ཁཱ་ན་སི་མཚེའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁཱ་ན་སི་མཚེའུ།
ཀྲུང་གོ་དང་ཧ་ས་ཁི་སི་ཐན། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་འབྲེལ་མཚམས་ཀྱི་ཨ་ཨེར་ཐའེ་ཧྲན་རི་བོའི་ནགས་རྫུབས་སྟུག་པོའི་ཁྲོད་དུ། མཚེའུ་ཡིད་དུ་འོང་བ་ཞིག་ཡོད་དེ། དེ་ཡི་ཁ་དོག་དུས་ཚིགས་དང་བསྟུན་ནས་འགྱུར་བ་དང་། ངག་རྒྱུན་དུ་མཚེའུ་ནང་དུ་ཀླུ་བདུད་ཅིག་གནས་སྐད། གནས་འདི་ནི་མི་ཡུལ་གྱི་དག་ཞིང་། ཤར་ཕྱོགས་ཀྱི་སུའེ་ཙེར་དུ་འབོད་པའི་ཁཱ་ན་སི་མཚེའུ་ཡིན། ཁཱ་ན་སི་ནི་སོག་པོའི་སྐད་དེ་མཛེས་སྡུག་འབྱོར་ཕྱུག་ལྡན་ཞིང་ངོ་མཚར་ལྐོག་གྱུར་ཡིན་པ་ཞེས་པའི་དོན་ཡིན་ཏེ། ཧ་ལམ་ལོ་ངོ་ཁྲི་སུམ་ཅུ་ནས་སོ་ལྔའི་སྔོན་དུ་འཁྱགས་རླུང་གིས་ཆུ་ལམ་བཅད་པས་ད་གཟོད་ཁཱ་ན་སི་མཚེའུ་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
喀纳斯湖
ཕྱི་ཡིག་གི་མིང་།
Kanas Lake
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས།
གནམ་གཤིས།
དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླ།
གནས་ཡུལ།
ཀྲུང་གོའི་ཞིན་ཅང་བྱང་ཁུལ།
མཚོ་འཕགས།
སྨི1374
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ45.73
ཆ་སྙོམས་ཟབ་ཚད།
སྨི125
ཆུ་གསོག་ཚད།
སྨི་གྲུ་བཞི་ལྷམ་པ་དུང་ཕྱུར53.8
མཛེས་ལྗོངས་གྲགས་ཅན།
ཟླ་བའི་ཁུག་པ། དྲང་སྲོང་ཁུག་པ། གཡུ་འབྲུག་ཚང་ཉལ་ཁུག་པ།
1 ངོ་སྤྲོད།

ཀྲུང་གོ་དང་ཧ་ས་ཁི་སི་ཐན། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་འབྲེལ་མཚམས་ཀྱི་ཨ་ཨེར་ཐའེ་ཧྲན་རི་བོའི་ནགས་རྫུབས་སྟུག་པོའི་ཁྲོད་དུ། མཚེའུ་ཡིད་དུ་འོང་བ་ཞིག་ཡོད་དེ། དེ་ཡི་ཁ་དོག་དུས་ཚིགས་དང་བསྟུན་ནས་འགྱུར་བ་དང་། ངག་རྒྱུན་དུ་མཚེའུ་ནང་དུ་ཀླུ་བདུད་ཅིག་གནས་སྐད། གནས་འདི་ནི་མི་ཡུལ་གྱི་དག་ཞིང་། ཤར་ཕྱོགས་ཀྱི་སུའེ་ཙེར་དུ་འབོད་པའི་ཁཱ་ན་སི་མཚེའུ་ཡིན། ཁཱ་ན་སི་ནི་སོག་པོའི་སྐད་དེ་མཛེས་སྡུག་འབྱོར་ཕྱུག་ལྡན་ཞིང་ངོ་མཚར་ལྐོག་གྱུར་ཡིན་པ་ཞེས་པའི་དོན་ཡིན་ཏེ། ཧ་ལམ་ལོ་ངོ་ཁྲི་སུམ་ཅུ་ནས་སོ་ལྔའི་སྔོན་དུ་འཁྱགས་རླུང་གིས་ཆུ་ལམ་བཅད་པས་ད་གཟོད་ཁཱ་ན་སི་མཚེའུ་བྱུང་བ་རེད།  མཚེའུ་དེ་ནི་འཁྱགས་ཀླུང་གི་མཚེའུ་ཞིག་ཡིན་ལ། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་བཞི་ཚག་བརྒྱད་ལས་མེད་པས་ཁོད་རྒྱ་ཆུང་མོད་གཏིང་ཧ་ཅང་ཟབ། ཆུའི་ཟབ་ཚད་ལ་སྨི120་ཡོད་པས། ཀྲུང་གོའི་མཚེའུ་གཏིང་ཟབ་མོས་གྲས་ཡིན་ནོ། །

2 མཛེས་ལྗོངས།

ཁཱ་ན་སི་མཚེའུ་ནི་མིང་གྲགས་ཆེ་བའི་མདོག་འགྱུར་མཚེའུ་ཞིག་ཡིན་པ་དང་། མཚེའུ་ཡི་ངོས་ཀྱི་ཁ་དོག་ནི་དུས་ཚིགས་དང་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་འགྱུར་བ་རེད། ཁཱ་ན་སི་མཚེའུ་ཡི་འགྲམ་ངོགས་སུ་རྫུབས་ཤིང་སྟུག་པོར་སྐྱེས་པའི་གདོད་མའི་ནགས་ཚལ་དང་། རྩེ་མོ་དགུང་དུ་སྙེག་པའི་རི་སྒང་། ད་དུང་གྲང་ཁུལ་དང་གྲང་ཁུལ་བར་མ་ལས་མི་མཐོང་བའི་ལོ་སྐྱུར་ཐང་ཤིང་དང་། གསོན་དམར། གསོམ་ནག་སོགས་རྩ་ཆེ་བའི་རྩི་ཤིང་མང་པོ་ཡོད་ལ། སྟོན་ཁར་བསླེབས་དུས་སུ། མཚེའུ་ཡི་འགྲམ་ངོགས་ཀྱི་སྡོང་ལོ་རིམ་གྱིས་དམར་པོ་ནས་སེར་པོར་འགྱུར་བ་དང་། སྔོ་སེང་གི་ནམ་མཁའ་དང་རབ་དཀར་གྱི་སྤྲིན་པ། བརྗིད་ཆགས་པའི་གངས་རི་སོགས་ཀྱི་ལྡོག་གཟུགས་མཚེའུ་ནང་དུ་འཆར་དུས་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད། ལོ་བརྒྱ་ཕྲག་མང་བོར་གནས་འདི་གར་ཁཱ་ན་སི་མཚེའུ་ཡི་ཀླུ་བདུད་ཅེས་པའི་ངག་རྒྱུན་ཞིག་ད་ལྟའི་བར་དུ་ཁྱབ་ཡོད་ལ། ཉེ་བའི་ལོ་འདི་དག་ཏུ་གནས་སྐོར་པ་དང་ཚན་རིག་རྟོག་ཞིབ་པས་རིམ་བཞིན་རྟོག་ཞིབ་བགྱིས་ཏེ་དེ་ལྟ་བུའི་གཏོས་ཆེ་བའི་ཉ་རིགས་ཤིག་ཡོད་མེད་བརྟག་བཞིན་གདའ། ཚན་རིག་པ་དག་གིས་ཀྱང་ཉ་ཆེན་དེ་ཡོད་མེད་ད་ཕན་བར་ཐག་གིས་བཅད་མེད་པས། ངག་རྒྱུན་འདིས་ཀྱང་ཁཱ་ན་སི་མཚེའུ་ལ་ལྐོག་གྱུར་གྱི་ཁ་དོག་ཅིག་བསྣན་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།