ཡ་མ་སུན་གཙང་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡ་མ་སུན་གཙང་བོ།
ཡ་མ་སུན་གཙང་བོ་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ། དེ་འཛམ་གླིང་སྟེང་བཞུར་ཚད་དང་འབབ་རྒྱུད་ཆེས་ཆེ་བ་དང་། ཆུ་ལག་ཆེས་མང་བའི་གཙང་བོ་ཞིག་ཡིན། གཙང་བོའི་རིང་ཚད་ཚད་འཇལ་ཐད་ལ་གཏན་ཁེལ་བའི་བཤད་ཚུལ་བྱུང་མེད་ལ་དེ་ལས་རྒྱུན་མཐོང་གི་བཤད་ཚུལ་གཅིག་ལ་རིང་ཚད་སྟོང་སྨི6400ཡིན་པར་འདོད། འཛམ་གླིང་གི་གཙང་བོ་རིང་བོ་ཨང་གཉིས་པར་གྲགས། ཡ་མ་སུན་གཙང་བོའི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི21.9ཡིན་ལ། དེ་འཛམ་གླིང་གི་ཆུ་བོ་ཆེན་པོ་གསུམ་སྟེ། ཉི་ལུའོ་གཙང་བོ། (ཨ་ཧྥེ་རི་ཁ་གླིང) འབྲི་ཆུ (ཀྲུང་གོ)སྨི་ཞི་ཞི་པི་གཙང་བོ (ཨ་མེ་རི་ཁ)གསུམ་གྱི་སྤྱིའི་བཞུར་ཚད་ལས་ད་དུང་ལྡབ་འགའི་ཆེ་བ་ཡོད། ཕལ་ཆེར་འབྲི་ཆུ་བདུན་གྱི་བཞུར་ཚད་དང་འདྲ་ཞིང་འཛམ་གླིང་ཆུ་བོའི་སྤྱིའི་བཞུར་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་པ། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི691.5ཡོད་པ་དེས་མེ་གླིང་ལྷོ་མའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཞི་བཅུ་ཟིན་ཡོད། ཆུ་ལག་ཁྲི1.5ཡན་ཡོད་པ་དེ་མེ་གླིང་ལྷོ་མའི་ས་གཞི་ཀུན་ཏུ་ཁྱབ་ཅིང་འབབ་རྒྱུད་གྱི་རྒྱ་ཁྱོན་ཨོ་སི་ཁྲི་ལི་ཡ་ཧྲིལ་བོ་དང་མཚུངས། ཆུ་ལག་ཁྲོད་རིང་ཚད་སྟོང་སྨི1600ཡན་གྱི་ཆུ་བོ་བདུན་ཙམ་ཡོད་ལ་དེ་ལས་ཆེས་རིང་བ་མ་ཏའེ་ལ་གཙང་བོ་ཡིན་ལ་དེའི་རིང་ཚད་ལ་སྟོང་སྨི3200ཡོད། ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ཚ་ཁུལ་ཆར་ནགས་མང་ཆེ་བ་པར་ཙིལ་མངའ་ཁོངས་སུ་ཡོད། རྒྱ་ཁྱོན་ཕལ་ཆེར་ཧིན་རྡུའི་ལྡབ་གཉིས་ཡིན་ལ་མཚོ་འཕགས་སྨི200ཡན་བརྒལ་མེད། ཡ་མ་སུན་གཙང་བོའི་ས་དབྱིབས་བདེ་ཞིང་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ཕྱོགས་ཀྱི་རྒྱ་མཚོ་འཕེལ་འགྲིབ་ཀྱིས་ཤུགས་རྐྱེན་ཐེབས་པའི་ཆུ་མཚམས་སྟོང་སྨི966ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚马孙河
ཕྱི་ཡིག་གི་མིང་།
Amazon River
ས་ཁམས་གནས་ཡུལ།
མེ་གླིང་ལྷོ་མའི་བྱང་ཕྱོགས།
མགོ་ཁུངས།
ཨན་ཏི་སི་རི་རྒྱུད།
ཆུ་ལག
མ་ཏའེ་ལ་གཙང་བོ།
གནམ་གཤིས།
ཚ་ཁུལ་ཆར་ནགས་ནམ་ཟླ།
འབབ་སའི་རྒྱ་མཚོ།
ནུབ་རྒྱ་མཚོ་ཆེན་པོ།
རིང་ཚད།
སྟོང་སྨི་དྲུག་སྟོང་བཞི་བརྒྱ།
འབབ་རྒྱུད་ཀྱི་རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་དྲུག་བརྒྱ་དགུ་བཅུ་གོ་གཅིག་དང་གྲངས་ཆུང་ལྔ།
འབབ་རྒྱུད་ཀྱི་རྒྱལ་ཁབ།
པར་ཙིལ། ཕེ་རུ། ཁོ་ལོམ་པི་ཡ། པོ་ལི་ཝེ་ཡ།
1 ​ངོ་སྤྲོད།

དང་ཐོག་ཡ་མ་སུན་གཙང་བོ་ལ་སྤྱིའི་མིང་ཞིག་མེད་པར་ཆུ་ལག་སོ་སོ་དང་ཆུ་མཚམས་སོ་སོ་ལ་ས་གནས་ཀྱི་མིང་རེ་ཡོད།  སྤྱི་ལོ1502ལོའི་རྗེས་སུ“ཆུ་ཆེན”ཞེས་འབོད། སི་ཕེན་གྱི་སྐད་དུ“marana”ནང་དོན་ནི“རྙོག་དྲ་སློང་བ”  “རྙོག་འཛིང ”གི་དོན་ཡིན།  གནའ་བོའི་ཞི་ལ་ལྷ་སྒྲུང་ནང་གི་ཡ་མ་སུན་དཔའ་མོ་དེའི་མིང་གཙང་བོ་ལ་བཏགས་པ་ཡིན་པར་བཤད་ཚུལ་ཡོད།   

ཡ་མ་སུན་གཙང་བོའི་སྤྱིའི་རིང་ཚད་ལ་སྟོང་སྨི6400ཡོད་པ་དང་འཛམ་གླིང་གི་གཙང་བོ་རིང་བོ་ཨང་གཉིས་པར་གྲགས།  འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་691.5ཡོད་པ་དེས་མེ་གླིང་བྱང་མའི་བརྒྱ་ཆའི་བཞི་བཅུ་ཟིན་པ་དང་།  འཛམ་གླིང་སྟེང་གི་བཞུར་ཚད་དང་འབབ་རྒྱུད་རྒྱ་ཁྱོན་ཆེས་ཆེ་བའི་གཙང་བོ་ཡིན་ལ།  འབབ་རྒྱུད་དུ་པར་ཙིལ་དང་ཕེ་རུ།  ཁོ་ལོམ་པི་ཡ།  པོ་ལི་ཝེ་ཡ། ཀུའེ་ཡ་ན། སུའུ་རི་ནན།  ཝེ་ནེ་ཙུའེ་ལ། ཨེ་ཁྭ་ཏོར་བཅས་རྒྱལ་ཁབ་བརྒྱད་ཡོད།  ཡ་མ་སུན་གཙང་བོའི་མགོ་ཁུངས་ཕེ་རུའི་ཧུའུ་ཁ་ཡ་ལི-ཨ་ཕུའུ་ལི་མ་ཁོ་ཆུ་ལག་ནས་བརྩིས་ན་རིང་ཐུང་ལ་སྟོང་སྨི6751ཡོད་ལ།  ཆེས་ནུབ་ཕྱོགས་ཀྱི་མགོ་ཁུངས་ནི་ཞི་བདེ་རྒྱ་མཚོ་ཆེན་པོར་སྟོང་སྨི160ཙམ་ཡང་མེད་པའི་ཨན་ཏི་སི་རི་རྒྱུད་ཡིན་ལ་འབབ་ས་ནི་ནུབ་རྒྱ་མཚོ་ཆེན་པོ་ཡིན།   ལོ་རེར་ནུབ་རྒྱ་མཚོ་ཆེན་པོར་འབབ་པའི་བཞུར་ཚད་སྨི་ལྷམ་པ་ཁྲི་དུང་ཕྱུར6.6ཡིན་པ་འཛམ་གླིང་གི་གཙང་བོ་རྒྱ་མཚོ་ལ་འབབ་པ་སྤྱིའི་བཞུར་ཚད་ཀྱི་དྲུག་ཆའི་གཅིག་རེད།

ཡ་མ་སུན་གཙང་བོའི་སྟོད་རྒྱུད་ཀྱི་རིང་ཚད་ཕལ་ཆེར་སྟོང་སྨི2500ཡོད་ལ་དེ་ཡང་སྟོད་སྨད་མཚམས་གཉིས་སུ་བགོས་ཡོད།  སྟོད་ཀྱི་རིང་ཚད་ལ་སྟོང་སྨི1000ཙམ་ཡོད་པ་དང་དེའི་གཟར་ཚད་སྨི5000ཡོད་པས་རི་བོ་མཐོ་ཞིང་བྲག་རོང་གཏིང་ཟབ་པ། གྱེན་གཟར་ཆེ་ཞིང་ཆུ་བོ་རྒྱུག་ཤུགས་ཆེ་པས་རྦབ་ཆུ་དུ་མ་གྲུབ་ཡོད།  སྨད་ཕྱོགས་ནི་ཆུ་ལག་ཆེན་པོ་གཉིས་ཡ་མ་སུན་གཙང་བོར་འབབ་སའི་ཆུ་མདོ་གཉིས་ཀྱི་དབར་ཡིན་ལ་གཙང་བོ་བདེ་ཐང་དུ་བབས་པས་ཆུ་བཞུར་མགྱོགས་ཚད་དལ་བ་ཡིན། 

ཡ་མ་སུན་གཙང་བོའི་སྨད་རྒྱུད་ཀྱི་རིང་ཚད་ལ་སྟོང་སྨི1600ཡོད།  སྐབས་རེར་ཆུ་ཟབ་ཅིང་ཁོད་ཡངས་པ།  ངོགས་གཉིས་སྐས་རིམ་གསལ་ཞིང་ས་བབ་དམའ་བ།   གྲམ་ཁའི་ཞིང་ཁར་ཆུའི་དྲ་བ་བསྣོལ་མར་ཡོད་ལ་མཚེའུ་སྐར་ཚོགས་བཞིན་ཁྱབ་ཡོད།   གཙང་བོ་རྒྱ་མཚོ་ལ་འབབ་པའི་ཆུ་མདོའི་ཞེང་ལ་སྟོང་སྨི330ཡོད།  ནུབ་རྒྱ་མཚོ་ཆེན་པོའི་མཚོ་རླབས་གཙང་བོ་དང་ལྡོག་སྟེ་སྟོང་སྨི1600མཚམས་སུ་ཐོན།   མཐར་ནུབ་རྒྱ་མཚོ་ཆེན་པོའི་ནང་དུ་འབབ།

ཡ་མ་སུན་གཙང་བོས་མེ་གླིང་ལྷོ་མའི་རྒྱ་ཆེ་བའི་ས་གཞི་ཆེན་པོ་ལ་བརླན་གཤེར་སྦྱིན་ཞིང་འཛམ་གླིང་གི་ཆེས་ཆེ་བའི་ཚ་ཁུལ་ཆར་ནགས་དྲིན་གྱིས་གསོ་བཞིན་ཡོད་པས་གནས་འདི་ནི་འཛམ་གླིང་ཐུན་མོང་གིས་ཁས་ལེན་པའི་ཆེས་ལྐོག་གྱུར་གྱི“ཚེ་སྲོག་གི་འཇིག་རྟེན”དུ་གྱུར་ཡོད་ལ།  གཞན“སའི་གོ་ལའི་གློ་བ”ཞེས་པར་ཡང་ཀུན་གྱིས་འབོད།

ཡ་མ་སུན་གཙང་བོ་མེ་གླིང་ལྷོ་མའི་རྒྱལ་ཁབ8བརྒྱུད་དེ་བཞུར་བ་དང་པར་ཙིལ་མངའ་ཁོངས་ནས་བརྒྱ་ཆའི་གྱ་བདུན་ཟིན་པ་ཡིན།  ཡ་མ་སུན་གཙང་བོ་ནི་འཛམ་གླིང་སྟེང་ཆུ་ལག་ཆེས་མང་ཞིང་འབབ་རྒྱུད་ཆེས་ཆེ་བའི་གཙང་བོ་ཡིན་ཕྱིན་དེ་ལ“གཙང་བོ་ཀུན་གྱི་རྒྱལ་བོ”ཞེས་པའི་མཚན་སྙན་ཐོབ་ཡོད།

2 འབབ་རྒྱུད།  

སྤྱིར་གོམས་གཤིས་སུ་ཡ་མ་སུན་ཟེར་བ་གཙང་བོ་ཧྲིལ་བོའི་མིང་དུ་འབོད་ནའང་།  ཕེ་རུ་དང་པར་ཙིལ་གཉིས་ཀྱི་མིང་འདོགས་ཚུལ་ལ་དེ་ནི་ཆུ་མཚམས་གང་རུང་ཞིག་གི་མིང་ཡིན་ན་འཚམ་པར་འདོད།  ཕེ་རུ་རྒྱལ་ཁབ་ཏུ་གཞུང་ཆུའི་སྟོད་རྒྱུད་ནས་དབྱི་ཅི་ཐུའོ་སི་བར་ལ་མ་ལ་ཉི་ཝུང་གཙང་བོ་ཟེར།  དབྱི་ཅི་ཐུའོ་སི་ནས་ནུབ་རྒྱ་མཚོ་ཆེན་པོའི་བར་ལ་ཡ་མ་སུན་གཙང་བོ་ཟེར།    པར་ཙིལ་རྒྱལ་ཁབ་ཏུ་དབྱི་ཅི་ཐུའོ་སི་ནས་ནེ་ཀོ་ལུའོ་གཙང་བོའི་ཆུ་མདོ་བར་དུ་སུའོ་ལི་མེང་དབྱི་སི་གཙང་བོ་ཟེར། ནེ་ཀོ་ལུའོ་གཙང་བོ་ནས་རྒྱ་མཚོར་འབབ་པའི་བར་དུ་ད་གཟོད་ཡ་མ་སུན་གཙང་བོ་ཟེར། 

ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་བྱང་ཕྱོགས་ནས་པར་ཙིལ་པུའུ་ལང་ཁུའུ་དང་པོ་ལི་ཝེ་ཡ་ལྷོ་ཕྱོགས་ཀྱི་མ་ཏའེ་ལ་གཙང་བོའི་ཆུ་མགོ( ལྷོའི་འཕྲེད་ཚད་ཕལ་ཆེར20°)ནུབ་ཕྱོགས་ནི་ཨེ་ཁྭ་ཏོར་གྱི་ཁུན་ཁ་པའོ་ཐེ་གཙང་བོའི་ཆུ་མགོ(ནུབ་ཀྱི་གཞུང་ཚད 79°31')ཤར་ཕྱོགས་ནི་པར་ཙིལ་གྱི་མ་ལ་རུའོ་མཚོ་ཁུག ( ནུབ་ཀྱི་གཞུང་ཚད་ཕལ་ཆེར48°)འབབ་རྒྱུད་ཧྲིལ་བོར་འཕྲེད་ཚད25°དང་གཞུང་ཚད31°30'ཡིན།  འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི691.5ཡོད་པ་དེས་ཧ་ལམ་མེ་གླིང་ལྷོ་མའི་བརྒྱ་ཆའི་སོ་དགུ་ཟིན་ཡོད།  དེ་ལས་ཡ་མ་སུན་བདེ་ཐང་བརྒྱུད་པའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི560ཡོད་ལ་འཛམ་གླིང་གི་ཆེས་ཆེ་བའི་བདེ་ཐང་ཡིན། 

2_1 ཆུ་མགོ།

ཡ་མ་སུན་གཙང་བོའི་ཆུ་མགོ་ནི་ཨན་ཏི་སི་རི་རྒྱུད་ཁུལ་གྱི་མཚོ་འཕགས་སྨི5597ཡོད་པའི་སྨི་ཏི་ནའེ་ཝ་ཏུའོ.སྨི་སི་སྨི་རི་རྩེའི་ཆུ་ཕྲན་ཞིག་ཡིན་ལ།   སྤྱི་ལོ1971ལོར་ཐེངས་དང་པོར་ངོས་འཛིན་དང་སྤྱི་ལོ2001ལོར་དངོས་སུ་ཐག་གིས་བཅད།   ཆུ་ཕྲན་དེ་ཐོག་མར་ལའོ་ལི་ཁ་ཆ་མཚེའུ་ནང་དུ་བཞུར་ཞིང་དེ་ནས་ཨ་ཕུའུ་ལི་མ་ཁོ་གཙང་བོ་ནང་དུ་འབབ་པ། ཨ་ཕུའུ་ལི་མ་ཁོ་གཙང་བོ་ཡང་ཝུའུ་ཁ་ཡ་ལི་གཙང་བོ་དང་འབྲེལ་བ།  དེ་ནས་མ་ལ་ཉི་ཝུང་གཙང་བོ་དང་གཞི་གཅིག་ཏུ་འབྲེལ་ཏེ་ཡ་མ་སུན་གཙང་བོའི་ཆུ་གཞུང་གཙོ་བོ་གྲུབ་པ་ཡིན། 

2_2 སྟོད་རྒྱུད།   

མ་ལ་ཉི་ཝུང་གཙང་བོའི་ཆུ་ལག་ཝ་ལི་ཡ་ཅ་ཆུ་བོའི་མན་ཆད་ནས་གཙང་བོ་ཨན་ཏི་སི་རི་ཁུལ་བརྒྱུད་དེ་ཕུང་བསགས་བདེ་ཐང་དུ་འབབ་ཅིང་།  འདི་ནས་པར་ཙིལ་དང་ཕེ་རུ་གཉིས་ཀྱི་རྒྱལ་མཚམས་སུ་ཡོད་པའི་ཡ་ཝ་ལི་ཆུ་བོ་བར་ཕལ་ཆེར་སྟོང་སྨི2400ཡོད་ལ།  གཙང་འགྲམ་དམའ་བས་ངོགས་གཉིས་ཀྱི་ནགས་ཚལ་རྒྱུན་དུ་གཙང་ཆུས་བསྣུབས་པ་དང་ཡ་མ་སུན་གཙང་བོ་གཞི་ནས་ཡ་མ་སུན་ཚ་ཁུལ་ཆར་ནགས་ཚལ་དུ་འབབ་པ་ཡིན།  

QQ截图20151106093919.png

2_3 སྨད་རྒྱུད།  

ཡ་མ་སུན་གཙང་བོའི་ཆུ་ཞེང་ས་ཁུལ་ལ་ལར་སྟོང་སྨི6ནས10ཡོད།  ས་ཁུལ་ལ་ལར་གཙང་བོ་ཆུ་རྒྱུན་གཉིས་སུ་གྱེར་ཏེ་འབབ་པས་ཆུ་རྒྱུན་གཉིས་ཀྱི་དབུས་སུ་རྙོག་འཛིང་ཆེ་བའི་རང་བྱུང་གི་ཆུ་བོའི་དྲ་བ་དང་ཆེ་ཆུང་མི་འདྲ་བའི་གླིང་ཕྲན་མང་བོའང་གྲུབ་འདུག  ཡིན་ཡང་གླིང་ཕྲན་དེ་དག་ཆུ་ངོས་ལས་སྨི5ཙམ་ཡར་འཕགས་ཐུབ་མེད།   ཆུ་ཞེང་ཆེས་ཆུང་བའི་ས་ཁུལ་དཔེར་ན།  ཆུ་མདོ་རུ་སྟོང་སྨི600ལས་མེད་པའི་ཨའོ་པི་ཏུའོ་སི་ས་ཁུལ་གྱི་ཆུ་ཞེང་ལ་སྟོང་སྨི1.6ལས་མེད་ནའང་གཏིང་ཧ་ཅང་ཟབ་སྟེ་ཟབ་ཚད་སྨི600ཡིན།  སྐབས་འདིའི་ཆུའི་རྒྱུག་ཚད་ཆུ་ཚོད་རེར་སྟོང་སྨི6ནས10བར་ཡིན།

ཅ་ན་ལི་ཡ་ཚུན་དེ་ནེ་ཀོ་ལུའོ་གཙང་བོ་དང་གཞུང་ཆུ་གཙོ་བོ་འབྲེལ་མཚམས་ཀྱི་དཀྱོགས་ཆེན་ཉེ་འཁོར་ཡིན།  དེ་ནས་སྨད་རྒྱུད་དུ་སྟོང་སྨི1000གི་ས་ཁུལ་ནི་ཡ་མ་སུན་གཙང་བོའི་ཆུ་མདོ་དང་འདྲ་བར་ས་བབ་དམའ་ཞིང་རྒྱ་ཆེ་བའི་ས་ཁོངས་ཆུས་བསྣུབས་པས་ནགས་ཚལ་ཁྲོད་ཀྱི་ལྗོན་ཤིང་གི་ཕྱེད་ཙམ་ལས་ཆུ་ཁར་བུད་མེད།  ནེ་ཀོ་ལུའོ་གཙང་བོ་ནས་མ་ལ་ཉི་ཝུང་གཙང་བོའི་བར་གྱི་གཙང་འགྲམ་དམའ་ཞིང་པར་ཙིལ་གྱི་མ་ནའོ་སི་གྲོང་ཁྱེར་ཉེ་འཁོེར་དུ་ད་གཟོད་མཐོ་དམའ་མི་སྙོམས་པའི་རི་ཁུལ་འགའ་ཡོད་ལ།   ཨའོ་པི་ཏུའོ་སིའི་ཐག་ཉེ་རུ་བྲག་རི་གཡང་གཟར་ཞིག་ཡོད་ལ་དེའི་མཐོ་ཚད་སྨི20ཡིན་ལ་དེའི་རྒྱབ་ཕྱོགས་ཧ་ཅང་དམའ་བའི་རི་ཁུལ་ཡིན།  ཡ་མ་སུན་གཙང་བོ་དེ་སྔོན་ཆད་ནུབ་རྒྱ་མཚོ་ཆེན་པོའི་བྲག་རོང་ཞིག་ཡིན་ཡང་སྲིད། 

སྨད་རྒྱུད་ཀྱི་ཞིང་ཀུའུ་ཆུ་བོའི་ཁ་གཏད་ཀྱི་བྱང་ངོགས་སུ་རྩེ་མཉམ་པའི་རི་ཆུང་མང་བོ་ཡོད་པ་དེ་སྟོང་སྨི240ཙམ་གྱི་རིང་ལ་རྒྱུན་བསྲིངས་ཡོད།  ཞིང་ཀུའུ་ཆུ་བོའི་ཡན་ཆད་ཀྱི་ལྷོ་ངོགས་ལེ་ཀོ་ཨའེ་རི་བོ་ཡིན།  རི་གཟར་རིང་བོ་དེས་ཡ་མ་སུན་གཙང་བོའི་གཙང་ངོགས་ལ་བཀག་རྒྱ་ཐེབས།  ཧྲེང་ཐ་ལུན་ནས་ལྷོ་ནུབ་ཏུ་དཀྱོགས་ཤིང་ཆུ་ལག་གཞན་ཞིག་སྟེ་ཐ་ཕ་རུའོ་ཆུ་བོའི་ལུང་གཞུང་གྲུབ། 

QQ截图20151106094335.png

3 ཆུ་དཔྱད།                                                                                                 

ཡ་མ་སུན་གཙང་བོའི་སྤྱིའི་རིང་ཚད་ལ་སྟོང་སྨི6400ཡོད་པ་དང་འཛམ་གླིང་གི་གཙང་བོ་རིང་བོ་ཨང་གཉིས་པར་གྲགས།  འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ691.5ཡོད་པ་དེས་མེ་གླིང་བྱང་མའི་བརྒྱ་ཆའི་བཞི་བཅུ་ཟིན་པ་དང་།  འཛམ་གླིང་སྟེང་གི་བཞུར་ཚད་དང་འབབ་རྒྱུད་རྒྱ་ཁྱོན་ཆེས་ཆེ་བའི་གཙང་བོ་ཡིན་ལ།  འབབ་རྒྱུད་དུ་པར་ཙིལ་དང་ཕེ་རུ།  ཁོ་ལོམ་པི་ཡ།  པོ་ལི་ཝེ་ཡ། ཀུའེ་ཡ་ན། སུའུ་རི་ནན།  ཝེ་ནེ་ཙུའེ་ལ། ཨེ་ཁྭ་ཏོར་བཅས་རྒྱལ་ཁབ་བརྒྱད་ཡོད།  ཡ་མ་སུན་གཙང་བོའི་མགོ་ཁུངས་ཕེ་རུའི་ཧུའུ་ཁ་ཡ་ལི-ཨ་ཕུའུ་ལི་མ་ཁོ་ཆུ་ལག་ནས་བརྩིས་ན་རིང་ཐུང་ལ་སྟོང་སྨི6751ཡོད་ལ།  ཆེས་ནུབ་ཕྱོགས་ཀྱི་མགོ་ཁུངས་ནི་ཞི་བདེ་རྒྱ་མཚོ་ཆེན་པོར་སྟོང་སྨི160ཙམ་ཡང་མེད་པའི་ཨན་ཏི་སི་རི་རྒྱུད་ཡིན་ལ་འབབ་ས་ནི་ནུབ་རྒྱ་མཚོ་ཆེན་པོ་ཡིན།   ལོ་རེར་ནུབ་རྒྱ་མཚོ་ཆེན་པོར་འབབ་པའི་བཞུར་ཚད་སྨི་ལྷམ་པ་དུང་ཕྱུར་ཁྲི6.6ཡིན་པ་འཛམ་གླིང་གི་གཙང་བོ་རྒྱ་མཚོ་ལ་འབབ་པ་སྤྱིའི་བཞུར་ཚད་ཀྱི་དྲུག་ཆའི་གཅིག་རེད།

ཚ་ཁུལ་ཆར་ནགས་ནམ་ཟླར་གཏོགས་པའི་ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་གནམ་ཆུ་འབབ་ཚད་ཧའོ་སྨི2000ཡན་ཡིན། སྐམ་རློན་དུས་ཚིགས་ཀྱི་དབྱེ་བ་ཡོད་པ་དང་ཆར་བ་མང་ཤས་རློན་དུས་སུ་འབབ་པ་ཡིན།   ཆེས་ཆེ་བའི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི22.5ཡིན།  ཆེས་ཆུང་བའི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི9ཡིན།  སོ་སོར་ཟླ5ནས6དང་ཟླ11ནས12བྱུང་བ་ཡིན།  ཆ་སྙོམས་ཀྱི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི17.5རེད། ཕལ་ཆེར་ཁོང་ཀོ་གཙང་བོའི་ལྡབ་བཞི་དང་འདྲ་ཞིང་སྨི་ཞི་ཞི་པི་གཙང་བོའི་ལྡབ10དང་འདྲ།  ཡ་མ་སུན་གཙང་བོའི་ལོ་རེའི་རྒྱ་མཚོ་ལ་འབབ་ཚད་སྨི་ལྷམ་པ་དུང་ཕྱུར་ཁྲི5.4ཡིན་པ་དེས་འཛམ་གླིང་གི་སྤྱིའི་འབབ་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད། 

ཡ་མ་སུན་གཙང་བོའི་འཕེལ་འགྲིབ་ནི་ཉིན་ཕྱེད་འཕེལ་འགྲིབ་ཀྱི་རིགས་སུ་གཏོགས་པ་དང་ཆེས་ཆེ་བའི་རྦ་རླབས་ཀྱི་ཧེ་བག་སྨི11.8ལས་མེད།  མ་ལ་ཁ་གླིང་ཕྲན་གྱི་ཉེ་འཁོར་ནས་རྒྱ་མཚོ་དང་གཙང་བོའི་སྟོད་རྒྱུད་ལ་རིམ་གྱིས་ཇེ་ཆུང་དུ་འགྲོ་བཞིན་ཡོད།  རླབས་རྒྱུན་གྱི་མྱུར་ཚད་སྐར་ཆ་རེར་སྨི2.5ཡིན། ཆུ་མདོ་ཁོད་ཡངས་ཤིང་སྟོད་ཕྱོགས་གུ་དོག་པའི་གཙང་བོའི་ས་བབ་དང་ཆུ་གཞུང་དུ་ཡོད་པའི་བྱེ་གླིང་མང་བོའི་འགོག་ཤུགས་ཀྱིས་ཆུ་རླབས་དྲག་པོའི་སྣང་ཚུལ་བྱུང་དུ་བཅུག་སྟེ།  རྦ་རླབས་ཀྱི་མཐོ་ཚད་ལ་སྨི1ནས2ཙམ་ཡོད།  ཆུ་ཆུང་བའི་དུས་སུ་སྨི5གཡས་གཡོན་དུ་ཐོན།  ཆུ་ལོག་གིས་རྦ་རླབས་རྒྱས་པ་རླུང་ཆེན་དང་འཕྲད་ཚེ་ཆུ་གནས་ཚད་ཆེན་པོས་ཇེ་མཐོར་འགྲོ་བ་ཡིན་ལ།  ཆུ་རླབས་སྨི15ནས30བར་ཐོན་པས་ངོགས་གཉིས་སུ་ཆུ་ལོག་གི་འཇིགས་པ་ཆེན་པོ་བྱུང་བ་ཡིན། 

དུས་ཚིགས་རང་བཞིན་གྱི་ཆར་ཆུ་འབབ་པ་དེས་ཡ་མ་སུན་གཙང་བོའི་གཞུང་ཆུ་དང་ཆུ་ལག་གང་ཡིན་ནའང་རྒྱུན་དུ་ཆུ་ལོག་རྒྱུག་པ་དང་། ཆར་དུས་སུ་ཆུ་གཞུང་གི་གཏིང་ཚད་ཆ་སྙོམས་སྨི40ལ་སླེབས།   ཞེང་ཆ་སྙོམས་སྨི38ཇེ་ཆེར་འགྲོ་བ་ཡིན།   ཟླ11ནས་ཆུ་བོ་རྒྱས་ཤིང་ཕྱི་ལོའི་ཟླ6བར་དུ་ཆུ་བོ་རྒྱས་པའི་དུས་ཡིན།  དེ་ནས་ཟླ10བར་ཆུ་བོ་འགྲིབ་པའི་དུས་ཡིན།  ཡིན་ཡང་གཞུང་ཆུ་དང་ཆུ་ལག་ལ་ལའི་ཆུ་བོ་འཕེལ་འགྲིབ་ཀྱི་དུས་གཅིག་མཚུངས་མིན་ཏེ།  ཆུ་ལག་ནེ་ཀོ་ལུའོ་གཙང་བོའི་ཆར་དུས་ནི་ཟླ2ནས3པར་མགོ་བརྩམས་ཤིང་ཟླ6པར་ཐོན་དུས་མར་འགྲིབ་པ་ཡིན།  ཡང་ཆུ་ལག་མ་ཏའེ་ལ་གཙང་བོའི་འཕེལ་འགྲིབ་དེ་གཞུང་ཆུ་དང་བསྡུར་ན་ཟླ་གཉིས་ཀྱི་སྔོན་ལ་སླེབས་པ་ཡིན། 

ཆུ་མདོའི་ཞེང་ལ་སྟོང་སྨི240ཡོད་ལ་གཙང་བོ་རྒྱས་པའི་དུས་ཀྱི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི28ཡིན།  འདི་ལྟ་བུའི་བཞུར་ཚད་ཆེན་པོས་ངོགས་གཉིས་ཀྱི་སྟོང་སྨི160ཚུན་གྱི་མཚོ་ཆུ་དེ་ཚྭ་མེད་ཆུ་ལ་གྱུར་ཡོད།  ཡ་མ་སུན་གཙང་བོ་དེ་གལ་ཏེ་མ་ལ་ཉི་ཝུང་གཙང་བོ་མགོ་ཁུངས་ཡིན་པར་ཆ་བཞག་ན་རིང་ཚད་སྟོང་སྨི6299ཡིན་ལ།  གལ་ཏེ་ཧུའུ་ཁ་ཡ་ལི་གཙང་བོ་མགོ་ཁུངས་ཡིན་པར་ཆ་བཞག་ན་རིང་ཚད་ལ་སྟོང་སྨི6436ཡོད་པས་ཉི་ལུའོ་གཙང་བོའི་རིང་ཚད་ལས་བརྒལ་འདུག་པ་འཛམ་གླིང་གི་གཙང་བོ་རིང་བོ་ཨང་དང་པོར་གྲགས་ལ་ཆུ་བོ་ཆེན་པོ་ཨང་དང་པོརའང་གྲགས་སོ། །ཆུ་མདོའི་ལོ་དུ་མའི་ཆ་སྙོམས་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི17.5ཡིན། ལོ་རེའི་བཞུར་རྒྱུག་ཚད་སྨི་ལྷམ་པ་དུང་ཕྱུར་ཁྲི་6.93ཡིན་ལ། ལོ་རེའི་ཆ་སྙོམས་བཞུར་རྒྱུག་གི་གཏིང་ཚད་ཧའོ་སྨི1200ཡིན།  ཆུ་བོའི་བཞུར་རྒྱུག་ཏུ་གཡེང་འཕྱོའི་བྱེ་རྡུལ་འདུས་ཚད་ལོ་རེའི་ཆ་སྙོམས་སྨི་ལྷམ་པ་རེར་སྟོང་ཁེ0.22ཡིན་ལ་བྱེ་མ་སྐྱེལ་འདྲེན་གྱི་ཚད་སྟོང་ཁེ་དུང་ཕྱུར10ཡིན།  ཆུ་རྒྱས་པའི་དུས་སུ།  དབུས་རྒྱུད་ཀྱི་མ་ནའོ་སི་ཉེ་འཁོར་དུ་ཆུའི་ཞེང་ལ་སྟོང་སྨི5ཙམ་ཡོད་ལ། སྨད་རྒྱུད་ཀྱི་ཞེང་ལ་སྟོང་སྨི20ཡོད།  ཆུ་མདོའི་ཁུལ་དུ་ཞེང་ལ་སྟོང་སྨི80ཡོད།  དུང་ཆེན་ཁའི་དབྱིབས་ལྟར་མདལ་བའི་ཆུ་མདོའི་མཚོ་ཁུག་གི་ཞེང་ལ་སྟོང་སྨི240ཡོད། 

QQ截图20151106094027.png

ཡ་མ་སུན་གཙང་བོའི་ཆུ་རྒྱུན་ལ་ཁྱད་ཆོས་འགའ་ཡོད་དེ།

(1) བཞུར་འབོར་ཆེ་བ(ཐིག་དམར་ཉེ་འཁོར་དུ་ཡོད་པས་ཐིག་དམར་རླུང་གནོན་དམའ་མས་ཚོད་འཛིན་འོག་གནམ་ཆུ་ཧ་ཅང་ཕུན་སུམ་ཚོགས་པ་ཡོད) 

(2)ཆུ་གནས་ལ་འགྱུར་ལྡོག་ཆུང་བ (ཚ་ཁུལ་ཆར་ནགས་ནམ་ཟླར་གཏོགས་པས་ལོ་ཧྲིལ་བོར་གནམ་ཆུ་ཕུན་སུམ་ཚོགས) 

(3)འབབ་རྒྱུད་རྒྱ་ཆེ་བ(ཡ་མ་སུན་བདེ་ཐང་དུ་ཡོད)

(4) གཙང་རྒྱུན་དུ་བྱེ་མའི་འདུས་ཚད་ཆུང་བ(ཚ་ཁུལ་ཆར་ནགས་རྒྱ་ཆེར་ཁྱབ་པས་སྔོ་ཁེབས་ལེགས) 

(5)ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ(ཆུ་རྒྱུན་རི་ཁུལ་དང་བདེ་ཐང་བརྒྱུད་པས་མར་ལྟུང་ཚད་ཆེ་བ་དང་བཞུར་ཚད་ཆེ་བ)

(6)དར་ཆགས་པའི་སྐབས་དང་དར་ཞུ་བའི་སྐབས་ཀྱི་སྣང་ཚུལ་མེད་པ(ཚ་རྒྱུད་དུ་ཡོད་པས་གཙང་བོར་དར་མི་ཆགས)

4 ས་ངོས་ཆགས་ཚུལ།

ཡ་མ་སུན་གཙང་བོའི་འབབ་རྒྱུད་ནུབ་མཐོ་ཞིང་ཤར་དམའ་བ།  ལྷོ་མཐོ་ཞིང་བྱང་དམའ་བ།  སྟོད་རྒྱུད་ཀྱི་མགོ་ཁུངས་ནི་ཨན་ཏི་སི་རི་རྒྱུད་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་མཚོ་རྒྱུད་ཕུང་བསགས་མ་ལག་ཡིན།  མཚོ་འཕགས་སྨི3000ཡན་ཡིན་ཞིང་གཞུང་ཆུའི་ངོགས་གཉིས་མང་ཆེ་ཤས་སྨི200མན་གྱི་ཨན་ཏི་སིའི་ཕུང་བསགས་རིམ་པ་དང་སྐམ་སའི་དབུས་ཁུལ་གྱི་ཕུང་བསགས་རིམ་པ་ཡིན།  བྱང་ཕྱོགས་ནི་ཀུའེ་ཡ་ན་མཐོ་སྒང(མཚོ་འཕགས་སྨི300ནས400) དང་ལྷོ་ཕྱོགས་ནི་པར་ཙིལ་མཐོ་སྒང(མཚོ་འཕགས་སྨི300ནས1500)ཡིན།

ཡ་མ་སུན་གཙང་བོའི་འབབ་རྒྱུད་ནི་རྒྱ་ཆེ་བའི་ཀོང་ས་ཡིན།  གསར་ཐོན་དུས་རབས་ཀྱི་སྔོན་ལ་འདི་ནི་རྒྱ་མཚོའི་གྲོག་རོང་ཟབ་མོ་ཞིག་ཡིན་ལ་རྗེས་སུ་དིམ་བསགས་དངོས་པོ་མང་བོས་སྙོམས་པོར་བྱས།  ཡ་མ་སུན་གཙང་བོའི་སྟོད་རྒྱུད་དུང་ཆེན་ཁ་ལྟར་ཕྱེ་པའི་རྒྱ་ཆེ་བའི་ས་ཀོང་ཡིན་ཞིང་དེ་མཐོ་རྒྱུ་མེད་པའི་གནའ་བོའི་ཞུན་ཆགས་དངོས་པོའི་གྲུབ་པའི་མཐོ་སྒང་གཉིས་ཀྱི་བར་དུ་ཡོད་དེ།   བྱང་ཕྱོགས་ནི་ཅུང་མཐོ་བའི་ཀུའེ་ཡ་ན་མཐོ་སྒང་དང་ལྷོ་ཕྱོགས་ནི་ཅུང་དམའ་བའི་པར་ཙིལ་མཐོ་སྒང་ཡིན།  

སྨད་རྒྱུད་ཀྱི་ཞིང་ཀུའུ་ཆུ་བོའི་ཁ་གཏད་ཀྱི་བྱང་ངོགས་སུ་རྩེ་མཉམ་པའི་རི་ཆུང་་མང་བོ་ཡོད་པ་དེ་སྟོང་སྨི240ཙམ་གྱི་རིང་ལ་རྒྱུན་བསྲིངས་ཡོད།  ཞིང་ཀུའུ་ཆུ་བོའི་ཡན་ཆད་ཀྱི་ལྷོ་ངོགས་ལེ་ཀོ་ཨའེ་རི་བོ་ཡིན།  རི་གཟར་རིང་བོ་དེས་ཡ་མ་སུན་གཙང་བོའི་གཙང་ངོགས་ལ་བཀག་རྒྱ་ཐེབས།  ཧྲེང་ཐ་ལུན་ནས་ལྷོ་ནུབ་ཏུ་དཀྱོགས་ཤིང་ཆུ་ལག་གཞན་ཞིག་སྟེ་ཐ་ཕ་རུའོ་ཆུ་བོའི་ལུང་གཞུང་གྲུབ།

ཡ་མ་སུན་གཙང་བོའི་ཆུ་མདོ་ས་ཁུལ་གྱི་ས་བབ་མར་བབས་པའི་ཤུགས་རྐྱེན་འོག་ཆུ་བོས་རྒྱ་མཚོ་ནང་དུ་འཁུར་བའི་བྱེ་འདམ་གཙང་བོའི་འགྲམ་ངོགས་ཀྱི་རྦ་རླབས་ཀྱིས་དེད་པས་ཟུར་གསུམ་གླིང་གྲུབ་མེད།  ཆུ་མདོའི་དབྱིབས་དུང་ཆེན་ཁའི་དབྱིབས་ལྟར་མདལ་བའི་མཚོ་ཁུག་ཡིན་ལ་དེའི་ཞེང་ལ་སྟོང་སྨི340ཡོད་པས་མཚོ་རླབས་གྱེན་ལྡོག་ལ་ཆ་རྐྱེན་ལེགས་པོ་ཞིག་མཁོ་སྤྲོད་བྱས་ཡོད།

ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ས་བབ་དམའ་ཞིང་བདེ་བས་ཆུའི་གཟར་ཚད་ཅུང་ཆུང་བ་དང་རྒྱུག་ཚད་དལ་བ་ཡིན།  ཆུ་ལོག་རྒྱས་པའི་དུས་ཚིགས་སུ་འཁྱིལ་ཆུ་བཤང་སྟེ་ཤར་སྐྱོད་མི་ཐུབ་པས་ཆུ་གནས་སྨི10ནས15བར་ཐོན་ཞིང་ཆུ་ལོག་གིས་དབུས་སྨད་རྒྱུད་ཀྱི་ཆུ་ལོག་ཁུལ་ངོགས་གཉིས་ཀྱི་ཞེང་སྟོང་སྨི80ནས250བར་གྱི་ས་ཁོད་སྙོམས་པོ་སྣུབ་པར་བྱས་ཏེ་ཟླ་འགའི་རིང་ལ་གནས་འདི་མཚོ་ཆེན་ཞིག་ཏུ་གྲུབ་པར་བྱས་ཡོད།  ཆུ་མཉམ་པའི་དུས་སུ། དབུས་རྒྱུད་ཀྱི་མ་ནའོ་སི་ཉེ་འཁོར་གྱི་ཆུ་ཞེང་ལ་སྟོང་སྨི5ཡན་ཡིན། སྨད་རྒྱུད་ཀྱི་ཞེང་ལ་སྟོང་སྨི20དང་།  ཆུ་མདོའི་ཞེང་ལ་སྟོང་སྨི80ཡིན།  དེ་བས་ཡ་མ་སུན་གཙང་བོ་ལ”ཆུ་མཚོ“ཡང་ཟེར། 

5 ནམ་ཟླ།

ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ནམ་ཟླ་ནི་ཚ་ཁུལ་ཆར་ནགས་ནམ་ཟླར་གཏོགས་ལ།  སྟོད་རྒྱུད་ས་མཐོ་རི་ཁུལ་ནམ་ཟླར་གཏོགས་པ་ཡིན།  ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ནམ་ཟླ་དྲོ་ཞིང་བཞའ་ཚན་ཆེ་བ། ཆར་ཆུ་མང་བ།  ས་ཁུལ་མང་ཤས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི2000ཡན་ཡིན།  ཐིག་དམར་གཡས་གཡོན(ཡ་མ་སུན་གཙང་བོའི་བྱང་ངོས་ཐིག་དམར་དང་ཉེ་བ)གྱི་ཉིན་མཚན་རིང་ཐུང་འདྲ་མཚུངས་ཡིན།  མཚན་མོ་རྒྱུན་དུ་གནམ་ངོ་དྭངས་ཤིང་གསལ་བས་ཉིན་མོའི་དུས་ཚོད12རིང་ས་ངོས་ཀྱིས་ཉི་མའི་ཚ་ཚད་བསྡུ་ལེན་བྱས་པ་དེ་ཅུང་མགྱོགས་པའི་ངང་ཁྱབ་འབྱེད་བྱེད་ཐུབ།  ཉིན་མོ་དང་ནམ་གུང་དབར་གྱི་དྲོད་ཁྱད་དེ་ཆེས་དྲོ་བའི་ཟླ་བ་དང་ཆེས་བསིལ་བའི་ཟླ་བའི་དབར་གྱི་དྲོད་ཁྱད་ལས་ཆེ་བ་ཡོད་པས་མཚན་མོ་ནི་ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་དགུན་དུས་ཡིན།  མ་ནའོ་སིའི་ཉེ་འཁོར་གྱི་ཉིན་རེའི་ཆ་སྙོམས་དྲོད་ཚད་མཐོ་ཤས་ནི32℃དང་ཆ་སྙོམས་དྲོད་ཚད་དམའ་ཤས24℃ཡིན།  མཚམས་རེར་ཅུང་གྲང་པའི་དུས་སྐབས་ཐོན་སྲིད་ལ་དེ་ནི་སའི་གོ་ལ་ཕྱེད་ལྷོ་མ་དགུན་དུས་ཡིན།  ལྷག་པར་དུ་ཤུགས་དྲག་པའི་རླུང་ཚོམ་དེ་གླིང་སྣེ་ས་ཁུལ་ནས་བྱང་ཕྱོགས་ཀྱི་ཡ་མ་སུན་གཙང་བོའི་འབབ་རྒྱུད་བརྒྱུད་སྐབས་དྲོད་ཚད་མགྱོགས་མྱུར་གྱིས་མར་ཆག་པ་ཡིན།  ལོ་རེ་རེའི་དུས་སྐབས་གང་རུང་དུ།  ཉིན་འགའ་ལ་ཆར་བ་ཆེན་པོ་བསྟུད་མར་བབས་རྗེས་སླར་ཡང་གནམ་ངོ་དྭངས་པའི་གནམ་གཤིས་ཐོན་པ་ཡིན།  མཚན་མོར་བསིལ་ཞིང་དྲོད་ཚད་དམའ་བ།   སྨད་རྒྱུད་ས་ཁུལ་དུ་ལོ་ཧྲིལ་བོའི་ནང་དུས་ཚོད་མང་ཆེ་ཤས་བསིལ་བའི་རང་བཞིན་གྱི་གཏན་རླུང་གཡུག་པ་ཡིན།  

QQ截图20151106094057.png

ས་ཁུལ་འདིའི་ནམ་ཟླ་ལས།  གནམ་ཆུ་འབབ་ཚད་དེ་དྲོད་ཚད་ལས་གལ་ཆེ་བོ་འདུག  ནུབ་རྒྱ་མཚོ་ཆེན་པོའི་སྟེང་གི་བཞའ་ཚན་ཅན་གྱི་རླུང་རྒྱུན་དེ་མེ་གླིང་ལྷོ་མ་འཕྲེད་ཀྱིས་བཅད་དེ་ཨན་ཏི་སི་རི་རྒྱུད་ཀྱི་ཤར་ཕྱོགས་སུ་སླེབས་དུས་རི་བོས་བཀག་པས་རི་ལྡེབས་ནས་ རླུང་རྒྱུན་ཡར་འཕྱུར་བ་ཡིན།  ས་དབྱིབས་ཇེ་མཐོར་སོང་བ་དང་བསྟུན་ནས་དྲོད་ཚད་རིམ་བཞིན་མར་ཆག་སྟབས་ཆུ་རླངས་འཁྱགས་ནས་སྤྲིན་པར་གྱུར་རྗེས་ཆར་བ་ཆེན་པོ་བབས། ཆར་ཆུ་འདུས་ནས་ཆུ་བོ་ཆེན་པོ་དང་གཙང་བོ་ཆེན་པོར་གྱུར་ཏེ་ཨན་ཏི་སི་རི་རྒྱུད་ནས་ཤར་ཕྱོགས་སུ་རྒྱུག་པ་དང་།  རྒྱ་ཆེ་བའི་ཡ་མ་སུན་གཙང་བོའི་ཆུ་བོའི་མ་ལག་གྲུབ་པ་ཡིན།

ཆར་ཆུ་འབབ་ཚད་ཀྱི་གནས་ཚུལ་གཞིར་བཟུང་ནས་བལྟས་ན།  ཡ་མ་སུན་ས་ཁུལ་གྱི་ནམ་ཟླ་རིགས་གསུམ་ལ་དགར་ཆོག་སྟེ།  རིགས་དང་པོར་ཡ་མ་སུན་གཙང་བོའི་ཆུ་མདོ་དང་འབབ་རྒྱུད་ནུབ་ཕྱོགས་གཏོགས་པ་ཡིན་ལ།  ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི2000ཡན་ཡོད།  ལོ་ཧྲིལ་བོར་ཆར་ཆུ་འབབ་ཚད་ཀྱི་ཁྱབ་ཚུལ་ཆ་སྙོམས་ཡིན།  ལོ་ལ་ལར་རྒྱུན་ལྡན་གྱི་གནམ་ཆུ་འབབ་ཚད་ལས་ལྡབ་གཅིག་གིས་མང་བ་ཡིན་པ་དང་ཡང་ལོ་ལ་ལར་ཡིན་རིང་ཐན་དུས་ཡིན་པས་ཆར་ཆུ་ཧ་ཅང་ཉུང་།   རིགས་གཉིས་པར་ཡ་མ་སུན་ས་ཁུལ་མང་ཆེ་ཤས་གཏོགས་པ་ཡིན་ཏེ།  དུས་ཚིགས་གཅིག་ལ་ཆར་ཆུ་འབབ་ཚད་ཧ་ཅང་ཉུང་བ་དང་དེས་སྐྱེ་དངོས་ཀྱི་སྐྱེ་ཚད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་མེད།  རིགས་གསུམ་པར་ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ལྷོ་རྒྱུད་ས་ཁུལ་གཏོགས་པ་ཡིན། ནམ་ཟླ་རིམ་པ་ལྟར་པར་ཙིལ་དབུས་ཁུལ་དང་ནུབ་ཁུལ་གྱི་ནམ་ཟླར་འགྱུར་བ་དང་ཕྱེད་ལྷོ་མ་དགུན་དུས་ཡིན་དུས་མངོན་གསལ་གྱི་ཐན་དུས་ཞིག་བྱུང་། 

ཡ་མ་སུན་གཙང་བོའི་འབབ་རྒྱུད་ས་བབ་དམའ་ཞིང་བདེ་ལ་ས་ཁུལ་མང་ཤས་ཀྱི་མཚོ་འཕགས་སྨི150མན་ཆད་ཡིན།   དེ་བས་འདི་རུ་ཆུ་རྒྱུན་གྱ་གྱུར་བཞུར་ཞིང་མཚེའུ་མང་བོ་ཡོད།  ཆར་མང་དང་བཞའ་ཚན་ཆེ་བ།  དྲོད་ཚད་མཐོ་བ་བཅས་ཆེས་མངོན་གསལ་གྱི་ནམ་ཟླའི་ཁྱད་ཆོས་ཡིན། 

6 ཐོན་ཁུངས།

ཡ་མ་སུན་གཙང་བོའི་འབབ་རྒྱུད་དུ་འཛམ་གླིང་ཐོག་སྐྱེ་དངོས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པོ་གསགས་ཡོད་ལ་སྐྱེ་དངོས་རིགས་མི་འདྲ་བ་ཁྲི་བརྒྱ་ལྷག་ཡོད།   ཡ་མ་སུན་གཙང་བོ་དེ་ཚྭ་མེད་ཆུའི་སྤྱན་གཟིགས་ཉ་མོའི་ཐོན་ཁུངས་གཙོ་བོ་ཡིན་པའི་རྐྱེན་གྱིས་འཛམ་གླིང་ལ་མིང་དུ་གྲགས་སོང་།  དེའི་ཕུན་སུམ་ཚོགས་ཤིང་མཚར་སྡུག་བཀྲ་བའི་ཚྭ་མེད་ཆུའི་སྤྱན་གཟིགས་ཉ་མོས་འཛམ་གླིང་གི་སྤྱན་གཟིགས་ཉ་མོར་དགའ་མཁན་དང་སྐྱེ་དངོས་རིག་པ་ཚོའི་ཡིད་ཀྱི་དུངས་པ་འདྲེན་བཞིན་ཡོད།

ཡ་མ་སུན་གཙང་བོ་ལ་ད་དུང་འཛམ་གླིང་རང་བྱུང་ཁྱད་མཚར་ཅན་ཞིག་ཡོད་པ་ནི་རླབས་འཕྱོ་ཡིན།  དེ་ནི་རང་རྒྱལ་གྱི་ཆན་ཐང་གཙང་བོའི་རྦ་རླབས་ཆེན་པོའི་མཛེས་པ་དང་གཅིག་མཚུངས་རེད།  ཡ་མ་སུན་གཙང་བོ་མེ་གླིང་ལྷོ་མའི་སྐམ་ས་ཆེན་པོ་འཕྲེད་ཀྱིས་བཅད་དེ་པར་ཙིལ་གྱི་མ་ལ་རུའོ་ཉེ་འཁོར་ནས་ནུབ་རྒྱ་མཚོ་ཆེན་པོའི་ནང་འབབ་པ་ཡིན། 

6_1 ཆུའི་ཐོན་ཁུངས།

ཡ་མ་སུན་གཙང་བོ་ནི་འཛམ་གླིང་ཐོག་འབབ་ཚད་དང་འབབ་ཡུལ་ཆེས་ཆེ་བ་དང་ཆུ་ལག་ཆེས་མང་བའི་གཙང་བོ་ཡིན་ལ། བཞུར་ཚད་ཧ་ལམ་འབྲི་ཆུའི་ལྡབ7དང་འཛམ་གླིང་གི་ཆུ་བོའི་བཞུར་ཚད་ཀྱིས་རྒྱ་ཆའི་ཉི་ཤུ་ཟིན་ཡོད། 

6_2 ཆུ་ཐོག་སྐྱེལ་འདྲེན་ཐོན་ཁུངས།

ཡ་མ་སུན་གཙང་བོའི་ཆུ་མགོ་ནས་ཆུ་མདོ་བར་ལ་མཐོ་དམའ་མངོན་གསལ་མེད་པ་དང་ཐིག་དམར་ཆར་མང་ཁུལ་དུ་ཡོད་པས་ཆུ་ལམ་གཏིང་ཟབ་ཅིང་།   ཆུ་ཞེང་ཆེ་ལ་བདེ་བ།   རྒྱུག་ཚད་དལ་བ་སོགས་ཀྱིས་ཆུ་ཐོག་སྐྱེལ་འདྲེན་ལ་ཆ་རྐྱེན་ལེགས་པོ་སྐྲུན་ཡོད།  མ་ནའོ་སི་གྲུ་ཁ་ནི་ཡ་མ་གཙང་བོའི་གྲུ་ཁ་གཙོ་བོར་གྱུར། 

6_3 ལྗོངས་རྒྱུ་ཐོན་ཁུངས།

ཡ་མ་སུན་གཙང་བོ་ལ་ད་དུང་འཛམ་གླིང་རང་བྱུང་ཡུལ་ལྗོངས་ཁྱད་མཚར་ཅན་ཞིག་ཡོད་པ་ནི་རླབས་འཕྱོ་ཡིན།  དེ་ནི་རང་རྒྱལ་གྱི་ཆན་ཐང་གཙང་བོའི་རྦ་རླབས་ཆེན་པོའི་མཛེས་པ་དང་གཅིག་མཚུངས་རེད།  ཡ་མ་སུན་གཙང་བོ་མེ་གླིང་ལྷོ་མའི་སྐམ་ས་ཆེན་པོ་འཕྲེད་ཀྱིས་བཅད་དེ་པར་ཙིལ་གྱི་མ་ལ་རུའོ་ཉེ་འཁོར་ནས་ནུབ་རྒྱ་མཚོ་ཆེན་པོའི་ནང་འབབ་པ་ཡིན།    ཡ་མ་སུན་གཙང་བོ་རྒྱ་མཚོར་འབབ་སའི་ཆུ་མདོའི་དབྱིབས་ནི་དུང་ཆེན་གྱི་ཁ་ལྟར་མདལ་བས་མཚོ་རླབས་དེ་ནས་གཙང་བོ་དང་གྱེན་ལྡོག་ཏུ་སྟོང་སྨི600ནས1000མཚམས་སུ་ཐོན་ཡོད།   སྤྱིར་བཏང་དུ་རླབས་མགོའི་མཐོ་ཚད་ལ་སྨི1ནས2ལྷག་ཡོད་ལ།  རྦ་རླབས་ཆེ་དུས་སུ་སྨི5ཙམ་ལ་ཐོན་ཐུབ།  པར་ཙིལ་མི་དམངས་ཀྱིས་ཡ་མ་སུན་གྱི་རྦ་རླབས་ལ་པོ་པོ་ལུའོ་ཁ་ཞེས་འབོད།  རླབས་འཕྱོ་བའི་སྐབས་སུ་ལྗོངས་རྒྱུ་བ་ཆེས་མང་བོའི་དུས་ཡིན།  ཁྱད་མཚར་བའི་འབུ་སྲིན་དང་རྩི་ཤིང་།  འདབ་ཆགས་སོགས་དང་ལྷག་པར་དུ་གདོད་མའི་ནགས་ཚལ་ལ་ལྟ་སྐོར་དུ་ཡོང་མཁན་མང་བོ་ཡོད།

QQ截图20151106094908.png

6_4 སྐྱེ་དངོས་ཀྱི་ཐོན་ཁུངས།

ཡ་མ་སུན་གཙང་བའི་ཚྭ་ཁུལ་ཆར་ནགས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི600ཡོད་པ་དང་པར་ཙིལ་རྒྱལ་ཁབ་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཞི་བཅུ་ཁེབས་ཡོད།  བྱང་ཕྱོགས་ཀུའེ་ཡ་ན་མཐོ་སྒང་དང་ནུབ་མཚམས་ཨན་ཏི་སི་རི་རྒྱུད།  ལྷོ་ཕྱོགས་པར་ཙིལ་དཀྱིལ་དབུས་མཐོ་སྒང་།  ཤར་ཕྱོགས་ནུབ་རྒྱ་མཚོ་ལ་ཐུག་ཡོད། 

ཡ་མ་སུན་ཚྭ་ཁུལ་ཆར་ནགས་དེ་ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་བཞའ་ཚན་ཆེ་བའི་ནམ་ཟླ་ལ་རག་ལས་པ་ཡིན།   ཆར་ནགས་འདིའི་སྐྱེ་དངོས་སྣ་མང་རང་བཞིན་ཧ་ཅང་འབུར་ཐོན་ཡིན།  འབུ་སྲིན་དང་རྩི་ཤིང་།  འདབ་ཆགས་སོགས་རིགས་ཁྲི་བརྒྱ་ལྷག་ཡོད་ལ་དེ་མང་ཤས་ཤིག་ཚན་རིག་པ་ཚོས་ད་དུང་ཟིན་ཐོར་བཀོད་མེད།   འདི་རུ་འབུ་སྲིན་རིགས་ཁྲི250དང་།  རྩི་ཤིང་རིགས་ཁྲི་ཡན་ཡོད།  འདབ་ཆགས་དང་འོ་འཐུང་སྲོག་ཆགས་རིགས2000ལྷག་ཡོད།  འཛམ་གླིང་གི་འདབ་ཆགས་སྤྱིའི་གྲངས་འབོར་གྱི་ལྔ་ཆའི་གཅིག་ཟིན་ཡོད།  ཆེད་མཁས་ལ་ལས་རགས་རྩིས་བྱས་པ་ལྟར་ན།   སྟོང་སྨི་གྲུ་བཞི་མ་རེའི་ནང་དུ་ཧ་ལམ་ལྗོན་ཤིང་རིགས་མི་གཅིག་པ750ལྷག་ཡོད་པ་དང་མཐོ་རིམ་སྐྱེ་དངོས་རིགས་ཁྲི15ཡོད། 

ཡ་མ་སུན་གཙང་བོའི་ནང་དུ་ཆུ་སྐྱེས་སྐྱེ་དངོས་སྣ་ཚོགས་འཚོ་གནས་བྱས་ཡོད་ལ།  ཡ་མ་སུན་མཚོ་ཕག་ནི་འཛམ་གླིང་ཐོག་གཟུགས་དབྱིབས་ཆེས་ཆེ་བའི་ཚྭ་མེད་མཚོ་ཕག་ཡིན་ལ་རིང་ཚད་ལ་སྨི2.6ལྷག་ཡོད། ད་དུང་མི་ཟན་ཉ་ཡོད་ལ་དེ་དག་གིས་རྒྱུན་དུ་མི་དང་དུད་འགྲོ་ལ་ཚུར་རྒོལ་བྱེད་བཞིན་ཡོད།  ཆེད་མཁས་ལ་ལས་ཁོ་ཚོ་དེ་འདྲ་འཇིགས་སུ་རུང་བ་ཞིག་ཡིན་པར་མི་འདོད་མོད། སྤྱི་ལོ1981ལོར་ཨོ་པི་ཏའོ་སི་ནས་མཚོ་གྲུ་ཆུར་ནུབ་པའི་དོན་རྐྱེན་ཁྲོད་མི་ཟན་ཉས་ཚེ་སྲོག300འཕྲོག་པ་དོན་དངོས་ཡིན། ། 

ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ཆུ་གཏིང་ཐུང་དུ་ཆུ་སྦྲུལ་ཆེན་པོ་ཡོད།  དེ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་སྦྲུལ་ཡིན་ལ་དུས་ཚོད་མང་ཆེ་བ་ཆུ་ནང་དུ་འཚོ་ཞིང་ནམ་ཡང་སྣ་ཁུང་ཆུ་ཁར་བུད་དེ་གནས་ལ་སྤྱིར་བཏང་དུ་ཉ་པར་ཚུར་རྒོལ་མི་བྱས།  ཆུ་ནང་དུ་ད་དུང་ཉའི་རིགས་དང་སྡིག་སྲིན་གྱི་རིགས། རུས་སྦལ་གྱི་རིགས་སོགས་སྟོང་ཕྲག་འགའ་ཤས་འཚོ་གནས་བྱེད་འདུག 

QQ截图20151106094223.png

“སའི་གོ་ལའི་གློ་བའི”མཚན་སྙན་ཐོབ་པའི་ཡ་མ་སུན་གཙང་བོའི་འབབ་རྒྱུད་དུ་རྩི་ཤིང་རིགས་མང་བ་འཛམ་གླིང་གི་ཨང་དང་པོ་ཡིན་ལ།  ལྗོན་ཤིང་མང་བོའི་རིང་ཚད་ལ་སྨི་དྲུག་ཅུ་ལྷག་ཡོད་པས་གནམ་འགེབས་ཉི་སྒྲིབ་བྱས་འདུག་པའི་རྐྱེན་གྱིས་ཐན་དུས་སུ་ནགས་ཚལ་གྱི་ས་ངོས་སྐྱ་ཐང་ཐང་དང་རུལ་མྱགས་སུ་སོང་བའི་ཡལ་འདབ་ལས་མེད།  ཡིན་ཡང་ཆུ་འཁྱིལ་སླ་བའི་ནགས་ཚལ་དུ་སྡོང་ཐུང་ལྗོན་ཤིང་དང་སྡོང་རིང་ལྗོན་ཤིང་གི་ཡལ་ག་ཚང་ཚིང་དུ་འཁྲིགས་ཡོད།  ཤིང་སྡོང་གི་ཡལ་འདབ་མཐོ་ས་ནས་དམའ་སར་རིམ་པ་ཆགས་ཡོད་ལ་རིམ་པ་སོ་སོར་སྐྱེས་སྟོབས་ཀྱིས་ཁེངས།  སྦ་ཤིང་དང་སྣ་མའི་མེ་ཏོག   ཤིང་ཏོག་ཧྥེང་ལི་སོགས་རྩི་ཤིང་དག་གིས་སྐྱེས་སྟོབས་ཀྱི་དཔལ་འགྲན་བཞིན་ཡོད།  སྤྲེལ་དང་སྡོང་སྲམ།  བྱ་སྦྲང་མ།  ནེ་ཙོ།  ཕྱེ་མ་ལེབ་ཆེ་བ།  གྲངས་མེད་པའི་ཕ་ཝང་སོགས་གནས་དེ་རུ་བབ་སྡོད་བྱས་ཡོད།   ཆུ་ནང་དུའང་ཁན་མོན་ཉ་ཆེན་རྨིགས་པ་དང་ཚྭ་མེད་རུས་སྦལ།  མཚོ་གླང་དང་མཚོ་ཕག་སོགས་འཚོ་གནས་བྱས་ཡོད།   སྐམ་སར་མེ་གླིང་གཟིག་དང་ཞི་ལ་སྐེད་ཕྲ།   མཚོ་ཕག་སོགས་འཚོ་གནས་བྱས་ཡོད། 

བརྡ་འགྲེལ་གདོང་འཛར།

ས་ཁམས། ཆུ་བོ། ཡ་མ་སུན་གཙང་བོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།