

རིགས་དབྱེ།  

ཆུ་ཁོལ་ཞོལ་མ།

ཆུ་ཚན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་བྱང་དུ་སྤྱི་ལེ80ཡིས་ཆོད་པའི་ཚ་ལ་ཐང་གི་ཤར་ལྷོའི་མཐའ་འགྲམ་དུ་ཡོད།

རིགས་དབྱེ།  

ཆུ་མགོ་སྐྱོགས་མགོ།

ཆུ་ཚན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་ཕྱོགས་ཀྱི་མཚོ་སྔོན་པོ་ཡུལ་ཚོའི་འགྲམ་ནག་ཏུ་གནས།

རིགས་དབྱེ།  

ཧ་ལ་བཱའོ་ལེ་ཆུ་མགོ།

ཆུ་ཚན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་བྱང་དང་། སྔོན་གྱི་ཐོ་ལེ་ཡུལ་ཚོའི་ཤར་བྱང་གི་དབྱར་སྟོན་གྱི་རྩྭ་ས་རུ་ཡོད།

རིགས་དབྱེ།  

ཧ་ལ་བཱའོ་ལེ་ཆུ་མགོ་གོང་མ།

ཆུ་ཚན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་བྱང་དང་། སྔོན་གྱི་ཐོ་ལེ་ཡུལ་ཚོའི་བྱང་ཕྱོགས་སུ་གནས།

རིགས་དབྱེ།  

ལན་ཉིས་ཆུ་མགོ།

ཆུ་ཚན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ཤར་ཕྱོགས་ཀྱི་སྤྱི་ལེ3གྱི་མཚམས་དང་། བྲག་དམར་སྣ་ཁའི་བྱང་ཕྱོགས་ཀྱི་སྤྱི་ལེ1གི་སར་འདམ་རྫབ་ཀྱི་ནང་དུ་ཡོད།

རིགས་དབྱེ།  

ཡུན་དར་ཆུ་མགོ།

ཆུ་ཚན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་ཁུལ་དང་། མཚོ་སྔོན་པོ་ཡུལ་ཚོའི་མངའ་ཁོངས་ཀྱི་ཨ་རུ་ཆུས་ཐུག་རི་ཡི་ལུང་བར་གནས་ཡོད།

རིགས་དབྱེ།  

ཁི་ཐོའུ་ཆུ།

ཆུ་བོ་ཞིག་ཡིན་ཏེ། མདའ་བཞི་རྫོང་ཁོངས་ཀྱི་རྫ་རྒན་ཕུག་ནས་འབབ་པ་ཡིན།

རིགས་དབྱེ།  

སྲེ་འདས་ཆུང་བའི་ཆུ།

ཆུ་བོ་ཞིག་ཡིན་ཏེ། མདའ་བཞི་རྫོང་ཁོངས་ཀྱི་སྲེ་འདས་ཆུང་བ་ནས་འབབ་པ་ཡིན།

རིགས་དབྱེ།  

ཝ་མགྱོགས་ཆུ་བོ།

ཆུ་བོ་ཞིག་ཡིན་ཏེ། ཁུན་དིའི་ཆུ་ལག་ཨ་མྱེས་བོ་རོ་ནས་འབྱུང་བ་ཡིན།

རིགས་དབྱེ།  

ཐུར་རྒན་མ་སོའུ་ཆུ་བོ།

ཆུ་བོ་ཞིག་ཡིན་ཏེ། མདའ་བཞི་རྫོང་ཁོངས་ཀྱི་ཐུར་རྒན་མ་སོའུ་ཆུ་བོའི་འབྱུང་ཁུངས་ནི་གཡག་ར་བཙུན་མོ་ཡིན།

རིགས་དབྱེ།  

དགེ་ཨ་ཆུ་ཚན།

ཆུ་བོ་དེ་ནི་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་གི་ཁོངས་སུ་ཡོད་པའི་ཆུ་བོ་ཞིག་ཡིན་པ་སྟེ། དགེ་ཨ་ཞེས་པའི་དགེ་ནི་སློབ་དཔོན་རིན་པོ་ཆེར་གོ་བ་དང་། ཨ་ནི་སེམས་ཀྱི་ཚོར་བ་དྲག་པོ་ཞིག་ཕྱིར་མངོན་ཐུབ་བྱེད་ཀྱི་ཚིག་གྲོགས་ཤིག་ཡིན།

རིགས་དབྱེ།  

ལྕང་ཕོ་ལྕང་མོའི་ཆུ་ཚན།

ཆུ་ཚན་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན་པ་སྟེ། ལྕང་ཕོ་ལྕང་མོའི་ཆུ་ཚན་ནི་རྫ་ཡུལ་རྫོང་གི་ཚ་བ་རོང་ཤང་གི་སྔོ་འདོམས་གྲོང་ཚོར་ཡོད་ཅིང་། ཤང་སྲིད་གཞུང་གི་བྱང་ངོས་སྤྱི་ལེ57ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

ཤྭ་སྒང་ཆུ་ཚན།

ཆུ་ཚན་དེ་ནི་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན་པ་སྟེ། ཤྭ་སྒང་ཆུ་ཚན་ནི་རྫ་ཡུལ་རྫོང་གྲོང་གི་ལྷོ་ངོས་ཉེ་འགྲམ་དུ་ཡོད་པས། གཅིག་སྒང་ཆུ་ཚན་ཡང་ཟེར།

རིགས་དབྱེ།  

ལྕམ་སྲིང་ཆུ་ཚན།

ལྕམ་སྲིང་ཆུ་ཚན་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན་པ་དང་། དེ་ལ་གཅེན་གཅུང་ཆུ་ཚན་ཡང་ཟེར། དེ་ནི་སྤོ་བོ་རྫོང་སུམ་འཛོམས་གྲོང་རྡལ་སྣ་འོག་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ཤར་སྤྱི་ལེ24ལྷག་ཙམ་གྱི་སར་ཡོད།

རིགས་དབྱེ།  

འཕྲུལ་ལུང་ཆུ་ཚན།

འཕྲུལ་ལུང་ཆུ་ཚན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་བྲག་ཡིབ་ཆུས་ཀྱི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན་པ་དང་། ཆུ་ཚན་དེ་ནི་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ཤར་ལྷོའི་ངོས་མཚམས་སྤྱི་ལེ120ལྷག་ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

ཡུལ་སྨད་ཆུ་ཚན།

ཡུལ་སྨད་ཆུ་ཚན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་བྲག་ཡིབ་ཆུས་ཀྱི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན་པ་དང་། ཆུ་ཚན་དེ་ནི་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ཤར་ལྷོའི་ངོས་མཚམས་སྤྱི་ལེ160ལྷག་ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

ལ་ཡོལ་ཆུ་ཚན།

ལ་ཡོལ་ཆུ་ཚན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་བྲག་ཡིབ་ཆུས་ཀྱི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན་པ་དང་། ལ་ཡོལ་ཆུ་ཚན་དེ་ནི་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གི་ཤར་ལྷོའི་ངོས་མཚམས་སྤྱི་ལེ100ལྷག་ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

སུམ་མདོ་ཆུ་ཚན།

སུམ་མདོ་ཆུ་ཚན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་གི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན་པ་དང་། ཆུ་ཚན་དེ་ནི་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་རྒྱ་ཤིང་ཤང་སུམ་མདོ་སྲིད་འཛིན་གྲོང་ཚོའི་ལྷོ་ཕྱོགས་སུ་ཡོད་པ་དང་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་ནས་བར་ཐག་སྤྱི་ལེ85ལྷག་ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

སྐུ་དཀར་ཆུ་ཚན།

སྐུ་དཀར་ཆུ་ཚན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན་པ་དང་། ཆུ་ཚན་དེ་ནི་སྨན་གླིང་རྫོང་ཕད་གྲོང་རྡལ་མི་དམངས་སྲིད་གཞུང་གི་སྐུ་དཀར་གྲོང་ཚོའི་བྱང་ཕྱོགས་སུ་ཡོད་པ་དང་། སྨན་རི་རྫོང་མི་དམངས་སྲིད་གཞུང་ནས་བར་ཐག་སྤྱི་ལེ99ལྷག་ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

རྩི་ཆུ།

​རྫ་ཆུའི་ཡན་ལག་ཡིན་པའི་རྩི་ཆུ་དེ་ཡུལ་ཤུལ་གྲོང་ཁྱེར་གྱི་ས་ཁོངས་ནས་འབབ་པའི་རིང་ཚད་ལ་སྤྱི་ལེ168.7ཡོད་ཅིང་། ཆུ་ངོས་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ830.04དང་། ཆུའི་གཟར་ཚད་ལ0.45%ཡིན། ལོ་རེའི་ཆ་སྙོམས་ཀྱི་འབབ་ཚད་ལ་སྐར་ཆ་རེར་རྒྱ་དཔངས་གྲུ་བཞི་མ62.3ཡོད།

རིགས་དབྱེ།  

གཡག་ཆུ།

​གཡག་ཁོག་གི་ཆུ་སྟེ། ཆུ་དེ་ཐོག་མར་ནུབ་ནས་བྱང་ཤར་དུ་འབབ་ཅིང་། དེ་ནས་ནུབ་བྱང་ནས་ཤར་ལྷོར་འབབ་པ། ཡང་ཤར་ལྷོ་ནས་བྱང་ཕྱོགས་སུ་ཁ་དཀྱོགས་ནས་བྱང་དུ་འབབ་བཞིན་ཡོད་ཅིང་། ཆུ་མགོ་ནི་གཡག་ཕུ་ལ་མདོ་ཆུ་མགོ་ཡིན་ལ། ད་དུང་ཆུ་ལག་མང་པོ་དང་བཅས་ཆུ་རྔ་གཡག་ཆུ་ཆུ་མདའ་ནས་འབྲི་ཆུ་ནང་དུ་བརྒྱབ་ཡོད་པ་དང་། ཆུ་དེའི་རིང་ཚད་ལ་ཧ་ལམ་སྤྱི་ལེ20ལྷག་ཙམ་ཡོད།

རིགས་དབྱེ།  

གཉན་པོ་གཡུ་རྩེའི་ཆུ་ཁོལ།

གཉན་པོ་གཡུ་རྩེའི་ཆུ་ཁོལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་སྒ་རུ་མ་སྡེ་བ་དང་། དྷི་མདའ་ཡུལ་ཚོའི་བན་ཆེན་སྡེ་བའི་ས་མཚམས་ཀྱི་ཁེ་ཞེས་པའི་ལུང་པར་ཡོད་པའི་རང་བྱུང་གི་ཆུ་ཁོལ་ཞིག་སྟེ་སའི་གོ་ལའི་ཤར་གྱི་གཞུང་ཚད101°02′05.48″དང་བྱང་གི་འཕྲེད་ཚད33°02′06.18″ཀྱི་མཚམས་སུ་ཡོད། སའི་མཚོ་འཕགས་སྨི4022དང་། པདྨ་རྫོང་མཁར་ནས་བྱང་ཤར་ཕྱོགས་སུ་ལམ་ཐག་སྤྱི་ལེ48ཡོད།

རིགས་དབྱེ།  

ཁེ་ཆུ།

ཁེ་ཆུ་ནི་འབྲི་ཆུ་གཡུ་འབྲུག་སྔོན་མོའི་ཆུ་ལག་སྟེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུའི་ཡན་ལག་ཅིག་ཡིན་པ་སྟེ། མགོ་ལོག་གཅིག་སྒྲིལ་རྫོང་ཁོངས་ནས་ཚུར་བཞུར་བ་ཡིན་ལ་པདྨ་རྫོང་གི་ཁོངས་སུ་སྤྱི་ལེ14.9ཡི་རི་ལུང་འགྲིམ་ཞིང་། བཞུར་བའི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ822.4ཡོད་པ་རེད།

རིགས་དབྱེ།  

དབལ་ཁའི་ཆུ་ཚན།

དབལ་ཁའི་ཆུ་ཚན་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན།

རིགས་དབྱེ།  

མགོན་དགོན་བཀྲ་ཤིས་གླང་ཐང་གི་ཆུ་ཚན།

མགོན་དགོན་བཀྲ་ཤིས་གླང་ཐང་གི་ཆུ་ཚན་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན།

རིགས་དབྱེ།  

རྟ་རྣའི་གླང་པོའི་ཆུ་ཚན།

རྟ་རྣའི་གླང་པོའི་ཆུ་ཚན་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་གི་ཁོངས་སུ་ཡོད་པའི་ཆུ་ཚན་ཞིག་ཡིན།

རིགས་དབྱེ།  

དཔལ་ཐང་ཆུ་ཁོལ།

དཔལ་ཐང་ཆུ་ཁོལ་ནི་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་དང་བར་ཐག་སྤྱི་ལེ45ཡོད་པའི་དཔལ་ཐང་ཞང་སྲིད་གཞུང་གི་ལྷོ་ངོས་ཀྱི་ཚ་ཆུའི་ཆུ་ཡུར་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི3900ཙམ་ཡོད། ལུང་པ་དེར་ཆུ་ཁོལ་མང་པས་མིང་དེ་སྐད་དུ་བཏགས་པ་ཡིན།

རིགས་དབྱེ།