གཡང་འབོད།

གཡང་འབོད་ནི་གཉེན་སྒྲིག་གི་བྱེད་སྒོ་ནང་མེད་དུ་མི་རུང་བའི་དོན་དག་ཅིག་ཡིན། བུ་མོ་གང་དེ་བཀྲ་ཤིས་པའི་རྐྱེན་ལས་ཁྱིམ་ཚང་དེ་ལས་ཕྱིར་ཐོན་པས་ན། ཁྱིམ་ཚང་དེའི་གཡང་ཡང་དུས་གཅིག་ཏུ་ཕྱིར་ཐོན་འགྲོ་བར་ངོས་འཛིན་བྱེད། དེ་བས་གཡང་འབོད་བྱས་པ་ལ་བརྟེན་ནས་གཡང་ཕྱིར་འགུག་ཡིན།

རིགས་དབྱེ།  

དྲ་རྒྱའི་བར་སྟོང་ལས་དབང་གཅིག་མཐུན་འདུས་གྲུབ།

སྤྱི་ལོ2015ལོའི་ཟླ12པའི་ཚེས16ཉིན་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་གཉིས་པ་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲེན་དུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་ལྟར་ན། དྲ་སྦྲེལ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་པ་ནན་བཤད་བྱས། དྲ་རྒྱའི་བར་སྟོང་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་མཉམ་བཅོས་ལ་སྐུལ་འདེད་བཏང་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པར་རམ་འདེགས་བྱེད་དགོས་པར་འདོད་ཚུལ་ལྔ་བཏོན།

རིགས་དབྱེ།  

མཚན་ཉིད་རིག་པ།

མཚན་ཉིད་རིག་པ་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་ཞིང་། སློབ་ཡུན་ལོ་བཞི་ཡིན་པ་དང་མཚན་ཉིད་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད། མཚན་ཉིད་རིག་པ་ནི་ཚན་རིག་བྱེ་བྲག་པ་རྣམས་རྨང་གཞི་བྱས་ཤིང་། འཛམ་གླིང་ཡོངས་ཀྱི་ཡོངས་ཁྱབ་ཆོས་ཉིད་ཞིབ་འཇུག་བྱ་ཡུལ་དུ་བཟུང་ཡོད་པ་མ་ཟད། ཆེད་ལས་དེས་དམིགས་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་རིམ་ཁག་སྲིད་ཇུས་ཞིབ་འཇུག་སྡེ་ཚན་དང་། དོ་དམ་སྡེ་ཚན། དྲིལ་བསྒྲགས་སྡེ་ཚན་བཅས་ཀྱིས་སྤྱི་ཚོགས་ལས་དོན་སྒྲིག་གཞི་སྣ་ཚོགས་ལ་བརྟེན་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་མཚན་ཉིད་རིག་པའི་བྱང་ཚད་དང་། སློབ་ཁྲིད་ཆུ་ཚད། ཞིབ་འཇུག་ནུས་པ་བཅས་ཅུང་མཐོ་བའི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན།

རིགས་དབྱེ།  

གནས་བབ་འགྱུར་ལྡོག

གནས་བབ་འགྱུར་ལྡོག་ཅེས་པ་ནི་གན་རྒྱ་ནུས་ལྡན་ཐོག་བཙུགས་རྗེས། དོ་བདག་ཕྱོགས་གཉིས་ཀར་ཁག་འགན་མི་རུང་བའི་རྒྱུ་རྐྱེན་གྱིས་གནས་ཚུལ་ལ་འགྱུར་ལྡོག་བྱུང་སྟེ། གན་རྒྱའི་རྨང་གཞི་ལ་གཡོ་འགུལ་ཐེབས་པའམ་ཡང་ན་མེད་པར་གྱུར་པ། གལ་ཏེ་མུ་མཐུད་དུ་གན་རྒྱའི་སྔར་ཡོད་ཀྱི་ནུས་པ་སྲུང་འཛིན་བྱས་ན་འདྲ་མཉམ་མིན་པ་མངོན་གསལ་ཡིན་ཚེ། གན་རྒྱའི་ནང་དོན་བསྒྱུར་བའམ་གན་རྒྱ་གྲོལ་ཆོག་པར་བསྟན་པ་ཡིན། གནས་བབ་འགྱུར་ལྡོག་གི་རྩ་དོན་གྱི་དོན་སྙིང་ནི། ཁྲིམས་འཛིན་དབང་ཆའི་ཐེ་གཏོགས་བརྒྱུད་དེ། བཙན་ཤེད་ཀྱིས་གན་རྒྱའི་གཏན་འཁེལ་བྱས་ཟིན་པའི་དོན་ཚན་ནམ་ཡང་ན་གན་རྒྱ་ཕྱིར་འཐེན་བྱེད་པ་དང་། གན་རྒྱའི་དོ་བདག་ཕྱོགས་གཉིས་ཀའི་ཆིངས་ཡིག་འཇོག་པའི་འདོད་བློ་ལས་གཞན། ཉོ་ཚོང་ཁྲོད་དུ་ཐོབ་པའི་ཁེ་ཕན་དང་ཉེན་ཁ་བསྐྱར་དུ་བགོ་བཤའ་རྒྱག་པ་དང་། དེས་བརྩོན་ལེན་བྱེད་པའི་རིན་ཐང་གི་དམིགས་ཡུལ་ནི་དྲང་སྙོམས་དང་དྲང་བདེན་ཡིན།

རིགས་དབྱེ།  

དུག་ལྡན།

དུག་ལྡན་ནི་དྲ་རྒྱའི་ཁྲོད་དར་ཁྱབ་ཆེ་བའི་ཐ་སྙད་ཅིག་ཡིན་པ་དང་། དུག་ལྡན་ཞེས་པ་ནི་རོལ་རྩེད་དཔའ་བོའི་མནའ་འབྲེལ་ལས་བྱུང་བ་ཡིན། ཚིག་འདིའི་གོ་དོན་སྣ་གཅིག་མིན་ཏེ། ཕྱོགས་གཅིག་ནས་རྒྱུན་དུ་མཐོང་བའི་དྲ་རྒྱའི་ཐ་སྙད་ཀྱི“གདོན་གཤིས”ཞེས་པའི་དོན་དང་འདྲ་བ་དང་། བྱ་དངོས་ཀྱིས་བསམ་པའི་སྦགས་བཙོག་ཅིག་བཟོ་ཐུབ་པའི་མཐུ་ནུས་མཚོན་པར་བྱས་ཏེ། མི་ལ་དུག་ཕོག་པ་ལྟར་འཕྲུལ་སྣང་དང་དབྱིངས་སུ་ཞུགས་སུ་འཇུག་དགོས། འདི་ལས་གཞན་པའི་ཚིག་འདི་ཡང་གཞན་གྱི་བཤད་སྟངས་དང་ལས་དབང་མི་བཟང་བའི་རང་ལ་འཕྱ་སྨོད་བྱེད་པར་སྤྱོད་བཞིན་ཡོད། སྤྱི་ལོ2018ལོའི་ཟླ11པའི་ཚེས15ཉིན་དབྱིན་ཡིག་གི་ལམ་ནས་འཛམ་གླིང་དུ་གྲགས་ཆེ་ཤོས་ཀྱི《ཉིའུ་ཅིན་ཚིག་མཛོད》གཞུང་ཕྱོགས་ཀྱིས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་དང་། དེས“དུག་ལྡན”(toxic)ཞེས་པའི་མིང་འདི་སྤྱི་ལོ2018ལོའི་ལོ་འཁོར་གྱི་འགག་རྩའི་ཐ་སྙད་ཅིག་ཏུ་བརྩིས་ཡོད།

རིགས་དབྱེ།  

བར་ཆོད་ས་རྒྱུད།

བར་ཆོད་ས་རྒྱུད་ནི་རྒྱལ་ཁབ་ཕན་ཚུན་བར་ཐད་ཀར་དྲག་པོའི་གདོང་གཏུག་མི་ཡོང་བའི་ཆེད་དུ་དབྱེ་མཚམས་བཅད་པའི་ས་ཁོངས་ཤིག་ཡིན།

རིགས་དབྱེ།  

རྩྭ་རྩད་དཔལ་འབྱོར།

རྩྭ་རྩད་དཔལ་འབྱོར་ལ་གོ་དོན་གཉིས་ཡོད་དེ། གཅིག་ནས་སྲིད་གཞུང་ངམ་ཇུས་ཐག་གཅོད་མཁན་དང་ཁ་གཏད་དུ་གནས་པའི་སྟོབས་ཤུགས་ལ་གོ་བ་དང་། གཉིས་ནས་གཙོ་རྒྱུན་དང་ཉིང་བཅུད་རིག་གནས་སམ་ཡང་ན་ཕུལ་བྱུང་རིམ་གྲས་དང་ཕན་ཚུན་ལྟོས་ཟླར་གྱུར་བའི་ཉམས་ཞན་རིམ་གྲས་ལ་གོ

རིགས་དབྱེ།  

གཞི་གྲངས་ཆེན་མོའི་ཉེར་སྤྱོད།

དེ་ནི་གཞི་གྲངས་ཆེན་མོའི་རིན་ཐང་གསར་གཏོད་བྱེད་པའི་འགག་རྩ་ནི་གཞི་གྲངས་ཆེན་མོའི་ཉེར་སྤྱོད་ལ་ཐུག་ཡོད་པ་དང་། གཞི་གྲངས་ཆེན་མོའི་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གཞི་གྲངས་ཆེན་མོའི་ཉེར་སྤྱོད་ལས་རིགས་ཁག་ནང་འདྲེས་ཡོད་པ་རེད།

རིགས་དབྱེ།  

གཞི་གྲངས་ཆེན་མོའི་འཐབ་ཇུས།

དེ་ནི་གཞི་གྲངས་ཆེན་མོའི་ཚན་རིག་ལས་སྟེགས་དང་། ཕྲ་ཕུང་གཙོ་བོ་དང་བསྐྱར་སྐྱེས་གསོ་རིག་སོགས་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་སྐོང་བའི་ཁྱབ་ཁོངས་ཀྱི་ཁ་ཕྱོགས། རང་རྒྱལ་གྱི་ཚན་རྩལ་ཚད་བརྒལ་གལ་ཆེན་མངོན་འགྱུར་བྱེད་སྲིད་པའི་ཁྱབ་ཁོངས་དང་དེ་བཞིན་འཛམ་གླིང་ཐོག་ཚན་རྩལ་དོན་རྐྱེན་གལ་ཆེན་ཐོན་སྲིད་པའི་ཁྱབ་ཁོངས་སུ་ཚན་རྩལ་བཀོད་སྒྲིག་གལ་ཆེན་ཇེ་མགྱོགས་སུ་གཏོང་བའམ་ཡང་ན་ཤུགས་སྣོན་རྒྱག་པ་དེ་རེད།

རིགས་དབྱེ།  

འཁོན་སློག་རང་བཞིན་གྱི་འཛད་སྤྱོད།

འཁོན་སློག་རང་བཞིན་གྱི་འཛད་སྤྱོད་ཅེས་པ་ནི་དམིགས་བསལ་གྱི་དུས་སྐབས་ཤིག་གམ་གནས་ཡུལ་ཞིག་ཏུ་མི་རྣམས་ཀྱི་འཛད་སྤྱོད་དགོས་མཁོ་ཚོད་འཛིན་བྱས་ཡོད། གལ་ཏེ་བཀག་སྡོམ་བྱས་རྗེས་མི་རྣམས་ཀྱིས་འདོད་པ་གློད་ནས་སྨྱོ་ཧམ་ཆེན་པོས་འཛད་སྤྱོད་བྱེད་པའི་བྱ་སྤྱོད་ལ་ཟེར།

རིགས་དབྱེ།  

རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན།

རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཡིན་ཞིང་། དཔལ་འབྱོར་དང་། སྤྱི་ཚོགས། རྒྱལ་སྲུང་། ཕྱི་འབྲེལ། སློབ་གསོ།ཚན་རྩལ། རིག་གནས། འཕྲོད་བསྟེན།ལུས་རྩལ་སོགས་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་ཏུ་བྱས་རྗེས་གལ་ཆེན་འཇོག་མཁན་དང་བླ་ན་མེད་པའི་མཚན་སྙན་ལོངས་སྤྱོད་བྱེད་མཁན་གྱི་ཕུལ་བྱུང་མི་སྣར་སྤྲོད་པ་ཡིན།

རིགས་དབྱེ།