ཧྲན་ཞི་ཞིང་ཆེན་གྱི་ཅི་རྫོང་གི་ནུབ་ལྷོའི་སྟོང་སྨི་ཉེར་ལྔ་ཆོད་པའི་སར། ཀྲུང་གོའི་རྦབ་ཆུ་ཆེན་པོ་གཉིས་པར་གྲགས་པའི་རྨ་ཆུའི་ཧུའུ་ཁོའུ་རྦབ་ཆུ་ཡོད།གསེར་འབྲུག་མཁའ་ནས་འཁྱུག་འདྲའི་རྨ་ཆུ་དེ་ལྷོ་ནས་བྱང་དུ་རྦ་རླབས་ཆལ་ཆིལ་གཡོ་བཞིན་ས་སེར་མཐོ་སྒང་གི་ཆིན་ཅིན་གྲོག་རོང་ཆེན་པོའི་བར་རྒྱུད་དུ་བསླེབས་དུས། གློ་བུར་དུ་ཆུ་རྒྱུན་ཆད་པ་ཇི་བཞིན་མཐོང་ལམ་དུ་ཡལ་མོད། ཆལ་ཆིལ་དུ་རྒྱུ་བའི་ཆུ་བོ་བྱེ་འདམ་དང་ལྷན་དུ་སྨི་བཅུ་ཕྲག་ལྷག་ཡོད་པའི་མཐོ་ས་ནས་ཐུར་དུ་གཞོལ་ཅིང་བྲག་ལ་བརྡབས་པས་ཆུ་རྡུལ་ལང་ལོང་འཕྱུར་ཏེ། རྟ་དམག་ཁྲི་ཕྲག་མང་བོ་རྡུལ་འཚུབ་དང་བཅས་བང་གིས་རྒྱུག་པ་དང་མཚུངས་པས་བརྗིད་ཉམས་ལྡན་པ་ཞིག་རེད། རྒྱ་ཡིག་གི་མིང་།
ཞི་ཧུའུ་མཚེའུ་ནི་ཀྲེ་ཅིང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་ལ། དེ་ནི་ཀྲུང་གོའི་སྐམ་སའི་སྟེང་གི་ཐོག་དང་པོའི་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་མིང་གྲགས་ཅན་དང་ཀྲུང་གོའི་ཡུལ་ལྗོངས་གྲགས་ཆེན་བཅུའི་ཡ་གྱལ་ཡིན། རྒྱ་ཡིག་གི་མིང་། 西湖 ཕྱི་ཡིག་གི་མིང་། West Lake Cultural Landscape of Hangzhou West Lake ཁོངས་གཏོགས་རྒྱལ་ཁབ། ཀྲུང་གོ ཁོངས་གཏོགས་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར། གནས་མཚམས།
ཀྲུང་གོ་དང་ཧ་ས་ཁི་སི་ཐན། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་འབྲེལ་མཚམས་ཀྱི་ཨ་ཨེར་ཐའེ་ཧྲན་རི་བོའི་ནགས་རྫུབས་སྟུག་པོའི་ཁྲོད་དུ། མཚེའུ་ཡིད་དུ་འོང་བ་ཞིག་ཡོད་དེ། དེ་ཡི་ཁ་དོག་དུས་ཚིགས་དང་བསྟུན་ནས་འགྱུར་བ་དང་། ངག་རྒྱུན་དུ་མཚེའུ་ནང་དུ་ཀླུ་བདུད་ཅིག་གནས་སྐད། གནས་འདི་ནི་མི་ཡུལ་གྱི་དག་ཞིང་། ཤར་ཕྱོགས་ཀྱི་སུའེ་ཙེར་དུ་འབོད་པའི་ཁཱ་ན་སི་མཚེའུ་ཡིན། ཁཱ་ན་སི་ནི་སོག་པོའི་སྐད་དེ་མཛེས་སྡུག་འབྱོར་ཕྱུག་ལྡན་ཞིང་ངོ་མཚར་ལྐོག་གྱུར་ཡིན་པ་ཞེས་པའི་དོན་ཡིན་ཏེ། ཧ་ལམ་ལོ་ངོ་ཁྲི་སུམ་ཅུ་ནས་སོ་ལྔའི་སྔོན་དུ་འཁྱགས་རླུང་གིས་ཆུ་ལམ་བཅད་པས་ད་གཟོད་ཁཱ་ན་སི་མཚེའུ་བྱུང་བ་རེད།
ཀབ་རོན་ཆུ་མགོ་ཞེས་པ་ནི་བྲག་དཀར་རྫ་ལ་ཐུག་ཡོད་ཅིང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀབ་རོན་གཞུང་ནས་ཆུ་ནུབ་གྲོང་རྡལ་གྱི་མངའ་ཁོངས་བརྒྱུད་དེ། མཐར་གེ་རྒྱལ་སྡེ་བའི་ཤར་ཕྱོགས་སུ་རྨ་ཆུར་འབབ་ཀྱིན་ཡོད། སྤྱིའི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ72ཡོད། ལོ་ཧྲིལ་བོར་འབབ་པའི་ཆུ་རྒྱུན་ཞིག་ཡིན་ལ། ཆུ་ནུབ་དང་རྨ་སྲིབ་གྲོང་རྡལ་གཉིས་ཀའི་སྡེ་བ་ཁག་ཅིག་གི་ཞིང་ཆུ་གཙོ་བོའང་ཡིན། རྒྱ་ཡིག་གི་མིང་། 西河 ལ་ཏིང་གི་མིང་། kab ron chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ།
གསེར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་མངའ་ཁོངས་ཀྱི་ཆུ་མིག་ཅིག་སྟེ། ཆུ་ནུབ་གྲོང་རྡལ་ཁོངས་རོལ་གྱི་རྡོ་རགས་ལུང་བའི་ནུབ་ཕྱོགས་ཏེ། འབའ་རྩེ་སྒང་དང་བར་ཐག་ལ་སྤྱི་ལེ0.5ཙམ་ཡོད་པའི་མཚམས་ཀྱི་ལུང་ཕྲན་ཞིག་ཏུ་ཡོད། རྒྱ་ཡིག་གི་མིང་། 赛尔曲 ལ་ཏིང་གི་མིང་། gser chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ། གནས་ཡུལ། ཆུ་ནུབ་གྲོང་རྡལ་ཁོངས་རོལ་གྱི་རྡོ་རགས་ལུང་བའི་ནུབ་ཕྱོགས་ཏེ། འབའ་རྩེ་སྒང་མཚམས་ཀྱི་ལུང་ཕྲན་ཞིག་ཏུ་ཡོད།
ཧོར་རྒྱལ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ6ལྷག་གི་མཚམས་ན་བཞུར་བཞིན་ཡོད་ཅིང་། ཐོང་ལྕགས་སུམ་སྣ་ནས་ཐོན་རྗེས། རྡོ་རིས་ཚང་སྡེ་བ་བརྒྱུད་དེ་མཐར་ཧོར་རྒྱལ་གྲམ་པའི་མདོ་ནས་རྨ་ཆུར་འདྲེས་ཡོད། བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ63ཡོད། རྒྱ་ཡིག་གི་མིང་། 货尔加曲 ལ་ཏིང་གི་མིང་། hor rgyal chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ། གནས་ཡུལ། ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་བཞུར་བཞིན་ཡོད།
ཚ་ཧན་སུའུ་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ53གྱི་མཚམས་ཏེ། རི་བོ་ངང་ལའི་བྱང་ངོས་སུ་འབབ་ཀྱིན་ཡོད་ཅིང་། འདིའི་རིང་ཚད་ལ་སྤྱི་ལེ14ཡོད། རྒྱ་ཡིག་གི་མིང་། 次汗素曲 ལ་ཏིང་གི་མིང་། tsha han su’u chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ། གནས་ཡུལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ53གྱི་མཚམས་ན་ཡོད།
མཚོ་དཀར་ཏྲིས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་མཚེའུ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ཏེ། དབོ་ཡེ་ཆུའི་ལྷོ་འགྲམ་དུ་ཡོད་དེ། རྒྱ་ཁྱོན་ལ་ཧ་ལམ་མུའུ200ཡོད་ཅིང་། ཚྭ་ཡོད་མཚེའུ་ཞིག་ཡིན། རྒྱ་ཡིག་གི་མིང་། 措尕支 ལ་ཏིང་གི་མིང་། mtsho dkar tris སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ། གནས་ཡུལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ཏེ། དབོ་ཡེ་ཆུའི་ལྷོ་འགྲམ་དུ་ཡོད།
ཆུ་གཙང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཆུ་མིག་ཅིག་སྟེ། ཚ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད། རྒྱ་ཡིག་གི་མིང་། 曲藏 ལ་ཏིང་གི་མིང་། chu gtsang སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ། གནས་ཡུལ། ཚ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་གནས་ཡོད། ངོ་སྤྲོད། ཆུ་གཙང་ཞེས་པ་ནི་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཆུ་མིག་ཅིག་སྟེ།
ན་དམེར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ15ཡི་མཚམས་ན་ཡོད་ཅིང་། རིང་ཚད་ལ་སྤྱི་ལེ6ཙམ་ཡོད། རྒྱ་ཡིག་གི་མིང་། 纳买曲 ལ་ཏིང་གི་མིང་། na dmer chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ། གནས་ཡུལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཡོད། ངོ་སྤྲོད། ན་དམེར་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ།
རྡོ་ཆུ་ཁྲ་རིས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། ཆུ་འདི་ནི་ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ31གི་མཚམས་ན་ཡོད། ཆུ་འདིའི་འབྱུང་ཁུངས་ནི་སྦྲུལ་མགོ་ལུང་བ་ཡིན་ཞིང་ཆུ་རྔ་ནི་དབོ་ཡེ་ཆུར་འདྲེས་ཡོད། རིང་ཚད་ལ་སྤྱི་ལེ6ཙམ་ཡོད། རྒྱ་ཡིག་གི་མིང་། 多曲恰日 ལ་ཏིང་གི་མིང་། rdo chu khra ris སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ། མགོ་ཁུངས། སྦྲུལ་མགོ་ལུང་བ། རིང་ཚད། སྤྱི་ལེ6ཙམ། གནས་ཡུལ།
གླང་མའི་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དང་གསེར་ཆེན་རྫོང་གཉིས་ཀའི་ས་མཚམས་ན་བཞུར་བཞིན་ཡོད་ཅིང་། འདིའི་མགོ་ཁུངས་ནི་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་དུ་ཧ་ལམ་སྤྱི་ལེ32ཀྱིས་ཆོད་པའི་ཨ་མ་ཟོ་དགུའི་རྫ་གསེང་ལ་ཐུག་ཡོད། འདི་ནི་ཆུ་ནག་སྦལ་ཁ་དང་ཆུ་ནག་གྲམ་པ་བརྒྱུད་དེ་མཐར་རྨ་ཆུ་རུ་འབབ་ཀྱིན་ཡོད། ཆུ་འདིའི་བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ10ཙམ་ཡོད། རྒྱ་ཡིག་གི་མིང་། 浪麻曲 ལ་ཏིང་གི་མིང་། glang ma’i chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ།
འཇང་ཆེན་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་གྲོང་རྡལ་སྲིད་གཞུང་གི་མངའ་ཁོངས་སུ་འབབ་ཀྱིན་ཡོད་ཅིང་། འདིའི་ཕུ་མགོ་ནི་རྨོག་དཀར་རྫ་སྔོན་ལ་ཐུག་ཡོད། རྒྱ་ཡིག་གི་མིང་། 江前曲 ལ་ཏིང་གི་མིང་། ’jang chen chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་གྲོང་རྡལ། གནས་ཡུལ། དགོན་གོང་མ་གྲོང་རྡལ་སྲིད་གཞུང་གི་མངའ་ཁོངས་སུ་འབབ་ཀྱིན་ཡོད་ཅིང་། འདིའི་ཕུ་མགོ་ནི་རྨོག་དཀར་རྫ་སྔོན་ལ་ཐུག་ཡོད། ངོ་སྤྲོད། འཇང་ཆེན་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་གྲོང་རྡལ་སྲིད་གཞུང་གི་མངའ་ཁོངས་སུ་འབབ་ཀྱིན་ཡོད་ཅིང་། འདིའི་ཕུ་མགོ་ནི་རྨོག་དཀར་རྫ་སྔོན་ལ་ཐུག་ཡོད།
མཚོ་ལུང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ40ཡི་མཚམས་ན་ཡོད་ཅིང་། ཆུ་མགོ་ནི་མཚོ་ལུང་མཚོ་བདུན་ལ་ཐུག་ཡོད་པ་དང་། དེ་ནས་ཐོན་རྗེས་རིམ་བཞིན་བ་དྲུས་མ་འགག་དང་། ཕོ་རོག་ཆེ་ཆུང་། འུག་ལུང་། ཉི་མ་ལུང་། ལ་རྒན་ལུང་བ་བཅས་བརྒྱུད་ནས་མཐར་གཡུ་ཚའི་ཆུ་ཆེན་ལ་འདྲེས་ཡོད། རྒྱ་ཡིག་གི་མིང་། 措龙曲 ལ་ཏིང་གི་མིང་། mtsho lung chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ། གནས་ཡུལ།
རྒྱ་ཐོག་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མང་ཆུ་གྲོང་རྡལ་གྱི་རྒྱ་ཐོག་སྡེ་བའི་གནས་རྙིང་གི་ཤར་ཕྱོགས་སུ་སྤྱི་ལེ1ཙམ་གྱི་མཚམས་ན་ཡོད།འདི་ནི་རྒྱ་ཐོག་སྡེ་བའི་མི་ཕྱུགས་གཉིས་ཀའི་འཐུང་ཆུ་ཡིན་ལ། སྡེ་བ་འདིའི་ཞིང་ཆུའང་ཡིན། རྒྱ་ཡིག་གི་མིང་། 加土乎曲 ལ་ཏིང་གི་མིང་། rgya thog chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་མང་རྫོང་མང་ཆུ་གྲོང་རྡལ། གནས་ཡུལ། མང་ཆུ་གྲོང་རྡལ་གྱི་རྒྱ་ཐོག་སྡེ་བའི་གནས་རྙིང་གི་ཤར་ཕྱོགས་ན་ཡོད། ངོ་སྤྲོད། རྒྱ་ཐོག་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མང་ཆུ་གྲོང་རྡལ་གྱི་རྒྱ་ཐོག་སྡེ་བའི་གནས་རྙིང་གི་ཤར་ཕྱོགས་སུ་སྤྱི་ལེ1ཙམ་གྱི་མཚམས་ན་ཡོད།
གསེར་ཆུང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་མངའ་ཁོངས་ན་ཡོད་ཅིང་། ཆུ་བོ་འདིའི་འབྱུང་ཁུངས་ནི་རྨ་བྱང་ཡུལ་ཚོ་ཁོངས་རོལ་གྱི་རྫ་དཀར་ཁྲབ་གོན་ལ་ཐུག་ཡོད་ཅིང༌། རིང་ཚད་ལ་ཧ་ལམ་སྤྱི་ལེ21ཡོད། རྒྱ་ཡིག་གི་མིང་། 赛琼曲 ལ་ཏིང་གི་མིང་། gser chung chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ། རིང་ཚད། ཧ་ལམ་སྤྱི་ལེ21ཡོད། གནས་ཡུལ། རྨ་བྱང་ཡུལ་ཚོ་ཁོངས་རོལ་གྱི་རྫ་དཀར་ཁྲབ་གོན་ལ་ཐུག་ཡོད། ངོ་སྤྲོད། གསེར་ཆུང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་མངའ་ཁོངས་ན་ཡོད་ཅིང་། ཆུ་བོ་འདིའི་འབྱུང་ཁུངས་ནི་རྨ་བྱང་ཡུལ་ཚོ་ཁོངས་རོལ་གྱི་རྫ་དཀར་ཁྲབ་གོན་ལ་ཐུག་ཡོད་ཅིང༌། རིང་ཚད་ལ་ཧ་ལམ་སྤྱི་ལེ21ཡོད། ཆུ་བོ་འདི་ནི་གསེར་ཆུང་ལུང་བ་བརྒྱུད་ནས་བཞུར་བཞིན་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས།
བྲག་དཀར་གཡུ་མཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་མངའ་ཁོངས་ཀྱི་མཚེའུ་ཞིག་སྟེ། མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ40ཡི་མཚམས་ཏེ། བྲག་དཀར་སྒང་གི་གཡས་ལོགས་སུ་ཆགས་ཡོད། རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ0.26ཡོད། རྒྱ་ཡིག་གི་མིང་། 直亥英措 ལ་ཏིང་གི་མིང་། brag dkar g•yu mtsho སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ། རྒྱ་ཁྱོན། སྤྱི་ལེ་གྲུ་བཞི་མ0.26 གནས་ཡུལ། མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་ན་ཡོད།
བླ་མཚོའི་ཆུ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་སྤྱི་ལེ35ཆོད་པའི་མཚམས་སུ་རྨ་ལྷོ་སོག་རྫོང་གི་ཉིན་སེར་གྱི་ས་ཆར་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3450ཡོད་པ་དང་།སའི་གོ་ལའི་འཕྲེད་ཐིག34°25′དང་གཞུངཐིག101°27′སྟེང་ན་ཡོད། རྒྱ་ཡིག་གི་མིང་། 兰木措河 ལ་ཏིང་གི་མིང་། bl mtsovi chu རིགས་དབྱེ། ཆུ་ཕྲན། བཞུར་རྒྱུན། སྤྱི་ལེ22ཡོད། རྒྱ་ཁྱོན། སྤྱི་ལེ་གྲུ་བཞི་མ368.90ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོ།
མ་མོའི་ཆུ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ6ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3568ཡོད། སའི་གོ་ལའི་འཕྲེད་ཐིག34°42′དང་གཞུང་ཐིག101°40′སྟེང་ན་ཡོད། རྒྱ་ཡིག་གི་མིང་། 玛毛河 ལ་ཏིང་གི་མིང་། ma movi chu རིགས་དབྱེ། ཆུ་ཕྲན། མཚོ་འཕགས། སྨི3568ཡོད། རིང་ཚད། སྤྱི་ལེ་གྲུ་བཞི་མ92.40ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ཤར་ཕྱོགས་སུ་ཡོད།
ཤ་བོའི་ཆུ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ22ཆོད་པའི་མཚམས་སུ་ཡོད། སའི་གོ་ལའི་འཕྲེད་ཐིག34°45′དང་གཞུང་ཐིག101°24′སྟེང་ན་ཡོད། རྒྱ་ཡིག་གི་མིང་། 夏吾河 ལ་ཏིང་གི་མིང་། zha bovi chu རིགས་དབྱེ། ཆུ་ཕྲན། བཞུར་རྒྱུན། སྤྱི་ལེ22.5ཡོད། རྒྱ་ཁྱོན། སྤྱི་ལེ་གྲུ་བཞི་མ96ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ནུབ་ཕྱོགས་སུ་ཡོད།
ཀླུ་ཆུ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོའི་ཤར་ལྷོའི་ཕྱོགས་ཀྱི་སྒ་ཁིས་སྡེ་བའི་མངའ་ཁོངས་སུ་ཡོད། གསེར་ལུང་ཡུལ་ཚོ་བརྒྱུད་ནས་ཀན་སུའུ་ཞིང་ཆེན་གྱི་ཀླུ་ཆུ་རྫོང་དུ་འབབ། མཚོ་ངོས་ལས་མཐོ་ཚད་ལ་སྨི4200དང་། སའི་གོ་ལའི་འཕྲེད་ཐིག34°29′དང་གཞུང་ཐིག10208སྟེང་ན་ཡོད། རྒྱ་ཡིག་གི་མིང་། 洮河 ལ་ཏིང་གི་མིང་། klu chu རིགས་དབྱེ། ཆུ་བོ། བཞུར་རྒྱུན། སྤྱི་ལེ83.5ཡོད། རྒྱ་ཁྱོན། སྤྱི་ལེ་གྲུ་བཞི་མ1561ཡོད། གནས་ཡུལ། རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོའི་ཤར་ལྷོའི་ཕྱོགས་སུ་གནས།
ཧོ་ཐུ་ལྦོར་སྨན་ཆུ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སུ་སྤྱི་ལེ19.2ཆོད་པའི་མཚམས་ཀྱི་ཆུ་འུར་སྡེ་བའི་ས་ཆར་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3664ཡོད། སའི་གོ་ལའི་འཕྲེད་ཐིག34°33′དང་གཞུང་ཐིག101°33′སྟེང་ན་ཡོད། རྒྱ་ཡིག་གི་མིང་། 霍陀沃尔矿泉水 ལ་ཏིང་གི་མིང་། ho thu smn chu རིགས་དབྱེ། ཆུ་མིག མཚོ་འཕགས། སྨི3664ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སུ་ཡོད། ངོ་སྤྲོད། ཧོ་ཐུ་ལྦོར་སྨན་ཆུ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སུ་སྤྱི་ལེ19.2ཆོད་པའི་མཚམས་ཀྱི་ཆུ་འུར་སྡེ་བའི་ས་ཆར་ཡོད།
ཆུ་བཟང་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་སྟེ། ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་ཀྱི་ཤེའུ་དཀར་སྡེ་བའི་ནུབ་རྒྱུད་དུ་བཞུར་གྱིན་ཡོད། འདིའི་འགོ་ཁུངས་ནི་རྫ་དཀར་གོང་མའི་རི་ཁུལ་གྱི་གཡུ་རྒོད་རི་འདབས་ན་ཡོ རྒྱ་ཡིག་གི་མིང་། 曲桑 ལ་ཏིང་གི་མིང་། chu bzang སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོ། མགོ་ཁུངས། རྫ་དཀར་གོང་མ། གནས་ཡུལ། ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་ན་ཡོད། ངོ་སྤྲོད།
ཤེའུ་ལུང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ22ཀྱི་སར་བཞུར་གྱིན་ཡོད། འགོ་ཁུངས་ནི་ཐར་ཤུལ་གྱི་གོང་ཁ་ཡིན། བཞུར་རྒྱུན་ལ་ཕལ་ཆེར་སྤྱི་ལེ10ཡོད་པ་དང་མང་ཆུར་འདྲེས། རྒྱ་ཡིག་གི་མིང་། 西龙曲 ལ་ཏིང་གི་མིང་། she’u lung chu སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོ། མགོ་ཁུངས། ཐར་ཤུལ་གྱི་གོང་ཁ་ཡིན། གནས་ཡུལ། ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་ན་ཡོད། ངོ་སྤྲོད། ཤེའུ་ལུང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ22ཀྱི་སར་བཞུར་གྱིན་ཡོད།
རྐ་རྒན་ཆུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྐ་རྒན་ལུང་རིང་བརྒྱུད་ནས་ལྷོ་ནས་བྱང་དུ་བཞུར་གྱིན་ཡོད་ལ། ཆུ་བོའི་འགོ་ཁུངས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3700ཡོད་པ་དང་། བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ130ལྷག་ཡོད་ཅིང་། རྩེ་ཁོག་རྫོང་ཉིན་ཤུག་ཡུལ་ཚོ་གི་མངའ་ཁོངས་སུ་སྤྱི་ལེ20ཡོད། རྒྱ་ཡིག་གི་མིང་། 尕干曲 ལ་ཏིང་གི་མིང་། rla rgan chu རིགས་དབྱེ། ཆུ་བོ། རིང་ཚད། སྤྱི་ལེ130ལྷག གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་མངའ་ཁོངས་སུ་ཡོད། ངོ་སྤྲོད། རྐ་རྒན་ཆུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྐ་རྒན་ལུང་རིང་བརྒྱུད་ནས་ལྷོ་ནས་བྱང་དུ་བཞུར་གྱིན་ཡོད་ལ།
ངང་ཚང་ཆུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་སྲིད་གཞུང་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ32ཙམ་སོང་བའི་མཚམས་སུ་ཡོད་ལ། ཆུ་བོའི་འགོ་ཁུངས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3886ཡོད། རྒྱ་ཡིག་གི་མིང་། 昂仓曲 ལ་ཏིང་གི་མིང་། ngang tshang chu རིགས་དབྱེ། ཆུ་བོ། རིང་ཚད། སྤྱི་ལེ7ལྷག་ཡོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད། ངོ་སྤྲོད།
ཚུ་ཝ་ཝོལ་ཆུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ30ཙམ་ཕྱིན་པའི་མཚམས་སུ་ཡོད་ལ། ཆུ་བོའི་འགོ་ཁུངས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3464ཡོད་ཅིང་། ཆུ་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ40ཙམ་དང་། ཞེང་ཚད་ལ་སྨི་བཞི་ལྔ་ཙམ་ཡོད། རྒྱ་ཡིག་གི་མིང་། 次哇窝 ལ་ཏིང་གི་མིང་། tshu wa wol chu རིགས་དབྱེ། ཆུ་བོ། རིང་ཚད། སྤྱི་ལེ40ལྷག་ཡོད། ཞེང་ཚད། སྨི4ནས5ཙམ། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད།
སྒོ་བཅད་ཆུ་བོ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ20ཙམ་ཕྱིན་པའི་མཚམས་སུ་ཡོད་ལ། ཆུ་བོའི་འགོ་ཁུངས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3588ཡོད་པ་དང་། ཆུ་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ30ལྷག་ཡོད། རྒྱ་ཡིག་གི་མིང་། 郭杰曲沃 ལ་ཏིང་གི་མིང་། sgo bcad chu bo རིགས་དབྱེ། ཆུ་བོ། རིང་ཚད། སྤྱི་ལེ30ལྷག གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད།
ནམ་ཆེན་ཆུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། ཆུ་བོའི་འགོ་ཁུངས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3713ཡོད། རྒྱ་ཡིག་གི་མིང་། 南青曲 ལ་ཏིང་གི་མིང་། nam chen chu རིགས་དབྱེ། ཆུ་བོ། འགོ་ཁུངས། བསེ་རུ་ངང་ཡག་ནས་འབབ། རིང་ཚད། སྤྱི་ལེ10ལྷག་ཡོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད།
སྟོབས་ལྡན་གདོང་ཆུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། ཆུ་བོའི་འགོ་ཁུངས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3587ཡོད། རྒྱ་ཡིག་གི་མིང་། 多福顿曲 ལ་ཏིང་གི་མིང་། stobs ldan gdong chu རིགས་དབྱེ། ཆུ་བོ། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད། ངོ་སྤྲོད། སྟོབས་ལྡན་གདོང་ཆུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད་ལ།