དྲ་དབྱིངས།

དྲ་དབྱིངས་ནི་དྲ་བར་རོལ་མཁན་རྣམས་ཀྱིས་དུས་ཡུན་རིང་བོར་གོམས་པའི་སྒོ་ནས་དྲ་རྒྱའི་དུས་ཀྱི་བར་སྟོང་ནང་དུ་གྱར་ནས། སྦྲེལ་རེས་དྲ་རྒྱར་བརྟེན་ཤུགས་ཆེར་ཕྱིན་པ་དང་། ཐ་ན་མགོ་འཁོར་བའི་ཚད་ལ་སླེབས་པས་རང་ཉིད་དེ་ལས་གྲོལ་དཀའ་བའི་བྱ་སྤྱོད་དང་བསམ་པའི་འཁྱེར་སོ་བྱུང་བ་དང་། དུས་ཚོད་མང་པོ་སྤྱད་དེ་དྲ་ཞུགས་བྱས་པས། ཐ་ན་དངོས་ཡོད་ཀྱི་མི་དང་མིའི་བར་གྱི་འབྲེལ་འདྲིས་དང་སློབ་གཉེར་དང་ལས་དོན་ལའང་གནོད་པ་ཐེབས་ཡོད་པ་རེད།

རིགས་དབྱེ།  

དྲ་ཐོག་ལས་འཚོལ།

དྲ་ཐོག་ལས་འཚོལ་ནི་རྒྱ་ཆེ་བའི་ལས་ཀ་འཚོལ་མཁན་རྣམས་ཀྱིས་ལས་ཀ་འཚོལ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཚན་རྩལ་འཕེལ་རྒྱས་སོང་བ་དང་བསྟུན་ནས། ད་ལྟ་ཆ་འཕྲིན་དྲ་བ་ཅན་དུ་འགྱུར་ཚད་ནི་ཉིན་བཞིན་མངོན་གསལ་ཡིན་པ་དང་། དྲ་རྒྱ་ནི་ང་ཚོའི་ལས་ཀ་དང་འཚོ་བ། གདན་ཞུ་དང་ལས་ཀ་འཚོལ་བར་མེད་དུ་མི་རུང་བའི་ལག་རོགས་ཤིག་ཏུ་གྱུར་ཡོད་པ་རེད། དེའི་རྐྱེན་གྱིས་དྲ་ཐོག་ནས་ལས་ཀ་འཚོལ་བ་ནི་རྒྱ་ཆེ་བའི་ལས་ཀ་འཚོལ་མཁན་རྣམས་ཀྱིས་ངེས་པར་དུ་འདེམ་དགོས་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།  

དྲ་ཐོག་རླབས་ཤུད།

སྦྲེལ་རེས་དྲ་རྒྱའི་སྟེང་ནས་ཆ་འཕྲིན་སྣ་ཚོགས་ལག་སོན་བྱེད་པ་དང་། ལས་ཀ་དང་རོལ་རྩེད་ལ་རོལ་བ། དབྱིན་སྐད་ཁྲོད་དུ་དྲ་ཞུགས་ནི“surfing the internet”ཡིན་ལ། “surfing”ཡི་ནང་དོན་ནི་རླབས་ཤུད་ཡིན་ལ་དེ་བས་དྲ་ཐོག་རླབས་ཤུད་ཅེས་འབོད་པ་རེད། དེ་ནི་གཟུགས་སྣང་ལྡན་པའི་བཤད་ཚུལ་ཞིག་རེད། དྲ་ཐོག་རླབས་ཤུད་ཀྱི་ལག་ཆ་གཙོ་བོ་ནི་བཤར་ཆས་ཡིན་ལ། བཤར་ཆས་ཀྱི་ཤག་གནས་རེའུ་མིག་ལURLཤག་གནས་ནང་འཇུག་བྱས་ནས། webལྡེབ་ངོས་སྟེང་ཙིག་རྟགས་སྤོ་འདྲུད་བྱས་ཏེ་གནས་མི་འདྲ་སར་མིག་བཤར་བྱས་ཚེ། འདི་ནི་དྲ་ཐོག་རླབས་ཤུད་ཞེས་པ་དེ་རེད།

རིགས་དབྱེ།  

དྲ་རྒྱའི་སློབ་ཁྲིད།

སློབ་གྲྭས་རྩིས་འཁོར་དྲ་རྒྱ་སློབ་ཁྲིད་བྱེད་ཐབས་གཙོ་བོར་བེད་སྤྱོད་བྱེད་པ་ནི་རྒྱང་རིང་སློབ་ཁྲིད་ཀྱི་གལ་ཆེ་བའི་རྣམ་པ་ཞིག་ཡིན་ལ། རྩིས་འཁོར་སྒྲིག་ཆས་དང་སྦྲེལ་རེས་དྲ་རྒྱའི་ལག་རྩལ་བེད་སྤྱད་ནས་སློབ་མར་ཆ་འཕྲིན་ཅན་གྱི་སློབ་གསོ་ལག་བསྟར་བྱེད་པའི་སློབ་ཁྲིད་ཀྱི་རྣམ་པ་ཞིག་ཡིན། དྲ་རྒྱའི་སློབ་ཁྲིད་ནི་སྲོལ་རྒྱུན་སློབ་ཁྲིད་ཀྱི་རྣམ་པ་དང་བསྡུར་ན། སྔར་ལས་ལྷག་པའི་སྒོ་ནས་སློབ་མའི་ཆ་འཕྲིན་ལག་སོན་དང་། ལས་སྣོན། དབྱེ་ཞིབ། གསར་གཏོད། བེད་སྤྱོད། སྤེལ་རེས་ནུས་པ་བཅས་གསོ་སྐྱོང་བྱེད་ཐུབ། དྲ་རྒྱའི་སློབ་ཁྲིད་ཀྱིས་སློབ་མའི་ཆ་འཕྲིན་བྱང་ཚད་བཟང་བོ་གསོ་སྐྱོང་དང་། ཆ་འཕྲིན་ལག་རྩལ་དེ་ཚེ་གང་སློབ་སྦྱོང་དང་མཉམ་ལས་སློབ་སྦྱོང་ལ་རམ་འདེགས་བྱེད་པའི་བྱེད་ཐབས་སུ་བཟུང་ནས། ཆ་འཕྲིན་སྤྱི་ཚོགས་དང་བསྟུན་པའི་སློབ་སྦྱོང་དང་། ལས་ཀ་དང་འཚོ་བར་དགོས་ངེས་ཀྱི་རྨང་གཞི་བཏིང་ཡོད།

རིགས་དབྱེ།  

དྲ་ངོས་རིམ་དཔྱད།

དྲ་ངོས་རིམ་པ་དཔྱད་བསྡུར་རམ་དྲ་ངོས་རིམ་དཔྱད་ནིSougou ཡིས་དྲ་ངོས་ལ་ཞིབ་བསྡུར་བྱེད་པའི་གལ་ཆེ་བའི་དམིགས་ཚད་ཅིག་ཡིན། དྲ་ངོས་བར་གྱི་འབྲེལ་མཐུད་འབྲེལ་བར་རྟོག་ཞིབ་བྱས་པ་མ་ཟད། དུས་མཚུངས་སུ་སྦྲེལ་མཐུད་ཀྱི་སྤུས་ཚད་དང་སྦྲེལ་མཐུད་བར་གྱི་འབྲེལ་ཡོད་རང་བཞིན་ལ་རྟོག་ཞིབ་བྱེད་པ་སོགས་ཀྱི་ཁྱད་ཆོས་ལྡན་ནོ།།

རིགས་དབྱེ།  

ཆ་འཕྲིན་གྱི་གོ་དོན།

ཆ་འཕྲིན་ནམ་བརྡ་འཕྲིན་ཞེས་པའི་བརྡ་ཆད་འདི་ནི། རྒྱའི་ལོ་རྒྱུས་རིག་གནས་ལྟར་བརྗོད་ན་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་བའི་ནང་བྱུང་བ་ཞིག་ཡིན་ལ། 《སྐད་ཆ་ཡི་གེའི་ཆ་འཕྲིན་བཀོལ་སྤྱོད》ལས། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་སྐབས། དབྱིན་ཡིག་གི་ཚན་རྩལ་ཡིག་ཚང་ཁྲོད་ན་ཆ་འཕྲིན་ལinformationཟེར་ཞིང་། ཉི་ཧོང་བས་ཡིག་སྒྱུར་བྱེད་དུས“གསང་འཕྲིན”ཞེས་བསྒྱུར་ཡོད་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི“ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་ཀྱི་རྒྱལ་ཁབ་ཚད་ལྡན་ལ་ཞིབ་འཇུག”ཅེས་པའི་ཞིབ་འཇུག་རྣམ་གྲངས་ཚོ་ཆུང་གིས་བསྒྲིགས་པའི《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》ཅེས་པ་རུ། “信息”ལ“ཆ་འཕྲིན”ཞེས་གཏན་ལ་ཕབ་ཡོད་པས་ཆ་འཕྲིན་ཞེས་བརྗོད་ན་ཚིག་དོན་གང་རུང་ལ་གཞིགས་ན་དོན་ལ་འབྱོར་བ་ཞིག་ཡིན་པ་མ་ཟད། ད་ལྟ་བཀོལ་སྤྱོད་བྱེད་པའི་ཆ་ནས་ཀྱང་ཕྱི་ནང་གང་རུང་གི་དུས་དེབ་དང་ཚགས་པར་དུ་སྤེལ་གྱིན་ཡོད་པ་མ་ཟད། ལས་ཁུངས་དང་ཞིབ་འཇུག་ལྟེ་གནས་མང་པོ་ཞིག་ཏུ་ཆ་འཕྲིན་ཞེས་གཏན་ལ་ཕབ་ཡོད་དེ། དཔེར་ན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། ཆ་འཕྲིན་ལག་རྩལ་དྲ་ཚིགས་ལྟ་བུ། གོང་གི་ཚིག་མཛོད་འདི་ནི་རྒྱལ་ནང་ནས་ཐོག་དང་པོར་འགྲེམས་སྤེལ་བྱས་པའི་བོད་ཡིག་ཐ་སྙད་ཀྱི་རྒྱལ་ཁབ་ཚད་ལྡན་གྱི་ཞིབ་འཇུག་ཚིག་མཛོད་ཐོག་མ་ཡིན་པས། ང་ཚོའི་ཆ་འཕྲིན་ཞེས་བརྗོད་ན་ཐ་སྙད་གཅིག་གྱུར་ཡོང་བར་ཕན་ཁེ་ཆེ་བར་འདོད།

རིགས་དབྱེ།  

སྐད་འཕྲིན་བཤད་འཁྲིད།

སྐད་འཕྲིན་བཤད་འཁྲིད་ཡོ་བྱད་ནི་གསར་དུ་དར་བའི་དངོས་པོ་ཞིག་ཡིན་པ་དང་དེ་ཡང་འགྲེམས་སྟོན་གྱི་གསལ་བཤད་མི་སྣ་མེད་པའི་གནས་ཚུལ་འོག་ལྟད་མོ་བས་འགྲེམས་སྟོན་གྱི་ནང་དོན་ལ་ཤེས་རྟོགས་བྱེད་པའི་རོགས་འདེགས་ཡོ་བྱད་ཅིག་ཡིན།

རིགས་དབྱེ།  

དྲ་རྒྱའི་མང་ཚོགས་ལམ་ཕྱོགས།

དྲ་རྒྱའི་མང་ཚོགས་ལམ་ཕྱོགས་ནི་སྤྱི་ལོ2016ལོའི་ཟླ4བའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྐབས་བསྟན་པ་ཞིག་ཡིན། ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དྲ་རྒྱའི་མང་ཚོགས་ལམ་ཕྱོགས་ལ་བརྟེན་ནས་རྒྱུན་དུ་དྲ་ཐོག་ཏུ་ཞུགས་ནས་མང་ཚོགས་ཀྱི་བསམ་ཚུལ་རྒྱུས་ལོན་བྱེད་པ་དང་། གྲོས་འགོ་ཡག་པོ་བསྡུ་རུབ་བྱས་ནས་དྲ་དམངས་ཀྱི་དོགས་གནད་སེལ་དགོས་པར་བསྟན།

རིགས་དབྱེ།  

བདུན་གཅིག་གཟེངས་རྟགས།

བདུན་གཅིག་གཟེངས་རྟགས་ནི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་ཀྱི་མཚན་སྙན་སྤྲོད་པ་ལ་ཟེར། སྤྱི་ལོ2021ལོའི་ཟླ2པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《བརྡ་ཐོ》པར་འགྲེམས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་མིང་ཐོག་ནས“བདུན་གཅིག་གཟེངས་རྟགས”ཐོག་མར་གནང་ཤིང་། ཟླ5པའི་ཚེས31ཉིན“བདུན་གཅིག་གཟེངས་རྟགས”ཀྱི་མིང་འདོན་གྲོས་འགོའི་འོས་མི29ཁྱབ་བསྒྲགས་བྱས། སྤྱི་ལོ2021ལོའི་ཟླ6པའི་ཚེས29ཉིན་གྱི་ཆུ་ཚོད10ཡི་སྟེང་།“བདུན་གཅིག་གཟེངས་རྟགས”སྤྲོད་པའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་དང་།《བདུན་གཅིག་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལྟར་བློ་མཐུན29ལ“བདུན་གཅིག་གཟེངས་རྟགས”གནང་།

རིགས་དབྱེ།  

མཛའ་མཐུན་བྱས་རྗེས་གཟེངས་རྟགས།

མཛའ་མཐུན་བྱས་རྗེས་གཟེངས་རྟགས་ཀྱི་མིང་ཆ་ཚང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་མཐུན་བྱས་རྗེས་གཟེངས་རྟགས”ཞེས་བརྗོད་པ་དང་། དེ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལ་གནང་བའི་བྱས་རྗེས་གཟེངས་རྟགས་མཐོ་ཤོས་ཡིན་པ་དང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་། ཀྲུང་ཕྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ནང་བྱས་རྗེས་གཟེངས་སུ་ཐོན་པ་ཕུལ་བའི་ཕྱི་རྒྱལ་བར་སྤྲད་པ་ཡིན། སྤྱི་ལོ2019ལོའི་ཟླ9པའི་ཚེས17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་ལའོ་ཨེར•ཁཱ་སི་ཐུ་ལོའུ(ཁུ་པ)དང་། མཱ་ཧཱ•ཀྲ་ཁུ་ལི•ཧྲི་ལིན་ཐུང(ཐེ་ལན)སཱ་ལི་མུའུ•ཨའེ་ཧཱ་མའེ་ཏུ•སཱ་ལི་མུའུ(ཐན་ཙན་ནི་ཡ)ཅཱ་ལིན་ནཱ•ཝེ་ཉི་ཨ་སྨི་ནུའོ་ཧྥུའུ་ནཱ•ཁུའུ་ལི་ཁུ་ཝ(ཨུ་རུ་སུ)རང-ཕི་ཨེ་ཨེར•ལ་ཧྥ་ལན(ཧྥ་རན་སེ) དབྱི་ཧྲ་པའེ•ཁུ་ལུའུ་ཁུ(ཁ་ན་ཏ)བཅས་ལ་མཛའ་མཐུན་བྱས་རྗེས་གཟེངས་རྟགས་གནང་། སྤྱི་ལོ2020ལོའི་ཟླ11པའི་ཚེས6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནོའུ་ལུའོ་ཏུན•མོ་ཉི་ལིའེ•ཞི་ཧཱ་ནུའུ་ཁུ(ཁམ་ཕུ་ཁྲེ)ལ་“མཛའ་མཐུན་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས།

རིགས་དབྱེ།  

དབང་ཆ་བཅོལ་ཡིག

དབང་ཆ་བཅོལ་ཡིག་ལ་ངོ་ཚབ་དཔང་ཡིག་ཀྱང་ཟེར། དེ་ནི་ངོ་ཚབ་བྱ་ཡུལ་གྱི་མིས་བཟོས་པ་ཞིག་ཡིན་ཞིང་། ངོ་ཚབ་པའི་ངོ་ཚབ་བྱེད་དབང་ར་སྤྲོད་བྱེད་པ་མ་ཟད་དེའི་དབང་མཚམས་ཀྱི་ཁྱབ་ཁོངས་མཚོན་བྱེད་ཀྱི་དཔང་ཡིག་ཀྱང་ཡིན། མངགས་བཅོལ་ངོ་ཚབ་ཀྱི་དབང་ཆ་བཅོལ་ཡིག་ནི་མངགས་བཅོལ་ངོ་ཚབ་ཀྱི་ཁྲོད་དུ་གནས་པ་ལས་ཁྲིམས་བཀོད་ངོ་ཚབ་ཀྱི་ཁྲོད་དུ་དབང་ཆ་བཅོལ་ཡིག་མེད། དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་ངོ་སྤྲོད་ཡི་གེ་ཡང་དབང་ཆ་བཅོལ་ཡིག་ཏུ་བརྩིས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། ཁྲིམས་འཛིན་ལག་ལེན་གྱིས་དེའི་བཅའ་ཁྲིམས་ཀྱི་ནུས་པ་ཁས་ལེན་བྱས་ཡོད། དབང་ཆ་བཅོལ་ཡིག་ལ་སྒེར་གྱི་བདེན་དཔང་ནུས་པ་ཡོད། ལག་ལེན་ཁྲོད་ངོ་ཚབ་པས་ངོ་ཚབ་བྱ་སྤྱོད་ལག་བསྟར་བྱེད་པར་དབང་ཆ་བཅོལ་ཡིག་ཁོ་ན་བཏོན་ན་ངོ་ཚབ་བྱེད་དབང་ཡོད་པ་གསལ་པོར་མཚོན་ཐུབ། དབང་ཆ་བཅོལ་ཡིག་ནང་གི་དོན་དག་སྣ་ཚོགས་གསལ་བོར་འགོད་དགོས་ལ། མངགས་བཅོལ་ཡི་གེའི་དབང་བཅོལ་གསལ་བོ་མིན་ཚེ།ངོ་ཚབ་བྱ་ཡུལ་ལ་མི་ཕན་པའི་འགྲེལ་བཤད་བྱ་དགོས།

རིགས་དབྱེ།  

མངགས་བཅོལ་ཡི་གེ་གཞུང་དཔང་།

མངག་བཅོལ་ཡི་གེ་གཞུང་དཔང་ཞེས་པ་ནི་རྒྱལ་ཁབ་གཞུང་དཔང་ལས་ཁུངས་ཀྱིས་དོ་བདག་གི་རེ་འདུན་གཞིར་བཟུང་སྟེ། ཁྲིམས་ལྟར་མངགས་བཅོལ་བྱེད་མཁན་གྱིས་མི་གཞན་ལ་དབང་བསྐུར་ནས་རང་ཉིད་ཀྱི་མིང་ཐོག་ནས་བཅའ་ཁྲིམས་ཀྱི་བྱ་སྤྱོད་གང་ཞིག་སྤེལ་རྒྱུའི་བསམ་ཚུལ་མཚོན་པའི་དོན་དངོས་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ར་སྤྲོད་བྱེད་པའི་བྱ་སྤྱོད་ལ་ཟེར།

རིགས་དབྱེ།  

མངགས་བཅོལ་ཞུ་ཡིག་ཉོ་སྒྲུབ།

མངགས་བཅོལ་ཞུ་ཡིག་ཉོ་སྒྲུབ་ཅེས་པ་ནི་ཉོ་སྒྲུབ་བྱེད་མཁན་གྱིས་མ་རྐང་འཇོག་མཁན་གྱི་མངགས་བཅོལ་ཞུ་ཡིག་འབོར་ཆེན་བསྡུ་རུབ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་བརྡས་ཐག་གཅོད་དབང་ཐོབ་པ་དང་། མ་རྐང་འཇོག་མཁན་གྱི་ཚབ་བྱས་ནས་མ་རྐང་འཇོག་མཁན་གྱི་ཚོགས་ཆེན་ལ་ཞུགས་སྐབས། གཅིག་སྡུད་ཀྱིས་བརྡས་ཐག་གཅོད་དབང་དེ་དག་སྤྱད་དེ། གཉེར་སྐྱོང་ཐབས་ཇུས་བསྒྱུར་བ་དང་ཀུང་སིའི་ལས་འཛིན་ལྷན་ཚོགས་བསྐྱར་འདེམས་བྱེད་པ་སོགས་མ་རྐང་འཇོག་མཁན་ཚོགས་ཆེན་གྱི་གྲོས་ཆོད་ལ་བརྟེན་ནས་ཁྲོམ་འགྲེམས་ཀུང་སིའི་གཉེར་སྐྱོང་དབང་ཆ་དངོས་སུ་ཚོད་འཛིན་བྱེད་པའི་ཀུང་སིའི་ཉོ་སྒྲུབ་བྱེད་སྟངས་དམིགས་བསལ་ཅན་ལ་ཟེར།

རིགས་དབྱེ།  

མངོན་གྱུར་ཤེས་བྱ།

མངོན་གྱུར་ཤེས་བྱExplicit knowledgeལ་ཨང་སྒྲིག་ཤེས་བྱ་ཡང་ཟེར། མི་རྣམས་ཀྱིས་ངག་ཐོག་ནས་བརྒྱུད་ཁྲིད་དང་། སློབ་དེབ། དཔྱད་གཞིའི་དཔྱད་གཞི། དུས་དེབ། ཆེད་ཁེའི་ཚད་ལྡན་ཡིག་ཆ། བལྟ་བྱ་སྨྱན་གཟུགས། མཉེན་ཆས་དང་གཞི་གྲངས་མཛོད་སོགས་ཀྱི་རྣམ་པའི་ཐོག་ནས་བརྒྱུད་སྒྲོག་བྱེད་ཆོག་པ་དང་། སྐད་ཡིག་དང་། དཔེ་དེབ། ཡི་གེ། གཞི་གྲངས་མཛོད་སོགས་ཨང་སྒྲིག་བྱེད་སྟངས་བརྒྱུད་དེ་ཁྱབ་སྤེལ་བྱེད་ཐུབ་ལ་མི་རྣམས་ཀྱིས་སློབ་སྦྱོང་བྱེད་སླ་བའང་ཡིན།

རིགས་དབྱེ།  

དབུལ་ཁྱིམ།

དབུལ་ཁྱིམ་ནི་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཟེར་བ་དང་། ཆེད་མངགས་སྲིད་ཇུས་ཀྱི་ཁ་གསབ་མེད་ལ་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར865ལས་དམའ་བའི་ཁྱིམ་ཚང་ཡིན། རྒྱལ་ཁབ་ཀྱིས་དབུལ་ཁྱིམ་དབྱེ་མཚམས་འབྱེད་པའི་ཚད་གཞི་ནན་མོ་ཡོད་པ་སྟེ། ལྟོས་མེད་དབུལ་ཕོངས་མི་གྲངས(ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར627ལས་དམའ་བ)དང་། ལྟོས་བཅས་ཀྱིས་དབུལ་ཕོངས་མི་གྲངས(ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར628ནས865བར)དང་། ཡོང་འབབ་དམའ་བའི་མི་གྲངས(ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར866ནས1205བར)བཅས་དང་། སྤྱིར་བཏང་གི་ཡོང་འབབ་དང་ཡོང་འབབ་མཐོ་གྲས(ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར1205ཡན་ཟིན)བཅས་ཡིན། རྒྱུན་དུ་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར1205ལས་དམའ་བའི་ཁྱིམ་ཚང་གི་མི་གྲངས་ཀྱི་སྤྱི་མིང་ལ་སྟོབས་ཞན་ཚོགས་སྤྱི་ཟེར།

རིགས་དབྱེ།  

ཁེ་ལས་ཀྱི་གསར་གཏོད་རིག་གནས།

ཁེ་ལས་ཀྱི་གསར་གཏོད་རིག་གནས་ཞེས་པ་ནི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཆ་རྐྱེན་ངེས་ཅན་འོག་ཁེ་ལས་ཀྱིས་གསར་གཏོད་དང་གསར་གཏོད་དོ་དམ་བྱེད་སྒོའི་ཁྲོད་གསར་སྐྲུན་དང་གྲུབ་པའི་ཁེ་ལས་རང་གི་ཁྱད་ཆོས་ལྡན་པའི་གསར་གཏོད་ཀྱི་བསམ་པའི་རྒྱུ་ནོར་དང་དེ་བཞིན་དངོས་པོའི་རྣམ་པ་གསར་གཏོད་བྱེད་པའི་ཕྱོགས་བསྡུས་ལ་ཟེར། དེའི་ནང་རིན་ཐང་ལྟ་བ་གསར་གཏོད་དང་། གསར་གཏོད་ཚད་གཞི། ལམ་ལུགས་གསར་གཏོད་དང་ཚད་ལྡན། དངོས་པོའི་རིག་གནས་ཁོར་ཡུག་གསར་གཏོད་སོགས་ཚུད་ཡོད། གསར་གཏོད་རིག་གནས་ནི་གསར་གཏོད་ཀྱི་རིག་གནས་གསོ་སྐྱོང་བྱེད་པ་ཞིག་ཡིན་ཞིང་། རིག་གནས་འདི་རིགས་ཀྱིས་ཚོད་དཔག་བྱེད་ཐབས་བྲལ་བའི་ནུས་པ་དང་། སྤྲོ་སེམས། རང་འགུལ་རང་བཞིན། འགན་འཁྲིའི་འདུ་ཤེས་བཅས་སྐུལ་སློང་བྱས་ཏེ། རྩ་འཛུགས་ལ་དམིགས་ཡུལ་ཧ་ཅང་མཐོན་པོ་ཞིག་འགྲུབ་རོགས་བྱེད་ཐུབ།

རིགས་དབྱེ།  

ཁེ་ལས་གསར་གཏོད།

ཁེ་ལས་གསར་གཏོད་ནི་ཁེ་ལས་དོ་དམ་གྱི་ནང་དོན་གལ་ཆེན་ཞིག་ཡིན། ཀུང་སིའི་འཕེལ་རྒྱས་ཁ་ཕྱོགས་དང་། འཕེལ་རྒྱས་ཀྱི་གཞི་ཁྱོན། འཕེལ་རྒྱས་ཀྱི་མྱུར་ཚད་བཅས་ཐག་གཅོད་པའི་གནད་འགག་གི་རྒྱུ་རྐྱེན་ཡིན། ཀུང་སི་ཧྲིལ་པོའི་དོ་དམ་ནས་ཞིབ་ཕྲའི་ལས་སྒོ་འཁོར་སྐྱོད་བར་ཁེ་ལས་ཀྱི་གསར་གཏོད་དེ་སྡེ་ཚན་རེ་རེ་དང་ཞིབ་ཕྲའི་ཁྲོད་དུ་ཁྱབ་ཡོད་པ་རེད། ཁེ་ལས་གསར་གཏོད་བྱ་རྒྱུ་དེ་རྩ་འཛུགས་གསར་གཏོད་དང་། ལག་རྩལ་གསར་གཏོད། དོ་དམ་གསར་གཏོད། འཐབ་ཇུས་གསར་གཏོད་སོགས་ཐད་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་མ་ཟད། ཕྱོགས་གང་ཅིའི་གནད་དོན་ནི་ཕྱོགས་གཅིག་གི་གསར་གཏོད་ལ་ཁེར་རྐྱང་དུ་བསམ་བློ་གཏོང་བ་མིན་པར། ཁེ་ལས་ཡོངས་ཀྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་བསམ་བློ་གཏོང་དགོས། གང་ཡིན་ཟེར་ན། ཕྱོགས་གང་ཅིའི་གསར་གཏོད་ལ་འབྲེལ་བ་ཡོད་པ་ཡིན།

རིགས་དབྱེ།  

ནོར་ཁྲལ་ལམ་ལུགས་བཅོས་བསྒྱུར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱི་ལོ2014ལོའི་ཟླ6པའི་ཚེས30ཉིན་ཚོགས་འདུ་འཚོགས་ནས《ནོར་ཁྲལ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་ཇུས་གཞི》སོགས་ཀྱི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་བྱས། ནོར་ཁྲལ་ལམ་ལུགས་བཅོས་བསྒྱུར་བྱེད་ཐེངས་གསར་པའི་སྤྱི་ལོ2016ལོར་གཙོ་གནད་ལས་དོན་དང་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། སྤྱི་ལོ2020ལོར་གཞི་རྩའི་ཆ་ནས་དེང་རབས་ཀྱི་ནོར་སྲིད་ལམ་ལུགས་བཙུགས་ཡོད།

རིགས་དབྱེ།  

ནོར་ཁྲལ་ལམ་ལུགས།

ནོར་ཁྲལ་ལམ་ལུགས་ནི་སྲིད་གཞུང་གིས་ཁྲལ་འབབ་དེ་ནོར་སྲིད་ཀྱི་ཡོང་ཁུངས་གཙོ་བོར་བརྩིས་ནས་སྲིད་གཞུང་གི་འགན་ནུས་མངོན་འགྱུར་བྱེད་པའི་འབྲེལ་ཡོད་བྱེད་ཐབས་དང་ལམ་ལུགས་ལ་ཟེར།

རིགས་དབྱེ།  

ས་ཁུལ་རང་བཞིན།

ས་ཁུལ་རང་བཞིན(endemic)ནི་སྤྱི་ལོ2019ལོར་ཁྱབ་བསྒྲགས་བྱས་པའི་འགོས་ནད་རིག་པའི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

དོན་སྤྱི་མ་ལག

དོན་སྤྱི་མ་ལག (system of concept)ཅེས་པ་ནི་དོན་སྤྱིའི་སྤྱི་མཚན་གྱི་ཚད་མི་འདྲ་བ་དང་དོན་སྤྱི་བར་གྱི་འབྲེལ་བ་ལྟར་བསྒྲིགས་ནས་གྲུབ་པའི་དོན་སྤྱིའི་མ་ལག་ལ་ཟེར། དྲང་འཕྱང་དང་ཆུ་ཚད་གཉིས་ཀྱིས་གྲུབ་པ་ཡིན། དྲང་འཕྱང་འཕྲེད་ཚད་ཀྱིས་བྱ་དངོས་ཀྱི་སྤྱི་མཚན་ཚད་མི་འདྲ་བའི་དབང་གིས་གྲུབ་པའི་རིམ་པ་མི་འདྲ་བའི་དོན་སྤྱི་བསྒྲིགས་ཡོད་པ་དང་། སོ་སོར་སྤྱི་བསྡོམས་རིམ་པ་དང་། གཞི་རྩའི་རིམ་པ། རིགས་གཏོགས་རིམ་པ་སོགས་ཡོད། དཔེར་ན། ཁྱིམ་ཆས་དང་རྐུབ་སྟེགས། འབོལ་སྟེགས་སོགས་ནི་མཐོ་ས་ནས་དམའ་བའི་དྲང་འཕྱང་འཕྲེད་ཚད་ཀྱི་སྒྲིག་གཞི་ཞིག་ཡིན།

རིགས་དབྱེ།  

དོན་སྤྱི་མ་ལག

དོན་སྤྱི་མ་ལག (system of concept)ཅེས་པ་ནི་དོན་སྤྱིའི་སྤྱི་མཚན་གྱི་ཚད་མི་འདྲ་བ་དང་དོན་སྤྱི་བར་གྱི་འབྲེལ་བ་ལྟར་བསྒྲིགས་ནས་གྲུབ་པའི་དོན་སྤྱིའི་མ་ལག་ལ་ཟེར། དྲང་འཕྱང་དང་ཆུ་ཚད་གཉིས་ཀྱིས་གྲུབ་པ་ཡིན། དྲང་འཕྱང་འཕྲེད་ཚད་ཀྱིས་བྱ་དངོས་ཀྱི་སྤྱི་མཚན་ཚད་མི་འདྲ་བའི་དབང་གིས་གྲུབ་པའི་རིམ་པ་མི་འདྲ་བའི་དོན་སྤྱི་བསྒྲིགས་ཡོད་པ་དང་། སོ་སོར་སྤྱི་བསྡོམས་རིམ་པ་དང་། གཞི་རྩའི་རིམ་པ། རིགས་གཏོགས་རིམ་པ་སོགས་ཡོད། དཔེར་ན། ཁྱིམ་ཆས་དང་རྐུབ་སྟེགས། འབོལ་སྟེགས་སོགས་ནི་མཐོ་ས་ནས་དམའ་བའི་དྲང་འཕྱང་འཕྲེད་ཚད་ཀྱི་སྒྲིག་གཞི་ཞིག་ཡིན།

རིགས་དབྱེ།  

ཚོར་སྐྱེན་ཆ་འཕྲིན།

ཚོར་སྐྱེན་ཆ་འཕྲིན་ཞེས་པ་ནི་བཀོལ་སྤྱོད་མི་འཚམ་པའམ་ཡང་ན་དབང་ཆ་མ་སྤྲད་པར་མི་གཞན་གྱིས་བཟོ་བཅོས་བྱས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་འཆར་གཞི་ལག་བསྟར་བྱེད་པར་གནོད་པའམ་ཡང་ན་མི་སྒེར་གྱིས་ཁྲིམས་ལྟར་ལོངས་སྤྱོད་བྱེད་པའི་སྒེར་གྱི་གསང་དོན་དབང་ཆར་གནོད་པའི་ཆ་འཕྲིན་ཡོད་ཚད་ལ་ཟེར།

རིགས་དབྱེ།  

ནོར་དོན་སྲིད་འཛིན་དོ་དམ།

ནོར་དོན་སྲིད་འཛིན་དོ་དམ་ལ་ནོར་དོན་སྲིད་འཛིན་ཡང་ཟེར། དེར་སྒྲ་ཡངས་འཇུག་དང་སྒྲ་དོག་འཇུག་གཉིས་ཡོད། སྒྲ་ཡངས་འཇུག་གི་ནོར་དོན་སྲིད་འཛིན་ནི་རྒྱལ་ཁབ་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་གི་བགོ་བཤའ་དང་། སྙོམས་སྒྲིག ཚོད་འཛིན་བཅས་ལ་ཟེར་ཞིང་། དེའི་ནང་སྔོན་རྩིས་དང་། རྩིས་གཉེར། རྒྱལ་ཁབ་ཀྱི་ངེས་རྩིས། རྩིས་བཤེར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཚུད་ཡོད་པ་མ་ཟད། ཆེད་དོན་ལས་ཁུངས་ཀྱིས་དོ་དམ་དང་ལྟ་སྐུལ་བྱེད་འགན་འཁུར་ཡོད། སྒྲ་དོག་འཇུག་གི་ནོར་དོན་སྲིད་འཛིན་ཞེས་པ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཏང་ཤོག ཚོགས་པ་བཅས་ཀྱིས་རང་གི་ལས་འགན་སྒྲུབ་ཆེད་མཁོ་བའི་རྒྱལ་ཁབ་ཀྱི་སྔོན་རྩིས་མ་དངུལ་ལ་ཟེར་ཞིང་། རྩིས་ལེན་དང་། བགོ་བཤའ། བེད་སྤྱོད་སོགས་ཀྱི་བརྒྱུད་རིམ་ནང་བྱུང་བའི་དཔལ་འབྱོར་གྱི་ལས་སྒོ་སྟེ། སྲིད་འཛིན་གྱི་གྲོན་དངུལ་ལེན་གཏོང་དང་། བེད་སྤྱོད། དོ་དམ། ལྟ་སྐུལ་བཅས་བྱེད་པའི་བྱེད་སྒོ་ཡིན།

རིགས་དབྱེ།  

ཀུན་སློང་།

ཀུན་སློང་ནི་སྐུལ་སྤེལ་དང་སྐྱེས་ལྡན་ཕུང་པོའི་འགུལ་སྐྱོད་ཅིག་ཡིན་པ་མ་ཟད། འགུལ་སྐྱོད་དེ་དམིགས་ཡུལ་ཞིག་ལ་ཁྲིད་ཐུབ་པའི་སེམས་ཁམས་ཀྱི་ཕྱོགས་ལྷུང་དང་ནང་ཁུལ་གྱི་འདེད་ཤུགས་ཤིག་ཡིན། ཀུན་སློང་དེ་སེམས་ཁམས་སྣང་ཚུལ་ཁྲོད་དུ་གཏོགས། ཨ་མེ་རི་ཁའི་སེམས་ཁམས་རིག་པ་བ་ཝུའུ་ཏེ་ལི་ནི་སྤྱི་ལོ1918ལོར་ཐོག་མར་སེམས་ཁམས་རིག་པར་བཀོལ་སྤྱོད་བྱས་པ་དང་། ཀུན་སློང་ལ་ཕྱོགས་གསུམ་གྱི་ནུས་པ་ལྡན་ཏེ།(1)བྱེད་ནུས་སྐུལ་སློང་དང་། མི་སྒེར་ལ་བྱ་སྤྱོད་ག་གེ་མོ་ཞིག་འབྱུང་བར་སྐུལ་སློང་བྱེད་པ།(2)བྱེད་ལས་ལ་ཁ་ཕྱོགས་ཏེ་མི་སྒེར་གྱི་བྱ་སྤྱོད་དེ་དམིགས་འབེན་ངེས་ཅན་ལ་ཕྱོགས་སུ་འཇུག་པ། (3)བྱེད་ནུས་སྲུང་འཛིན་དང་སྙོམས་སྒྲིག་བྱས་ཏེ། མི་སྒེར་གྱི་བྱ་སྤྱོད་དུས་ཚོད་ངེས་ཅན་ཞིག་སྲུང་འཛིན་བྱེད་པ་དང་། བྱ་སྤྱོད་ཀྱི་དྲག་ཚད་དང་ཁ་ཕྱོགས་སྙོམས་སྒྲིག་བྱེད་རྒྱུ། ཀུན་སློང་གི་འབྱུང་ཁུངས་ལ་གཞིགས་ནས་སྐྱེས་ལུགས་རང་བཞིན་གྱི་ཀུན་སློང་དང་། སྤྱི་ཚོགས་རང་བཞིན་གྱི་ཀུན་སློང་གཉིས་སུ་དབྱེ་ཆོག སྔོན་མ་དེ་སྐྱེས་ལྡན་ཕུང་པོའི་ལུས་ཁམས་ཀྱི་དགོས་མཁོ་དང་འབྲེལ་བ་ཡོད། ཕྱི་མ་དེ་སྐྱེས་ལྡན་ཕུང་པོའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འབྲེལ་བ་ཡོད། ཀུན་སློང་གི་རྒྱུ་རྐྱེན་ལ་གཞིགས་ན་ནང་གི་ཀུན་སློང་དང་ཕྱིའི་ཀུན་སློང་གཉིས་སུ་དབྱེ་ཆོག སྔ་མ་ནི་ལུས་ཁམས་ཀྱི་ནང་གི་འགུལ་རྐྱེན་ལས་བྱུང་བ་དང་། ཕྱི་མ་ནི་སྐྱེས་ལྡན་ཕུང་པོའི་ཕྱིའི་བསླུ་བ་ལས་བྱུང་བ་ཡིན།

རིགས་དབྱེ།  

བརྒྱད་གཅིག་གཟེངས་རྟགས།

བརྒྱད་གཅིག་གཟེངས་རྟགས་ནི་ཀྲུང་དབྱང་དམག་ཨུས་གཏན་འབེབས་བྱས་པ་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞིས་གནང་བའི་དམག་དཔུང་གི་གཟི་བརྗིད་མཚན་སྙན་ཆེས་མཐོ་ཤོས་ཡིན། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་དམག་དཔུང་གི་མི་སྣར་གནང་བ་དང་། སྤྱིར་བཏང་དུ་ལོ་ལྔ་རེར་ཐེངས་རེ་གནང་ལ། སྤྱི་ལོ2017ལོའི་ཟླ6པར་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་ཀྲུང་གོའི་དམག་དཔུང་གིས“བརྒྱད་གཅིག་གཟེངས་རྟགས”གསར་དུ་བཙུགས་པ་དང་འབྲེལ་དཔྱད་འདེམས་ཐེངས་དང་པོ་བྱས།

རིགས་དབྱེ།  

སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས།

སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟི་བརྗིད་གཟེངས་རྟགས་མཐོ་ཤོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་རྒྱལ་ཁབ་སྲུང་སྐྱོང་བྱེད་པའི་ཁྲོད་བྱས་རྗེས་ཆེན་པོ་འཇོག་མཁན་དང་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་གྱི་ཕུལ་བྱུང་མི་སྣར་སྤྲོད་པ་ཡིན། སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་ནི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་བྱ་དགའི་རྟགས་མ་སྤྲོད་པ་དང་ལག་ཁྱེར་སྤྲོད་རྒྱུ། སྤྱི་ལོ2020ལོའི་ཟླ8པའི་ཚེས11ཉིན་བར་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་ཐོབ་མཁན་ཀྲང་ཧྲུའུ་ཆིང་དང་། ཀྲུང་ནན་ཧྲན། ཐུའུ་ཡོའུ་ཡོའུ། ཡུའུ་མིན། ཡོན་ལུང་ཕིང་། ལི་ཡན་ཉན། སུན་ཅཱ་ཏུང་། ཧོང་ཞུའུ་ཧྭ། ཧྲེན་ཅི་ལན་བཅས་ཡིན།

རིགས་དབྱེ།  

དབྱིངས་ཞུགས་ཉམས་ལེན།

དེ་ནི་དྲ་རྒྱའི་སྟེང་གི་དར་ཁྱབ་ཆེ་བའི་བརྡ་ཆད་ཅིག་ཡིན་ཞིང་། དྲ་རྒྱའི་ཐོག་གི་དབྱིངས་ཞུགས་མཛེས་འཆོས་དང་དབྱིངས་ཞུགས་རྒྱན་གོས། དབྱིངས་ཞུགས་བསྡུ་གསོག་སོགས་ལ་ཟེར་ཞིང་། ང་ཚོར་རང་ཉིད་ཡུལ་དངོས་སུ་སླེབས་པའི་ཚོར་སྣང་ཞིག་སྐྱེས་སུ་འཇུག་པ་རེད།

རིགས་དབྱེ།  

ནད་བསྙད་ལས་གཡོལ།

ནད་བསྙད་ལས་གཡོལ་ནི་ནད་བྱུང་བར་ཁ་གཡར་ནས་དུས་ཡུན་རིང་པོར་ལས་ཀར་མི་ཞུགས་པའམ་ཡང་ན་ནད་ཆུང་ཆུང་ནད་དྲག་ཅན་དུ་འུར་ནས་གསོ་བཅོས་བྱེད་ཁུལ་བྱེད་པའི་སྣང་ཚུལ་ཞིག་ལ་ཟེར། རྗོད་ཚིག་དང་ཡུལ་ཚིག ཁྱད་ཆོས་སྟོན་པའི་ཚིག་བཅས་སུ་སྤྱད་ཆོག

རིགས་དབྱེ།  

རིམ་སྤར་པར་གཞི།

རིམ་སྤར་པར་གཞི་ནི་སྤྱི་ལོ2018ལོའི་ལོ་འཁོར་གྱི་དཔལ་འབྱོར་རིགས་ཀྱི་དར་ཁྱབ་ཆེ་བའི་བརྡ་ཆད་ཆེ་གྲས་བཅུའི་གྲས་ཀྱི་གཅིག་ཡིན།

རིགས་དབྱེ།