མཚོ་ཁ་དམར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མཚོ་ཁ་དམར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མེ་རི་གྲོང་རྡལ་མངའ་ཁོངས་ཀྱི་མཚོ་ཞིག)

ས་མིང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་གི་ནུབ་ཕྱོགས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
措卡莫 尔
ལ་ཏིང་གི་མིང་།
mtsho kha dmar
སྲིད་འཛིན་ཁོངས་གཏོགས།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མེ་རི་གྲོང་རྡལ།
གནས་ཡུལ།
ཐེམ་ཆེན་རྫོང་གི་ནུབ་ཕྱོགས་སུ་ཡོད།
རིགས་དབྱེ།
མཚོ།
མིང་གཞན།
མཚོ་ཁ་ཕོར།
1 ​ངོ་སྤྲོད།

སྤྱིར་བོང་སྟག་ཏུ་རང་བྱུང་གིས་གྲུབ་པའི་མཚོ་མོ23ཡོད་ལ་སྤྱིའི་རྒྱ་ཁྱོན་དུ་སྤྱི་ལེ་གྲུ་བཞི་མ25ལྷག་ཡོད་པ་དང་། དེའི་ནང་དུ་མཚོ་མོ་ཆེན་པོ་དྲུག་ཡོད་ལ། མཚོ་ཁ་དམར་ནི་དེའི་གྲས་ཀྱི་གཅིག་ཡིན།   མཚོ་འདི་ནི་མོག་ཆེན་ཡུལ་དུ་ཡོད་པ་དང་མཚོ་ཁ་ཡོངས་སུ་ཆུ་བྱ་ངང་དམར་གྱིས་ཁེབས་པའམ་མཚོ་འགྲམ་ས་དམར་ཡིན་པས་མིང་ལ་མཚོ་ཁ་དམར་ཞེས་ཐོགས་པ་དང་། མཚོ་ཆུང་འདི་ནི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་མདུན་དུ་ཡོད་པ་དང་གཞི་བདག་གི་ཇ་ཕོར་ལྟ་བུ་ཡིན་པས་མཚོ་ཁ་ཕོར་དུ་འབོད་པའི་སྲོལ་ཡང་ཡོད།  མཚོ་ཆུའི་འབྱུང་ཁུངས་ནི་ཐོ་ལིའི་ལྷོ་རྒྱུད་ཀྱི་རི་ལུང་གི་དར་ཆུ་སོགས་ཡིན་ལ། མཚོ་དབྱིབས་ནི་ཟུར་གསུམ་ཙམ་དུ་མངོན་ཞིང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3ལྷག་ཡོད་པ་དང་ཆུའི་གསོག་ཚད་རྨིད་གྲུ་བཞི་མ750ལྷག་ཡོད། མཚོའི་དཀྱིལ་དུ་ཆུ་མིག་ཞིག་ཉིན་མཚན་ཀུན་ཏུ་ལྷོག་ལྷོག་ཏུ་འཕྱུར་གྱིན་ཡོད་པས་ངོ་མཚར་ཤིན་ཏུ་ཆེ་ཞིང་། མཚོ་ནང་དུ་ཉ་མོ་མང་བོ་རང་དགར་གྱིས་རྒྱུ་བཞིན་ཡོད་ལ། དབྱར་དུས་སུ་ངང་བ་དང་ངུར་པ་སོགས་འདབ་ཆགས་མང་པོ་འདུ་བཞིན་ཡོད་པ་དང། མཚོ་ཆུ་དྭངས་ཤིང་བསིལ་བས་མཐའ་སྐོར་གྱིས་མི་ཟོག་ཀུན་གྱི་འཐུང་ཆུ་བྱེད་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།