ཀུན་སློང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

ཀུན་སློང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཤེས་རྟོགས་གཞུང་ལུགས།)

ཀུན་སློང་།
ཀུན་སློང་ནི་སྐུལ་སྤེལ་དང་སྐྱེས་ལྡན་ཕུང་པོའི་འགུལ་སྐྱོད་ཅིག་ཡིན་པ་མ་ཟད། འགུལ་སྐྱོད་དེ་དམིགས་ཡུལ་ཞིག་ལ་ཁྲིད་ཐུབ་པའི་སེམས་ཁམས་ཀྱི་ཕྱོགས་ལྷུང་དང་ནང་ཁུལ་གྱི་འདེད་ཤུགས་ཤིག་ཡིན། ཀུན་སློང་དེ་སེམས་ཁམས་སྣང་ཚུལ་ཁྲོད་དུ་གཏོགས། ཨ་མེ་རི་ཁའི་སེམས་ཁམས་རིག་པ་བ་ཝུའུ་ཏེ་ལི་ནི་སྤྱི་ལོ1918ལོར་ཐོག་མར་སེམས་ཁམས་རིག་པར་བཀོལ་སྤྱོད་བྱས་པ་དང་། ཀུན་སློང་ལ་ཕྱོགས་གསུམ་གྱི་ནུས་པ་ལྡན་ཏེ།(1)བྱེད་ནུས་སྐུལ་སློང་དང་། མི་སྒེར་ལ་བྱ་སྤྱོད་ག་གེ་མོ་ཞིག་འབྱུང་བར་སྐུལ་སློང་བྱེད་པ།(2)བྱེད་ལས་ལ་ཁ་ཕྱོགས་ཏེ་མི་སྒེར་གྱི་བྱ་སྤྱོད་དེ་དམིགས་འབེན་ངེས་ཅན་ལ་ཕྱོགས་སུ་འཇུག་པ། (3)བྱེད་ནུས་སྲུང་འཛིན་དང་སྙོམས་སྒྲིག་བྱས་ཏེ། མི་སྒེར་གྱི་བྱ་སྤྱོད་དུས་ཚོད་ངེས་ཅན་ཞིག་སྲུང་འཛིན་བྱེད་པ་དང་། བྱ་སྤྱོད་ཀྱི་དྲག་ཚད་དང་ཁ་ཕྱོགས་སྙོམས་སྒྲིག་བྱེད་རྒྱུ། ཀུན་སློང་གི་འབྱུང་ཁུངས་ལ་གཞིགས་ནས་སྐྱེས་ལུགས་རང་བཞིན་གྱི་ཀུན་སློང་དང་། སྤྱི་ཚོགས་རང་བཞིན་གྱི་ཀུན་སློང་གཉིས་སུ་དབྱེ་ཆོག སྔོན་མ་དེ་སྐྱེས་ལྡན་ཕུང་པོའི་ལུས་ཁམས་ཀྱི་དགོས་མཁོ་དང་འབྲེལ་བ་ཡོད། ཕྱི་མ་དེ་སྐྱེས་ལྡན་ཕུང་པོའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འབྲེལ་བ་ཡོད། ཀུན་སློང་གི་རྒྱུ་རྐྱེན་ལ་གཞིགས་ན་ནང་གི་ཀུན་སློང་དང་ཕྱིའི་ཀུན་སློང་གཉིས་སུ་དབྱེ་ཆོག སྔ་མ་ནི་ལུས་ཁམས་ཀྱི་ནང་གི་འགུལ་རྐྱེན་ལས་བྱུང་བ་དང་། ཕྱི་མ་ནི་སྐྱེས་ལྡན་ཕུང་པོའི་ཕྱིའི་བསླུ་བ་ལས་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
动机
ཕྱི་ཡིག་གི་མིང་།
motivation
1 ཀུན་སློང་གི་མཚོན་ཚུལ།

མཚན་ཉིད་རིག་པའི་ངོས་ནས་བཤད་ན། མིའི་རིགས་ཀྱི་བྱ་སྤྱོད་ནི་མི་སྒེར་རང་ངོས་དང་ཕྱི་རོལ་ཁོར་ཡུག་མཉམ་འགུལ་གྱི་འབྲེལ་བ་ཡིན་པ་དང་། དེ་དང་བསྟུན་ནས་སེམས་ཁམས་ཀྱི་བྱེད་སྒོའི་ཐོག་ནས་བཤད་ན།“མི་སྒེར་རང་ཉིད”ཞེས་པ་ནི་མིའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཟེར་ལ། དེ་ནི་སེམས་ཁམས་ཀྱི་འགུལ་སྐྱོད་བརྟན་པོ་ཡིན་པ་དང་། མིའི་རིགས་དང་དེའི་མི་སྒེར་ལ་མཚོན་བྱེད་རང་བཞིན་ལྡན་པའི་ཆ་ཤས་ཤིག་ཡིན།“མི་སྒེར་དང་ཕྱི་རོལ་གྱི་ཁོར་ཡུག་མཉམ་འགུལ་མཚོན་པ”ཞེས་པ་ནི་སེམས་ཁམས་བྱེད་སྒོའི་ངོས་ནས་བཤད་ན་མི་སྒེར་གྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ཚུར་སྣང་བྱེད་པའི་སེམས་ཁམས་ཀྱི་བརྒྱུད་རིམ་དེ་ཡིན།  དེར་བརྟེན་བྱ་སྤྱོད་ནི་སེམས་ཁམས་ཀྱི་བྱེད་སྒོའི་ཐོག་ནས་བཤད་ན་མི་སྒེར་གྱི་སེམས་ཁམས་ཁྱད་ཆོས་དང་དེའི་སེམས་ཁམས་ཀྱི་བརྒྱུད་རིམ་ཕན་ཚུན་ནུས་པ་ཐོན་པའི་བརྒྱུད་རིམ་དང་མཇུག་འབྲས་ཡིན། སེམས་ཁམས་ཀྱི་ཁྱད་ཆོས་དང་སེམས་ཁམས་ཀྱི་བརྒྱུད་རིམ་ཕན་ཚུན་ནུས་པ་འདོན་པ་དང་ཚུར་སྣང་གི་མཇུག་འབྲས་ནི་སེམས་ཁམས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད་པས། སེམས་ཁམས་ཀྱི་འགུལ་སྐྱོད་ཐད་ནས་བཤད་ན། བྱ་སྤྱོད་ཀྱི་ཀུན་སློང་ནི་དོན་དངོས་ཐོག་སེམས་ཁམས་སྣང་ཚུལ་ཁྲོད་ཀྱི་སེམས་ཁམས་རྣམ་པར་གཏོགས། 

སེམས་ཁམས་ཀྱི་རྣམ་པ་ནི་སེམས་ཁམས་ཀྱི་བརྒྱུད་རིམ་དང་སེམས་ཁམས་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་ནས་བྱུང་བའི་བརྟན་འཇགས་རང་བཞིན་ལྡན་ལ་གནས་སྐབས་རང་བཞིན་ཡང་ལྡན་པའི་སེམས་ཁམས་ཀྱི་སྣང་ཚུལ་ཞིག་ཡིན། དེའི་ཕྱིར་ཀུན་སློང་དེ་དོན་དངོས་སུ་སེམས་ཁམས་ཀྱི་སྣང་ཚུལ་གང་རུང་གི་ཁྲོད་དུ་ཕལ་ཆེར་མངོན་ཐུབ།

སེམས་ཁམས་ཀྱི་བརྒྱུད་རིམ་ནི་ཀླད་པ་དང་འབྲེལ་བའི་མི་ལུས་དབང་རྩའི་མ་ལག་གིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ཚུར་སྣང་བྱེད་པ་དང་། སེམས་ཁམས་ཀྱི་བརྒྱུད་རིམ་དང་སེམས་ཁམས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས་གྲུབ་པའི་བྱ་སྤྱོད་ཀྱི་ཀུན་སློང་གི་སེམས་ཁམས་རྣམ་པའི་ཁྲོད་དུ། སེམས་ཁམས་བརྒྱུད་རིམ་གྱི་ཚུར་སྣང་ལ་མི་སྒེར་གྱི་སེམས་ཁམས་ཁྱད་ཆོས་ཀྱི་ཤུགས་རྐྱེན་ཐེབས་སྲིད། 

སེམས་ཁམས་འདྲི་རྩད་ཀྱིས་མི་སྒེར་གྱི་སེམས་ཁམས་རྒྱུན་ལྡན་ཅན་གྱི་རྒྱུན་ལྡན་བྱ་སྤྱོད་ངོས་འཛིན་བྱེད་པར་བརྡར་ཤ་བཅད་ན། སེམས་ཁམས་རྒྱུན་ལྡན་གྱི་མིའི་བྱ་སྤྱོད་ཚད་གཞི་དེ་དོན་དངོས་སུ་འདུས་ཡོད་དེ། རྒྱུན་ལྡན་གྱི་མིའི་སེམས་ཁམས་ཁྱད་ཆོས་ཀྱིས་མཚོན་པའི་ཤེས་རྟོགས་ཀྱི་གོ་རིམ་དང་། བརྩེ་དུང་གི་བརྒྱུད་རིམ། འདུ་ཤེས་ཀྱི་གོ་རིམ་བཅས་ལ་མཐུན། འོན་ཀྱང་“བྱ་སྤྱོད་ཀུན་སློང་གི་སེམས་ཁམས་ཀྱི་རྣམ་པ་འདིའི་ཁྲོད་དུ། གོ་རིམ་དང་། བརྩེ་དུང་གི་བརྒྱུད་རིམ། འདུ་ཤེས་ཀྱི་གོ་རིམ་བཅས་ངོས་འཛིན་བྱེད་པ་དང་། བྱ་སྤྱོད་ཀྱི་བློ་སྒོ་འབྱེད་པའི་ནུས་པ་ནི་སྐབས་བསྟུན་དུ་བྱུང་བ་ཞིག་ཡིན”ཞེས་པའི་ལྟ་བ་འདི་ཡང་སེམས་ཁམས་རིག་པའི་ལས་རིགས་ཀྱིས་ཡུན་རིང་དཔྱད་བསྡུར་བྱེད་པའི་གཞུང་ལུགས་ཀྱི་གནད་དོན་དང་འབྲེལ་བ་ཡོད། 

2 ཀུན་སློང་དང་དགོས་མཁོ།

ཀུན་སློང་ནི་དགོས་མཁོའི་རྨང་གཞིའི་ཐོག་བྱུང་བ་ཡིན། མིའི་དགོས་མཁོ་ངེས་ཅན་ཞིག་སྐོང་མ་ཐུབ་པའི་སྐབས་སུ། དེས་ཡིད་དབང་འཕྲོག་ནས་དགོས་མཁོ་སྐོང་བའི་ཁ་གཏད་འཚོལ་རྒྱུར་སྐུལ་འདེད་བཏང་ནས་འགུལ་སྐྱོད་ཀྱི་ཀུན་སློང་འབྱུང་སྲིད། དཔེར་ན། རྒྱུན་ལྡན་གྱི་མིའི་ལུས་ཕུང་ལ་ནང་སེམས་ཀྱི་ཁོར་ཡུག་བརྟན་པོ་ཞིག་དགོས་པ་དང་། རྒྱུན་ལྡན་གྱི་ལུས་དྲོད་སྲུང་འཛིན་བྱེད་དགོས་ལ། ཕྲ་ཕུང་ནང་གི་ཆུ་དང་ཚྭ་གཉིས་འོས་འཚམ་གྱིས་དོ་མཉམ་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། དོ་མཉམ་འདི་དག་ལ་གཞན་འགྱུར་བྱུང་བའམ་ཡང་ན་གཏོར་བརླག་ཐེབས་ཚེ། མིའི་ལུས་ཕུང་ནང་གི་སྙོམས་སྒྲིག་སྒྲིག་གཞི་ཁ་ཤས་ཀྱིས་རང་འགུལ་གྱིས་དག་བཅོས་བྱེད་ངེས་ཡིན། འོན་ཀྱང་བྱ་སྤྱོད་དེ་རིགས་ཀུན་སློང་དུ་མི་བརྩི་བར་མི་རྣམས་ལ་སྐུལ་འདེད་བཏང་ནས་བྱེད་སྒོ་དེ་དམིགས་ཡུལ་ཞིག་ཏུ་ཁྲིད་སྐབས་དགོས་མཁོ་དེ་མིའི་ཀུན་སློང་དུ་འགྱུར་བ་བྱེད་དགོས། 

3 ཀུན་སློང་དང་དམིགས་ཡུལ།

དམིགས་ཡུལ་ནི་མི་སྒེར་གྱིས་འབད་བརྩོན་བྱས་ནས་སླེབས་པའི་བྱེ་བྲག་གི་གྲུབ་འབྲས་ཀྱི་ཚད་གཞིའམ་མཇུག་འབྲས་ཡིན་པ་དང་། བྱེ་བྲག་གིས་རེ་སྒུག་བྱེད་པའི་མ་འོངས་པའི་རྣམ་པ་ཡིན། ཀུན་སློང་ལ་ངེས་པར་དུ་དམིགས་ཡུལ་ཡོད་དགོས་པ་དང་། དམིགས་ཡུལ་གྱིས་མི་སྒེར་གྱི་བྱ་སྤྱོད་ཁ་ཕྱོགས་ཁྲིད་སྟོན་བྱེད་པ་མ་ཟད། ཐོག་མའི་སྒུལ་ཤུགས་འདོན་སྤྲོད་བྱ་དགོས། མི་སྒེར་ལ་མཚོན་ན། དམིགས་ཡུལ་གྱི་ངོས་འཛིན་ནི་ཕྱིའི་བསླུ་བྲིད་ནས་ནང་གི་དགོས་མཁོར་གྱུར་ནས་བྱ་སྤྱོད་ཀྱི་སྒུལ་ཤུགས་སུ་གྱུར་པ་དང་བྱ་སྤྱོད་སྐུལ་འདེད་བྱེད་ཀྱི་ཡོད། 

4 ཀུན་སློང་གི་གཞུང་ལུགས་རིམ་འགྱུར།
4_1 བསམ་པའི་དབྱེ་ཞིབ་རིགས་གཞུང་སྨྲ་བ།

བསམ་པའི་དབྱེ་ཞིབ་རིག་པའི་ནང་ཧྥོ་ལོ་དབྱི་ཏེས་མི་རྣམས་ཀྱི་བྱ་སྤྱོད་ཀྱི་རྒྱུ་རྐྱེན་དེ་རང་དང་།རང་ཉིད།ང་བཅས་ཁག་གསུམ་དུ་དབྱེ་ཡོད། བསམ་པའི་དབྱེ་ཞིབ་རིག་པ་ནི་མིའི་རིགས་ཀྱིས་རྒྱུད་འཛིན་བྱེད་ཐུབ་པ་དང་། ལྷན་སྐྱེས་སུ་ཡོད་པ། ལུས་པོའི་དགོས་མཁོ་ལས་བྱུང་བ་བཅས་ཀྱི་གདོད་མའི་གདོད་ནུས་ལ་ཟེར་བ་ཡིན། ཧྥུ་ལུའོ་དབྱི་ཏེས་བཤད་པའི“རང”(ego)ནང་དོན་ནི་སེམས་ཁམས་གྲུབ་མཐའ་གཞན་དག་གི་ནང་དུ་རྒྱས་བཤད་བྱས་པའི་རང་ཉིད(self)ཀྱི་ཐ་སྙད་དང་མི་འདྲ། སེམས་ཁམས་གྲུབ་མཐའ་གཞན་དག་གིས་རང་ཉིད(self)ངའི་ཐ་སྙད་ནི་ཧྥུ་ལོ་དབྱི་ཏེའི་མི་གཤིས་གྲུབ་ཚུལ་གྱི་གཞུང་ལུགས་ཁྲོད་ཀྱི་ཀུན་སྤྱོད་གཞུང་སེམས་དང་རང་ཉིད་ཕུགས་བསམ་གྱི་ཁག་གཉིས་ལ་ཟེར་བ་དང་། དེའི་ནང་གི་རང་ཉིད་ཀྱི་ཕུགས་བསམ་ནི་རང་ཉིད་ཀྱི་མི་ཚེའི་ཁྲོད་དུ་འགྲུབ་འདོད་པའི་གྲུབ་འབྲས་ཀྱི་དམིགས་འབེན་ཡིན་ལ། དོན་དངོས་སུ་རང་ཉིད་ཀྱིས་བཟོས་པའི་བསམ་བློ་དང་བྱ་སྤྱོད་ཀྱི་རིན་ཐང་ཚད་གཞི་དང་མཚུངས། བསམ་པའི་དབྱེ་ཞིབ་རིག་པ། མི་གཤིས་གྲུབ་ཚུལ་གྱི་གཞུང་ལུགས་དེ་གོ་བདེ་བའི་སྒོ་ནས་བཤད་ན། རང་ཉིད་ནི་མི་རྣམས་ཀྱི་ལྷན་སྐྱེས་ཀྱི་རང་གཤིས་ཤིག་ཡིན་པའི་ཆ་ནས་མི་རྣམས་ཀྱི་བྱ་སྤྱོད་ལ་ངེས་པར་དུ་བྱེད་དགོས་མིན་གྱི་གནད་དོན་ལ་ལན་འདེབས་པ་དང་། རང་ཉིད་ནི་མི་རྣམས་ཀྱིས་རང་ཉིད་ལ་གནོད་འཚེ་མི་ཐེབས་པའམ་ཡང་ན་གྱོང་གུན་མི་ཐེབས་པར་སྲུང་སྐྱོབ་བྱེད་པའི་སེམས་ཁམས་ཀྱི་ནུས་པའི་ཆ་ནས། དེས་མི་རྣམས་ཀྱི་བྱ་སྤྱོད་དེ་དམིགས་འབེན་དང་དམིགས་ཡུལ་གྱིས་དགོས་མཁོ་སྐོང་ཐུབ་མིན་གྱི་གནད་དོན་ལ་ལན་བཏབ་པ་རེད།

བསམ་བློའི་དབྱེ་ཞིབ་རིག་པའི་ངོས་འཛིན་ལྟར་ན། རང་ཉིད་དང་རང་ཉིད་ལས་བརྒལ་བའི་ཕན་ཚུན་བར་རམ་ཡང་ན་དེའི་ནང་ཁུལ་གྱི་ཁག་སོ་སོའི་བར་ཕན་ཚུན་གདོང་གཏུག་བྱུང་བའི་མཇུག་འབྲས་ལ་སེམས་ཁྲལ་བྱུང་བ་ཡིན། གལ་ཏེ“སེམས་ཁྲལ”འདི་རིགས་མི་རྣམས་ཀྱི་བསམ་པའི་བརྒྱུད་རིམ་གྱི་རོགས་རམ་ལ་བརྟེན་ནས་དུས་ཐོག་ཏུ་མེད་པར་བཟོས་ན། ཤེས་བཞིན་དུ་བྱ་སྤྱོད་འབྱུང་སྲིད། འོན་ཀྱང་གལ་ཏེ་སེམས་ཁྲལ་འདི་རིགས་དུས་ཐོག་ཏུ་ཐག་གཅོད་བྱེད་མ་ཐུབ་ན། མི་མངོན་པའི་འདུ་ཤེས་ཀྱིས་འདུ་ཤེས་མེད་པའི་བྱ་སྤྱོད་འབྱུང་སྲིད། 

རང་ཉིད་ཀྱིས་བྱ་སྤྱོད་ལ་ཐོན་པའི་ནུས་པ་དེ་དངོས་ཡོད་རྩ་དོན་གྱིས་ཁ་ལོ་བསྒྱུར་བ་ཙམ་གྱིས་རང་གི་དགོས་མཁོ་དང་བསྟུན་གང་ཐུབ་བྱེད་པ་ལས་རང་གི་རེ་བ་ལས་མི་འགལ་བ་རེད། འོན་ཀྱང་རང་ཉིད་ཀྱིས་རང་ཉིད་དང་རང་ཉིད་ལས་བརྒལ་བའི་རེ་བ་སྐོང་མི་ཐུབ་ལ། དུས་མཚུངས་སུ་དངོས་ཡོད་ཀྱི་རྩ་དོན་དང་ཡང་མཐུན་པ་རེད། སྐབས་དེར་རང་ཉིད་ཀྱིས་བསམ་བཞིན་མ་ཡིན་པའི་བྱ་སྤྱོད་ཀྱིས་གྲུབ་པའི“རང་ཉིད་འགོག་སྲུང་རྐྱེན་སྲོལ”སོགས་ཀྱི་བྱ་སྤྱོད་སྤེལ་སྟངས་འཕེལ་རྒྱས་བཏང་ནས་རང་ཉིད་ལ་ཐེབས་པའི་གནོན་ཤུགས་སེལ་ཏེ་ལུས་ཁམས་ལ་གནོད་སྐྱོན་མི་ཕོག་པ་བྱེད་དགོས། 

4_2 རང་ནུས་གཞུང་ལུགས།

རང་གཞུང་ལུགས་ནི་ཆེས་ཐོག་མར་བྱུང་བའི་བྱ་སྤྱོད་སྒུལ་ཤུགས་ཀྱི་གཞུང་ལུགས་ཡིན། རང་ནུས་གཞུང་ལུགས་ཀྱི་རྩ་བའི་ལྟ་བ་ནི། མིའི་བྱ་སྤྱོད་ནི་གཙོ་བོ་མིའི་ལུས་ཁམས་ཀྱི་སྐྱེ་དངོས་དཔེ་དབྱིབས་ཀྱིས་སྐུལ་འདེད་བྱེད་པ་ལས་རྗེས་དཔག་གིས་ཁ་ལོ་བསྒྱུར་མི་ཐུབ་པ་དེ་ཡིན། རང་ནུས་ཀྱི་དོན་སྤྱི་འདོན་སྔ་ཤོས་ནི་སྐྱེས་དངོས་འཕེལ་འགྱུར་སྨྲ་བའི་སྲོལ་འབྱེད་མཁན་ཏར་ཝུན(C.Daywin)ཡིན། ཀུན་སློང་སེམས་ཁམས་ཞིབ་འཇུག་ཐད་ཞིབ་འཇུག་གཏིང་ཟབ་བྱེད་མཁན་ནི་ཀྲན་མུའུ་སི་དང་། མའེ་ཁེ་ཏུའུ་ཀེར།W.McDougallཧྥུ་ལོ་དབྱི་ཏེ་བཅས་ཡིན། དེའི་ཁྲོད་ཀྱི་མའེ་ཁེ་ཏུའུ་ཀེར་མ་ལག་གིས་ཀུན་སློང་གི་རང་ནུས་གཞུང་ལུགས་བཏོན་ཞིང་། མིའི་རིགས་ཀྱི་བྱ་སྤྱོད་ཡོད་ཚད་ཚང་མ་ནི་རང་ནུས་རྨང་གཞིར་བྱས་པར་བཞེད་ཅིང་། རང་ནུས་ནི་མིའི་རིགས་ཀྱི་བསམ་བློ་དང་བྱ་སྤྱོད་ཐམས་ཅད་ཀྱི་གཞི་རྩའི་འབྱུང་ཁུངས་དང་སྒུལ་ཤུགས་ཡིན། རང་ནུས་ལ་ནུས་ཚད་དང་། བྱ་སྤྱོད། དམིགས་འབེན་བཅས་གྲུབ་ཆ་གསུམ་ཡོད། མི་སྒེར་དང་། མི་རིགས་ཀྱི་གཤིས་རྒྱུད། བསམ་པ་ཡང་རང་ནུས་རིམ་བཞིན་འཕེལ་རྒྱས་བྱུང་བ་ལས་གྲུབ་པ་ཡིན།

4_3 འདེད་ཤུགས་གཞུང་ལུགས།

འདེད་ཤུགས་གཞུང་ལུགས་ནི་ཧོར་ཨེར་གྱིས་ཐོག་མར་བཏོན་པ་སྟེ། ཝུའུ་ཏེ་དབྱིན་གྱིས་བྱ་སྤྱོད་དང་རྒྱུ་འབྲས་ནང་རྐྱེན་གྱི་འདེད་ཤུགས་ཀྱི་དོན་སྤྱི་བཏོན་ནས་རང་ནུས་ཀྱི་དོན་སྤྱི་ཚབ་བྱེད་ཀྱི་ཡོད། འདེད་ཤུགས་ཀྱི་གཞུང་ལུགས་ཁྱབ་གདལ་ཤུགས་ཆེན་བཏང་བ་ནི་ཧོར་ཨེར(C.L.Hull)ཡིན། ཧོ་ཨེར་གྱིས་འདེད་ཤུགས་ཇེ་ཉུང་དུ་གཏོང་བའི་གཞུང་ལུགས་བཏོན། ཁོས་དངོས་པོའི་བྱེ་བྲག་ལ་འཚོ་གནས་བྱེད་པར་དགོས་མཁོ་ཡོད་པར་ཚོད་དཔག་བྱས་ཏེ། འདེད་ཤུགས་ཐོན་དགོས། འདེད་ཤུགས་ནི་ཀུན་སློང་གི་གྲུབ་ཚུལ་ཞིག་ཡིན་ཞིང་། དེས་ལུས་ཕུང་གི་སྟོབས་ཤུགས་སམ་ནུས་ཚད་འདོན་སྤྲོད་བྱས་ཏེ་དགོས་མཁོ་སྐོང་ཐུབ་པ་དང་། འདེད་ཤུགས་ཇེ་ཆུང་དུ་གཏོང་ཐུབ། མིའི་རིགས་ཀྱི་བྱ་སྤྱོད་ནི་གཙོ་བོ་གོམས་གཤིས་ཀྱིས་ཁ་ལོ་བསྒྱུར་བ་ལས་སྐྱེས་དངོས་ཀྱི་འདེད་ཤུགས་ཀྱིས་ཁ་ལོ་བསྒྱུར་བ་མིན། ཁོས་ཉམས་མྱོང་དང་སློབ་སྦྱོང་གིས་འདེད་ཤུགས་གྲུབ་པའི་ཁྲོད་ཀྱི་ནུས་པ་ནན་བཤད་བྱས་ཏེ། སློབ་སྦྱོང་གིས་ལུས་ཁམས་ཁོར་ཡུག་དང་འཚམ་པར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་འདོད།འདེད་ཤུགས་ཀྱིས་བྱ་སྤྱོད་ལ་ནུས་ཚད་འདོན་སྤྲོད་བྱེད་པ་དང་།གོམས་གཤིས་ཀྱིས་བྱ་སྤྱོད་ཀྱི་ཁ་ཕྱོགས་ཐག་གཅོད་པ་ཡིན། 

4_4 དགོས་ངེས་རིམ་པའི་གཞུང་ལུགས།

མཱ་སི་ལོ་ཡིས་མིའི་དགོས་མཁོ་ལ་གཤམ་གྱི་རིམ་པ་བདུན་གྱིས་གྲུབ་ཡོད་དེ།

1 ལུས་ཁམས་ཀྱི་དགོས་མཁོ།

2.བདེ་འཇགས་ཀྱི་དགོས་མཁོ།

3.བརྩེ་བའི་དགོས་མཁོ།

4.བརྩི་འཇོག་གི་དགོས་མཁོ།

5.ཤེས་པའི་དགོས་མཁོ།

6.མཛེས་དཔྱད་ཀྱི་དགོས་མཁོ།

7.རང་ཉིད་མངོན་འགྱུར་བྱེད་པའི་དགོས་མཁོ།

མཱ་སི་ལོ་ཡིས་དགོས་མཁོ་རིགས་བདུན་པོ་འདི་དག་ནི་མིའི་ཆེས་གཞི་རྩའི་དགོས་མཁོ་ཡིན་པར་འདོད། དགོས་མཁོ་འདི་དག་ཚང་མ་ནི་ལྷན་སྐྱེས་དང་སྐྱེས་མ་ཐག་ནས་བྱུང་བ་ཡིན་ལ། དེ་དག་གིས་རིམ་པ་དང་ཆུ་ཚད་མི་འདྲ་བ་གྲུབ་པ་མ་ཟད། མི་སྒེར་གྱི་བྱ་སྤྱོད་ལ་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པའི་སྟོབས་ཤུགས་སུ་གྱུར་ཡོད། དེའི་སྟོབས་ཤུགས་ཇི་ཙམ་ཆེ་བ་དང་། མི་མངོན་པའི་ནུས་ཤུགས་ཀྱང་དེ་ཙམ་གྱིས་ཆེ་བ་ཡོད། དགོས་མཁོའི་རིམ་པ་འཕར་བ་དང་བསྟུན་ནས་མཁོ་བའི་སྟོབས་ཤུགས་ཀྱང་ཇེ་ཞན་དུ་འགྲོ་བཞིན་ཡོད། དམའ་རིམ་གྱི་དགོས་མཁོ་སྐོང་ཐུབ་ན་གཞི་ནས་དེ་ལས་མཐོ་བའི་དགོས་མཁོ་འབྱུང་ཐུབ། དམའ་རིམ་གྱི་དགོས་མཁོ་གང་ལེགས་སྐོང་ཐུབ་ན་མཐོ་རིམ་གྱི་དགོས་མཁོ་རྣམས་གཞི་ནས་སྐུལ་སློང་གི་ནུས་པ་འདོན་གྱི་ཡོད། 

4_5 ཤེས་རྟོགས་གཞུང་ལུགས།

དེང་རབས་ཤེས་རྟོགས་གཞུང་ལུགས་ཀྱིས་ངོས་འཛིན་བྱས་དོན། ཤེས་རྟོགས་ལ་ཀུན་སློང་གི་ནུས་པ་ལྡན་ལ། ཀུན་སློང་གི་ཤེས་རྟོགས་གཞུང་ལུགས་ལ་གཙོ་བོ་རིན་ཐང་གཞུང་ལུགས་དང་། ཀུན་སློང་གི་རྒྱུ་རྐྱེན་གཞུང་ལུགས། རང་ཉིད་ཀྱི་ཕན་ནུས་སྨྲ་བ། གྲུབ་འབྲས་དམིགས་འབེན་སྨྲ་བ་བཅས་ཡོད།

ཀུན་སློང་ནི་གཞུང་ལུགས་ཀྱིས་ཀུན་སློང་ནི་བསམ་གཞིགས་ཀྱི་བྱེད་ལས་ཡིན་པར་འདོད་པའི་རྐྱེན་གྱིས་ཡིན་ལ། རྒྱུ་འབྲས་ཀྱི་འབྲེལ་བས་དཔྱད་པའི་ཐབས་སྤྱད་དེ་མི་རྣམས་ཀྱི་བྱ་སྤྱོད་ཁྲོད་ནས་བྱ་སྤྱོད་ཀྱི་ནང་གནས་སྒུལ་ཤུགས་ཀྱི་རྒྱུ་རྐྱེན་འཚོལ་དགོས།

5 ཀུན་སློང་གི་རིགས་དབྱེ། 
5_1 ཀུན་སློང་མཉམ་འབྲེལ་དང་གདོང་གཏུག

1ཀུན་སློང་མཉམ་འབྲེལ

ཀུན་སློང་གི་འགུལ་སྐྱོད་ཁྲོད་ཀྱི་གོ་གནས་དང་ནུས་པའི་ཆེ་ཆུང་མི་འདྲ་བ་ལྟར་དབྱེ་ན་སྣེ་ཁྲིད་རང་བཞིན་གྱི་ཀུན་སློང་དང་། རམ་འདེགས་རང་བཞིན་གྱི་ཀུན་སློང་གཉིས་ཡོད། དངོས་པོའི་བྱེ་བྲག་ལ་དུས་མཉམ་དུ་འབྱུང་བའི་ཀུན་སློང་རིགས་འགའ་མཐར་ཐུག་གི་དམིགས་ཡུལ་སྟེང་ཕལ་ཆེར་གཅིག་མཐུན་ཡིན་དུས། དེ་དག་མཉམ་འབྲེལ་བྱས་ནས་དངོས་པོའི་བྱེ་བྲག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཡིན །དྲག་ཚད་ཆེས་ཆེ་བ་ནི་ཀུན་སློང་གཙོ་བོ་ཡིན།

2 ཀུན་སློང་གི་འགལ་བ།

དངོས་པོའི་བྱེ་བྲག་ལ་དུས་མཉམ་དུ་འབྱུང་བའི་ཀུན་སློང་རིགས་འགའ་མཐར་ཐུག་གི་དམིགས་ཡུལ་སྟེང་ཕན་ཚུན་འགལ་བའམ་ཕན་ཚུན་འགལ་ཟླར་གྱུར་ཚེ། ཀུན་སློང་དེ་དག་ལ་འགལ་བ་འབྱུང་ངེས་ཡིན།

1 ཕྱོགས་གཉིས་ཀྱི་འགལ་བ། མི་སྒེར་གྱི་ཀུན་སློང་གཉིས་དམིགས་ཡུལ་མི་འདྲ་བར་གཏད་ན། དེའི་ནང་དམིགས་ཡུལ་གཅིག་བདམས་ནས་བྱུང་བའི་འགལ་བ་ཡིན།

2 གཉིས་གཡོལ་གདོང་གཏུག་ནི་མི་སྒེར་གྱི་ཀུན་སློང་གཉིས་ཀྱིས་མི་སྒེར་སོ་སོར་དམིགས་འབེན་མི་འདྲ་བ་གཉིས་ལས་གཡོལ་དགོས་མོད། འོན་ཀྱང་དེའི་ནང་གི་དམིགས་འབེན་གཅིག་ལས་གཡོལ་དགོས་པ་དང་། དུས་མཚུངས་སུ་དམིགས་འབེན་གཞན་ཞིག་དང་ལེན་བྱས་ནས་འགལ་བ་བྱུང་།

3 གདོང་ཐུག་ལས་གཡོལ་པ་ནི་མི་སྒེར་གྱིས་དམིགས་ཡུལ་གཅིག་ལ་དུས་མཉམ་དུ་ཉེ་བཅར་དང་གཡོལ་ཐབས་བྱེད་པའི་ཀུན་སློང་གཉིས་འབྱུང་སྐབས། ངེས་པར་དུ་གདམ་གསེས་བྱས་ནས་བྱུང་བའི་འགལ་བ་ལ་ཟེར།

བྱ་སྤྱོད་དང་ཀུན་སློང་གི་འབྲེལ་བ།

1. ཀུན་སློང་གཅིག་གིས་བྱ་སྤྱོད་མི་འདྲ་བ་མང་པོ་སློང་ཐུབ།

2.བྱ་སྤྱོད་གཅིག་གིས་ཀུན་སློང་མི་འདྲ་བ་ལས་བྱུང་བ་ཡིན།

3.བྱ་སྤྱོད་གཅིག་གིས་ཀུན་སློང་མང་པོ་སྐུལ་འདེད་བྱེད་ཐུབ།

4. ལུགས་མཐུན་གྱི་ཀུན་སློང་གིས་ལུགས་མཐུན་མིན་པ་དང་ཐ་ན་ནོར་འཁྲུལ་གྱི་བྱ་སྤྱོད་སློང་སྲིད།

5  ནོར་འཁྲུལ་གྱི་ཀུན་སློང་ནི་སྐབས་འགར་ཕྱི་ཚུལ་གྱི་བྱ་སྤྱོད་ཀྱིས་བཀབ་ཡོད།

གྲུབ་འབྲས་ཀུན་སློང་།

གྲུབ་འབྲས་ཐོབ་པའི་ཀུན་སློང་ནི་མི་སྒེར་གྱིས་ལས་འགན་ཞིག་འགྲུབ་པའི་སྐབས་སུ་ལེགས་འགྲུབ་འབྱུང་བའི་ཀུན་སློང་ལ་ཟེར། མེ་ཁེ་ལའེ་ལུན་གྱིས་མི་སོ་སོའི་གྲུབ་འབྲས་ཀྱི་ཀུན་སློང་ཚང་མ་མི་འདྲ་བ་དང་མི་ཚང་མ་ལྟོས་བཅས་ཀྱི་བརྟན་པོའི་གྲུབ་འབྲས་ཀུན་སློང་གི་ཆུ་ཚད་དུ་གནས་ཡོད། ཨ་ཐེ་ཅིན་སིན་གྱིས་མིས་འགྲན་རྩོད་བྱེད་སྐབས་སེམས་ཁམས་ཀྱི་ཕྱོགས་ལྷུང་གཉིས་འབྱུང་སྲིད་པ་སྟེ། གྲུབ་འབྲས་བརྩོན་ལེན་བྱེད་པའི་ཀུན་སློང་དང་ཕམ་ཉེས་ལ་གཡོལ་བའི་ཀུན་སློང་གཉིས་ཡིན།

6 ཀུན་སློང་གི་བྱེད་ལས། 
6_1 ཀུན་སློང་བྱེད་ནུས།

ཀུན་སློང་ལ་ཕྱོགས་གསུམ་གྱི་ནུས་པ་ལྡན་ཏེ། (1)བྱེད་ནུས་སྐུལ་སློང་དང་། མི་སྒེར་ལ་བྱ་སྤྱོད་ག་གེ་མོ་ཞིག་འབྱུང་བར་སྐུལ་སློང་བྱེད་པ།(2)བྱེད་ལས་ལ་ཁ་ཕྱོགས་ཏེ་མི་སྒེར་གྱི་བྱ་སྤྱོད་དེ་དམིགས་འབེན་ངེས་ཅན་ལ་ཕྱོགས་སུ་འཇུག་པ།(3)བྱེད་ནུས་སྲུང་འཛིན་དང་སྙོམས་སྒྲིག་བྱས་ཏེ། མི་སྒེར་གྱི་བྱ་སྤྱོད་དུས་ཚོད་ངེས་ཅན་ཞིག་སྲུང་འཛིན་བྱེད་པ་དང་། བྱ་སྤྱོད་ཀྱི་དྲག་ཚད་དང་ཁ་ཕྱོགས་སྙོམས་སྒྲིག་བྱེད་པ།

6_2 སྤྱི་ཚོགས་ཀུན་སློང་གི་སྟོབས་ཤུགས།

མིའི་ཀུན་སློང་གི་ངོ་བོ་ནི་རྣམ་པ་སྣ་ཚོགས་ཡིན་ལ། ངོ་བོ་མི་འདྲ་བའི་ཀུན་སློང་གིས་མི་ལ་དོན་སྙིང་མི་འདྲ་བ་ཡོད་ལ། དྲག་ཚད་མི་འདྲ་བའི་སྐུལ་འདེད་སྟོབས་ཤུགས་ཀྱང་ཡོད། འགུལ་སྐྱོད་ཀྱི་རྣམ་པ་དང་། འགུལ་སྐྱོད་ཀྱི་རྒྱུན་འཁྱོངས་རང་བཞིན། འགུལ་སྐྱོད་ཀྱི་ཕན་འབྲས་ལ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཀུན་སློང་རང་བཞིན་གྱི་ཚོད་འཛིན་ཐེབས་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།