ཆུ་ཁོལ་གོང་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་ཁོལ་གོང་མ།
ཆུ་ཚན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་བྱང་དུ་སྤྱི་ལེ80ཡིས་ཆོད་པའི་ཚ་ལ་ཐང་གི་ཤར་ལྷོའི་མཐའ་འགྲམ་དུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
曲库贡玛
སྲིད་འཛིན་ཁོངས་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་།
རིགས་དབྱེ།
ཆུ་ཚན།
མཚོ་འཕགས།
སྨི3460ཡོད།
གནས་ཡུལ།
མདའ་བཞིའི་རྫོང་ཁོངས་སུ་ཡོད།
1 ​ངོ་སྤྲོད།

ཆུ་ཁོལ་གོང་མ་ནི་མདའ་བཞི་རྫོང་གི་ནུབ་བྱང་དུ་སྤྱི་ལེ80ཡིས་ཆོད་པའི་ཚ་ལ་ཐང་གི་ཤར་ལྷོའི་མཐའ་འགྲམ་དུ་གནས་ཤིང་། མཚོ་འཕགས་ལ་སྨི3460ཡོད།  འཕྲེད་ཐིག་ཤར་མ36°0′32〞~37°0′86〞དང་། གཞུང་ཐིག་བྱང་མ100°0′01〞~101°0′76〞ལ་གནས་ཡོད། ཆུ་ཁོལ་ཞོལ་མའི་ཤར་བྱང་བར་སྤྱི་ལེ1.5ཡོད་པ་དང་། ས་དེར་ཆུ་ཁོལ་གཉིས་ཡོད་དེ་དབྱེ་བ་དགར་བའི་ཆེད་དུ་གོང་ཞོལ་དུ་མིང་བཏགས་ཡོད། འབྲེལ་ཡོད་རྒྱུ་ཆ་གཞིར་བཟུང་ན། ཆུ་མགོ་དུས་བཞིར་རྒྱུན་ཆད་མེད་ལ། ཆུ་དྲོད་ཆེས་ཆེ་བ་ཏུའུ52ལ་སླེབས་ཐུབ།  ཆུ་མིག་ཏུ་ཐུའུ(钍)དང་ཡུག(铀)སོགས་འཕྲོ་འགྱེད་རང་བཞིན་གྱི་རྫས་འགྱུར་ཡོད་ལ། ལཱིག་ཧྭ་ཆིན་རླངས་དབུགས་ཕྱིར་གཏོང་བྱེད། ཆུ་མིག་ལུས་ཕུང་གསོ་བར་ཕན་ཞིང་། པགས་ནད་དང་རུས་ཚིགས་ན་བ་ལ་ལྷག་ཏུ་ཕན། སྟབས་བདེ་གཞུང་ལམ་ཞིག་འབྲུག་མོ་ཟངས་ང་དང་ཆུ་ཁོལ་ཞོལ་མ་བརྒྱུད་ཅིང་མཚོ་ཤིན་གཞུང་ལམ་ལ་འབྲེལ་ཡོད།


བརྡ་འགྲེལ་གདོང་འཛར།

པགས་ནད། རུས་ཚིགས། ཆུ་ཁོལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།