དྲ་རྒྱའི་མང་ཚོགས་ལམ་ཕྱོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱའི་མང་ཚོགས་ལམ་ཕྱོགས།
དྲ་རྒྱའི་མང་ཚོགས་ལམ་ཕྱོགས་ནི་སྤྱི་ལོ2016ལོའི་ཟླ4བའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྐབས་བསྟན་པ་ཞིག་ཡིན། ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དྲ་རྒྱའི་མང་ཚོགས་ལམ་ཕྱོགས་ལ་བརྟེན་ནས་རྒྱུན་དུ་དྲ་ཐོག་ཏུ་ཞུགས་ནས་མང་ཚོགས་ཀྱི་བསམ་ཚུལ་རྒྱུས་ལོན་བྱེད་པ་དང་། གྲོས་འགོ་ཡག་པོ་བསྡུ་རུབ་བྱས་ནས་དྲ་དམངས་ཀྱི་དོགས་གནད་སེལ་དགོས་པར་བསྟན།
1 དོན་འགྲེལ།

ཏང་གི་དྲ་རྒྱའི་སློབ་གསོ་དང་ལག་ལེན་བྱེད་སྒོའི་ཁྲོད། ས་གནས་དང་སྡེ་ཁག  ལས་ཁུངས་སོགས་ཀྱིས་དྲ་རྒྱ་ནི་ཕྱི་སྒོ་འབྱེད་བྱེད་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི།  དྲ་བ་བརྒྱུད་དེ་མི་དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་། མི་དམངས་ཀྱི་བློ་གྲོས་བསྡུ་བ།  མི་དམངས་ཀྱི་སེམས་ཁྲལ་སེལ་ཐུབ་པས།   དྲ་རྒྱ་དེ་རིམ་བཞིན་ལས་བྱེད་པ་དང་མང་ཚོགས་བར་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།   དེ་བཞིན་དུ་དྲ་རྒྱའི་ཐོག་སྲིད་འདྲི་དང་། སྲིད་གླེང་། སྲིད་སྐྱོང་བཅས་བྱ་རྒྱུ་དེ་སྤྱིའི་བཅོས་སྐྱོང་གི་མ་དཔེ་གསར་བ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། དྲ་རྒྱའི་ཞབས་ཞུ་དེ་རིམ་བཞིན་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་བ་ཞིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན“དྲ་རྒྱའི་མང་ཚོགས་ལམ་ཕྱོགས”ཡག་པོར་བསྐྱོད་རྒྱུ་དེ་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཁྱབ་ཁོངས་གསར་བ་ཞིག་ཏུ་གྱུར་ཡོད།  དྲ་རྒྱས་རྒྱལ་ཡོངས་མི་གྲངས་བསྡོམས་འབོར་གྱི45 %ཟིན་པའི་དྲ་དམངས་མང་ཚོགས་དང་འབྲེལ་བ་བྱེད་བཞིན་ཡོད། སློབ་གསོ་དང་ལག་ལེན་བྱེད་སྒོ་གོ་སྐབས་སུ་བཟུང་སྟེ། “དྲ་རྒྱའི་མང་ཚོགས་ལམ་ཕྱོགས”འདི་དངོས་དོན་དུ་བསྐྱོད་པ་དང་། བརྟན་པོར་བསྐྱོད་པ། གསར་པར་བསྐྱོད་པ་བཅས་བྱ་དགོས།   

2 གོ་དོན།

གཅིག     དྲ་རྒྱས་མང་ཚོགས་ཀྱི་ལས་དོན་སྤེལ་ཡུལ་དང་ཁྱབ་ཁོངས་རྒྱ་ཆེར་བཏང་ཡོད།   web2.0དུས་རབས་ཕྱོགས་ཡོངས་ནས་སླེབས་པ་དང་བསྟུན་ནས“གྲངས་གཞི་ཅན་གྱི་འཚོ་གནས”ཀྱིས་དྲ་རྒྱ་ཅན་གྱི་འཚོ་བ་དང་། དྲ་རྒྱ་ཅན་གྱི་ལས་དོན། དྲ་རྒྱ་ཅན་གྱི་འགྲོ་འོང་བཅས་མི་ཁག་གཅིག་གི་འཚོ་བའི་རྒྱུན་རྣམ་དུ་གྱུར་ཡོད། རང་རྒྱལ་གྱི་དྲ་དམངས་མི་གྲངས་དུང་ཕྱུར6ལ་ཉེ་བ་དང་ལག་ཁྱེར་ཁ་པར་གྱི་དྲ་དམངས་དུང་ཕྱུར4.64ཟིན་ཡོད། པོད་ཕྲན་སྤྱོད་མཁན་དུང་ཕྱུར3.3ཡོད་པས་ང་ཚོས“མང་ཚོགས་ཀྱི་སྐད་སྦག”གི་དྲ་རྒྱའི་སྲིད་དོན་གྱི་དུས་རབས་གསར་པ་བསུ་བཞིན་ཡོད། དྲ་རྒྱའི་རྟོག་བཟོའི་སྤྱི་ཚོགས་དེ་མིག་སྔར་ཆབ་སྲིད། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། དྲ་བ་ཉིན་རེ་བཞིན་ལས་བྱེད་པ་དང་མང་ཚོགས་མཉམ་འགུལ་གྱི“ཐོགས་མེད་བགྲོད་ལམ ”དང་མི་དམངས་ལ་ཞབས་འདེགས་ཞུ་བའི“རོགས་ཟླ”བཅས་སུ་འགྱུར་བཞིན་ཡོད།  

གཉིས།    དྲ་རྒྱ་ནི་མང་ཚོགས་ལ་དྲིལ་བསྒྲགས་དང་སྐུལ་སློང་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་གྱུར་ཡོད།   དྲ་རྒྱ་ནི་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་སྲིད་སྐྱོང་གི་རྨང་གཞིར་ཤུགས་རྐྱེན་ཐེབས་པའི“འགྱུར་ཚད་ཆེ་ཤོས”སུ་གྱུར་པ་དང་། གླེང་ཕྱོགས་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོར་གྱུར་ཡོད། དྲ་རྒྱའི་གཡུལ་ས་འཕྲོག་ལེན་བྱེད་པའི་ངོ་བོ་ནི་གླེང་ཕྱོགས་ཁྱབ་སྤེལ་གྱི་རང་དབང་འཕྲོག་ལེན་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་མཐོ་གནོན་བཙན་ས་བརྩོན་ལེན་བྱེད་དེ་མཇུག་མཐར་མང་ཚོགས་དང་དམངས་སེམས་འཕྲོག་རེས་བྱེད་པ་དེ་རེད།   དྲིལ་བསྒྲགས་ལས་ཀའི“སྲ་བརྟན་གཉིས”ཀྱི་ལོ་རྒྱུས་ཀྱི་ལས་འགན། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ན།  ངེས་པར་དུ་དྲ་རྒྱའི་གཡུལ་ས་སྲ་བརྟན་དུ་གཏོང་དགོས།

གསུམ།    དྲ་རྒྱ་ནི་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རྟེན་གལ་ཆེན་དུ་འགྱུར་བཞིན་ཡོད།   ཏང་གི་མང་ཚོགས་ལམ་ཕྱོགས་དེ་དེང་རབས་ཀྱི་དྲ་རྒྱའི་ལག་རྩལ་དང་ཟུང་འབྲེལ་དམ་ཟབ་བྱས་ན་གཞི་ནས“སྲོལ་རྒྱུན+ཚན་རྩལ”གྱི་ལེགས་ཆ་ཆེ་ཤོས་འདོན་སྤེལ་བྱེད་ཐུབ།   “དྲ་རྒྱའི་མང་ཚོགས་ལམ་ཕྱོགས”ཡག་པོར་བསྒྲུབ་རྒྱུ་དེ་མང་ཚོགས་ཀྱི་ལས་དོན་སྒྲུབ་སྟངས་གསར་གཏོད་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་བའི་གཞི་རྟེན་དང་ལས་སྟེགས་གལ་ཆེན་དུ་འགྱུར་བཞིན་ཡོད། དུས་སྐབས་གསར་པར་ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འཆམ་མཐུན་གྱི་འབྲེལ་བ་འཛུགས་པའི་གདམ་ག་ལྡོག་མེད་ཅིག་ཡིན།

3 གནད་དོན།  

གཅིག       དྲ་རྒྱའི་གླེང་ཕྱོགས་ཀྱི་འཐབ་རྩོད་གནས་བབ་རྙོག་འཛིང་ཆེ།     དྲ་རྒྱ་ནི་གྲི་ངོ་གཉིས་མ་ལྟ་བུ་ཞིག་ཡིན་པས། ཁ་ལོ་ཡག་པོར་བསྒྱུར་ཐུབ་ན། ལུགས་མཐུན་ངང་བེད་སྤྱོད་བྱས་ན་ཏང་དང་མང་ཚོགས་བར་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཡོང་བར་ཕན་ཐོགས་ཡོད། དེ་ལས་ལྡོག་ན། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་བཟོ་སྲིད།   

གཉིས།      དཔོན་ཉམས་རིང་ལུགས་ཀྱིས་ལས་ཆོད་ལ་ཤུགས་རྐྱེན་བཟོས་པ་མ་ཟད། མང་ཚོགས་ཀྱི་བརྩེ་དུང་ལ་གནོད་འཚེ་ཚབས་ཆེན་བཟོས།  དཔེར་ན།  དྲ་ཐོག་གི་དམངས་འདུན་དུས་ལྟར་གསེད་བཀྲོལ་དང་སྒྲུབ་གཉེར་ལན་འདེབས་ཀྱི་ལམ་སྲོལ་མེད་པ་དང་། བསམ་འཆར་བསྡུ་ལེན་དྱེད་དུས་དྲ་ཐོག་ཏུ་ཚ་ཚ་འུར་འུར་གྱི་རྣམ་པ་ཐོན་ཡོད།  

གསུམ།      དྲ་རྒྱའི་གླེང་ཕྱོགས་ཀྱི་རྣམ་པ་དང་སྐྱེ་ཁམས་གསར་པ།   དྲ་རྒྱ་ཁྱབ་སྤེལ་གཏོང་བར་ཁ་གཏད་འཇལ་བའི་ཤེས་རྟོགས་ནུས་པ་སོགས་མེད།   དཔེར་ན།  དྲ་རྒྱའི་གླེང་ཕྱོགས་ཀྱི་བཀོད་པ་གསར་པ་དང་གླེང་ཕྱོགས་ཀྱི་སྐྱེ་ཁམས་གསར་པའི་མདུན་དུ།  ལ་ལར་དྲ་རྒྱའི་ཁྱབ་སྤེལ་ལ་ཁ་གཏད་འཇལ་བའི་ཤེས་རྟོགས་ནུས་པ་དང་ཚོར་སྐྱེན།  ཁ་གཏད་འཇལ་ནུས་བཅས་མེད་པ་དང་།   བབ་བསྟུན་ཇུས་འགོད་དང་། བབ་བསྟུན་འགུལ་སྐྱོད། བབ་བསྟུན་ལས་སྒྲུབ། བབ་བསྟུན་སྣེ་ཁྲིད་བཅས་ཇི་ལྟར་བྱེད་དགོས་པ་མི་ཤེས་པའི་སྣང་ཚུལ་ཡོད་པ་ལྟ་བུ། 

4 ལམ་སྲོལ། 

གཅིག       དྲ་དམངས་ཀྱི་ཁེ་ཕན་རེ་ཞུ་ལ་ཨ་ལན་སློག་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  “དྲ་རྒྱའི་མང་ཚོགས་ལམ་ཕྱོགས”ཡག་པོ་འཛུགས་པའི་གནད་འགག་ནི་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཡིན་པ་དང་། ཕན་ཚུན་སྤེལ་རེས་ཐོགས་མེད་ཡིན་པ། མང་ཚོགས་གོ་རིམ་ལྡན་པའི་ངང་ཞུགས་པ་བཅས་ཀྱི་ལམ་ལུགས་ཅན་གྱི་ལས་སྟེགས་བསྐྲུན་དགོས། གཞན་དྲ་དམངས་ཀྱི་ཁེ་ཕན་རེ་ཞུ་དུས་ཐོག་ཏུ་སྒྲུབ་དགོས་ལ། ཡོངས་ཁྱབ་རང་བཞིན་ལྡན་པའི་གནད་དོན་ལ་རིགས་དབྱེ་ཞིབ་ཚགས་སུ་གཏོང་བ་དང་ཡིག་ཚགས་ཁོངས་སུ་བཅུག་ནས་ལེགས་སྒྲིག་བྱས་ཏེ། ཁེ་ཕན་འདོད་གསོལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། 

གཉིས།      དྲ་རྒྱའི་གླེང་ཕྱོགས་ལ་ཁྲིད་སྟོན་དང་ཁེ་ཕན་སྙོམས་སྒྲིག་གི་ལམ་སྲོལ་འཛུགས་དགོས།   མང་ཚོགས་ཀྱི་གླེང་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། གླེང་ཕྱོགས་ཁྲིད་སྟོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  

གསུམ།     དྲ་རྒྱའི་སྲིད་དོན་འདྲི་རྩད་དང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།   “འདྲི”ནི་བྱེད་ཐབས་ཡིན་ལ། “ལག་ལེན”ནི་མཐར་ཐུག་གི་དམིགས་ཡུལ་ཡིན། “འདྲི”དེ་“སྤྱོད”ལ་བསྒྱུར་བའི་འགག་རྩ་ནི་ལྟ་སྐུལ་འཁོར་སྐྱོད་ལམ་སྲོལ་འཛུགས་རྒྱུར་ཐུག་ཡོད།  དྲ་རྒྱའི་ཏང་དོན་དང་སྲིད་དོན་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་དང་། སྤྱི་ཞབས་པའི་ཡིག་སྒམ་ལམ་ལུགས། འགོ་ཁྲིད་ལས་བྱེད་པའི་དྲན་འཆར་འགོད་དེབ་ལམ་ལུགས།  དྲ་རྒྱའི་དངོས་མིང་ཐེར་འདོན་ལམ་ལུགས།  དྲ་རྒྱའི་ཡིག་སྐུར་ངོ་བཅར་ལམ་ལུགས།  དུས་བཀག་ནང་གྱོད་དོན་ཐག་གཅོད་དང་ལན་འདེབས་ལམ་ལུགས་སོགས་འཐུས་ཚང་དུ་གཏོང་དགོས།  

བཞི།        དྲ་རྒྱའི་ཕྱི་ནང་མཉམ་འགུལ་འབྲེལ་མཐུད་ཀྱི་ལམ་སྲོལ་འཛུགས་དགོས།    དྲ་ཐོག་ཏུ་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དག་མཐར་གཏུགས་ན་ལག་ལེན་ཁྲོད་དུ་དོན་འཁྱོལ་དང་ཐག་གཅོད་བྱ་དགོས།  དེར་བརྟེན་ངེས་པར་དུ“དྲ་ཐོག་ནས་དམངས་ཀྱི་འདོད་བློ་རྟོག་ཞིབ་དང་དྲ་འོག་དམངས་ཀྱི་སེམས་ཁྲལ་སེལ་བའི”དྲ་ཐོག་དྲ་འོག་མཉམ་འགུལ་སྦྲེལ་མཐུད་ལམ་སྲོལ་འཛུགས་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“དྲ་རྒྱའི་མང་ཚོགས་ལམ་ཕྱོགས”ཡག་པོར་བསྐྱོད་པ་དང་།    དྲ་རྒྱའི་མང་ཚོགས་ཀྱི་བསམ་འཆར་ལ་བརྟེན་ནས་གཞི་རིམ་དུ་བསྐྱོད་དེ་ལག་ལེན་དངོས་ཀྱི་ནང་དམངས་ཀྱི་དོན་དུ་བྱ་བ་ཏན་ཏིག་བསྒྲུབ་དགོས།

5 དཔྱད་བརྗོད།

དངོས་ཡོད་སྤྱི་ཚོགས་དང་རྟོག་བཟོའི་འཚོ་བ་ནི་དེང་རབས་ཀྱི་མི་རྣམས་གཞི་གཅིག་ཏུ་འགྱུར་བའི་ཐོབ་ཐང་དང་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། རྟོག་བཟོའི་དྲ་རྒྱ་ནི་སྔར་བཞིན་དངོས་ཡོད་ཀྱི་སྣང་བརྙན་ཡིན། དེར་བརྟེན་དངོས་ཡོད་འཚོ་བའི་ཁྲོད་དམངས་སེམས་ཐོབ་པའི“མང་ཚོགས་ལམ་ཕྱོགས”དྲ་ཐོག་ཏུ་སྤོ་འཛུགས་བྱ་རྒྱུ་ནི་ཏང་དང་མང་ཚོགས་བར་གཅིག་སེམས་གཅིག་སྦྲེལ་བྱེད་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། 

ཕྱོགས་གཅིག་ནས་དངོས་ཐོག་བདེན་འཚོལ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་དེ“དྲ་རྒྱའི་མང་ཚོགས་ལམ་ཕྱོགས”ཀྱི་སྟེང་དུ་སྤྱོད་དགོས། གཞན་དྲ་རྒྱའི་ཁྱད་ཆོས་དང་དྲ་རྒྱའི་འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་ཏེ།  དྲ་དམངས་ཀྱི་བྱ་སྤྱོད་དང་སེམས་ཁམས་འགྱུར་ལྡོག་ལ་རྒྱུས་ལོན་བྱས་ནས“དྲ་རྒྱའི་མང་ཚོགས་ལམ་ཕྱོགས”ཁྱོན་ཡོངས་ནས་ཁྱབ་བརྡལ་དུ་གཏོང་དགོས།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-26

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།