དྲ་ཐོག་རླབས་ཤུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་ཐོག་རླབས་ཤུད།
སྦྲེལ་རེས་དྲ་རྒྱའི་སྟེང་ནས་ཆ་འཕྲིན་སྣ་ཚོགས་ལག་སོན་བྱེད་པ་དང་། ལས་ཀ་དང་རོལ་རྩེད་ལ་རོལ་བ། དབྱིན་སྐད་ཁྲོད་དུ་དྲ་ཞུགས་ནི“surfing the internet”ཡིན་ལ། “surfing”ཡི་ནང་དོན་ནི་རླབས་ཤུད་ཡིན་ལ་དེ་བས་དྲ་ཐོག་རླབས་ཤུད་ཅེས་འབོད་པ་རེད། དེ་ནི་གཟུགས་སྣང་ལྡན་པའི་བཤད་ཚུལ་ཞིག་རེད། དྲ་ཐོག་རླབས་ཤུད་ཀྱི་ལག་ཆ་གཙོ་བོ་ནི་བཤར་ཆས་ཡིན་ལ། བཤར་ཆས་ཀྱི་ཤག་གནས་རེའུ་མིག་ལURLཤག་གནས་ནང་འཇུག་བྱས་ནས། webལྡེབ་ངོས་སྟེང་ཙིག་རྟགས་སྤོ་འདྲུད་བྱས་ཏེ་གནས་མི་འདྲ་སར་མིག་བཤར་བྱས་ཚེ། འདི་ནི་དྲ་ཐོག་རླབས་ཤུད་ཞེས་པ་དེ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网上冲浪
ཕྱི་ཡིག་གི་མིང་།
surfing the internet
མཚན་ཉིད།
སྦྲེལ་རེས་དྲ་རྒྱའི་ཐོག་ཆ་འཕྲིན་དང་ལས་ཀ རོལ་རྩེད་ལག་སོན་བྱེད་པ།
ལག་ཆ།
བཤར་ཆས། ལག་ཁྱེར་ཁ་པར། གློག་ཀླད།
1 བེད་སྤྱོད་ཐབས་རྩལ།

1.སྟབས་བདེ།

Outlook Expressཁྲོད་དུ། ཡིག་ཟམ་གསར་བ་ཞིག་གསར་འཛུགས་བྱེད་པ་དང་། དེ་མ་ཟད་ཡིག་ཟམ་དེ་ཡི་ཁ་འབྱེད་པ། Windowsཐོན་ཁུངས་དོ་དམ་ཆས་སྒེའུ་ཁུང་གི་ཁ་འབྱེད་པ་དང་། སྦྱར་བྱའི་ཡིག་ཆར་ཆིག་རྡེབ་བྱེད་པ་དང་། ཙིག་རྟགས་མཐེབ་མནན་ནས་མ་ལྷོད་པར་ཡིག་ཆ་དེ་སྤོ་འདྲུད་བྱས་ཏེ་ཡིག་ཟམ་གསར་བའི་སྒེའུ་ཁུང་ལ་སླེབས་ཚེ་ལྷོད་པ་དང་། དེ་ལྟར་བྱས་ཚེ་ཡིག་ཆ་དེ་ཡིག་ཟམ་གསར་བའི་ནང་དུ་སྦྱོར་ཐུབ་ངེས་རེད།

2.ཡིག་དེབ་ཀྱི་རྣམ་པས་ཡིག་ཟམ་གསོག་འཇོག་བྱེད་པ།

གསོག་འཇོག་བྱ་དགོས་པའི་ཡིག་ཟམ་གྱི་ཁ་འབྱེད་པ། “ཡིག་དེབ/གཞན་ཉར”འདེམས་པ། གསོག་འཇོག་གི་མིང་འདེམས་པ་དང་གསོག་འཇོག་ཤག་གནས་ངེས་གཏན་བྱེད་པ། ཡིག་དེབ་རིགས་གྲས་ནི་ཡིག་དེབ་ཡིག་ཆ་འདེམས་པ། (?.txt) མཇུག་མཐར“གསོག་འཇོག”མཐེབ་ལ་ཆིག་རྡེབ་བྱེད་པ།

3.མགྱོགས་མྱུར་གསར་འདོན།

IE5པའི་ཁྲོད་དུ། ལྡེབ་ངོས་ཤིག་གསར་འདོན་བྱེད་སྐབས། F5མཐེབ་མནན་པས་ཆོག་པ་རེད།

4.ལྟ་སྤྱོད་བྱས་ཟིན་པའི་ཤག་གནས་ལ་མགྱོགས་མྱུར་གྱིས་འཚོལ་བཤེར་བྱེད་པ།

IE5པའི་ཁྲོད་དུ། F4མཐེབ་མནན་ན་མགྱོགས་མྱུར་གྱིས་ཤག་གནས་རེའུ་མིག་གི་ཁ་འབྱེད་པ་མ་ཟད། སྔོན་ལ་ནང་འཇུག་བྱས་མྱོང་བའི་ཤག་གནས་མངོན་ཡོང་བ་རེད།

5.ཤག་གནས་རེའུ་མིག་གི་མགྱོགས་མྱུར་ནང་འཇུག

དྲ་གནས་མང་ཆེ་བ་ནིwww.xxxx.comཡི་རྣམ་པ་ཡིན་ལ། ཁོངས་མིང་ནང་འཇུག་སྐབས། དཔེར་ན། www.xxxལ“xxx”ཁོ་ན་ནང་འཇུག་བྱས་རྗེས། “Ctrl-Enter”མནན་པས་ཆོག་པ་རེད།

6.མགྱོགས་མྱུར་གྱིས་ཤག་གནས་རེའུ་མིག་སྤོ་སྐྱེལ་བྱེད་པ།

IEཔའི་ཁྲོད་དུ། “Alt+D”མནན་རྗེས་ཙིག་རྟགས་ཀྱིས་མགྱོགས་མྱུར་གྱིས་ཤག་གནས་རེའུ་མིག་སྤོ་སྐྱེལ་བྱེད་པ་རེད།

7.ལོ་རྒྱུས་ཟིན་ཐོ་འཚོལ་བ།

IEསྤྱད་ནས་དྲ་ཐོག་རླབས་ཤུད་བྱེད་སྐབས། དྲ་ཚིགས་བཟང་ཤོས་ཤིག་གསར་རྙེད་བྱུང་ཤིང་། འོན་ཀྱང་སྡུད་ཁུག་ཏུ་འཇུག་རྒྱུ་བརྗེད་ཚེ། ལོ་རྒྱུས་ཟིན་ཐོ་བསུབ་མེད་ན་དེ་རྙེད་ཐུབ་པ་རེད། “ལོ་རྒྱུས”མཐེབ་མནན་ཚེ། ལོ་རྒྱུས་ཟིན་ཐོའི་སྒེའུ་ཁུང་བཤར་ཆས་ཀྱི་གཡོན་ཟུར་དུ་མངོན་ཡོང་ལ། “འཚོལ་བཤེར”མཐེབ་ལ་ཆིག་རྡེབ་བྱས་ཏེ། རྡེབ་ངོས་ཀྱི་ཁ་བྱང་ངམ་ཡང་ན། གནད་ཚིག་ནང་འཇུག་བྱས་ནས། “འཕྲལ་འཚོལ”ལ་ཆིག་རྡེབ་བྱས་ན་དྲ་ཚིགས་ཏེ་མཐོང་ཐུབ།

8.སྡུད་ཁུག་གི་མན་ངག་ཆུང་ཆུང་།

IE5ཁྲོད་དུ་ས་ཚིགས་ཤིག་སྡུད་ཁུག་ཏུ་བཅུག་པ་དང་། ཤག་གནས་རེའུ་མིག་ཁྲོད་ཀྱི IEརིས་རྟགས་བདམས་ནས། རིས་རྟགས་ལག་ཆའི་ཚན་བྱང་ཁྲོད་ཀྱི“སྡུད་ཁུག”གི་རིས་རྟགས་སྟེང་དུ་སྤོ་འདྲུད་བྱས་ཚེ། ས་ཚིགས་དེ་སྡུད་ཁུག་ཏུ་བཅུག་པ་རེད། “སྡུད་ཁུག”འདེམས་བྱང་ཁྲོད་ཀྱི“སྡུད་ཁུག་ལེགས་སྒྲིག”གི་བཀའ་བརྡ་ལ་ཚེག་རྡེབ་བྱེད་པ་དང་། དེ་རྗེས་དེ་མཚུངས་ཀྱི་བཀོལ་སྤྱོད་བྱེད་ཆོག

2 གཞོན་ནུ་ལོ་ཆུང་ལ་ཐེབས་པའི་ཤུགས་རྐྱེན།

བརྟག་དཔྱད་ལས་ཤེས་གསལ་ལྟར་ན་སྦྲེལ་རེས་དྲ་རྒྱས་གཞོན་ནུ་ལོ་ཆུང་ལ་ཐེབས་པའི་ཤུགས་རྐྱེན་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ་རེད།

ཐོག་མར་དྲ་རྒྱའི་ཉེས་གསོག་ནི་ལོ་ཆུང་ཅན་དུ་འགྱུར་བཞིན་ཡོད་པ་དང་། བརྟག་དཔྱད་པས་ཐེངས་འདིའི་བརྟག་དཔྱད་དང་འབྲེལ་ཡོད་རྒྱུ་ཆ་ལས་ཤེས་གསལ་ལྟར་ན། ཉིན་རེར་ཚབས་ཇེ་ཆེར་འགྲོ་བཞིན་པའི་རྩིས་འཁོར་དྲ་རྒྱའི་ནག་ཉེས་ཀྱི་གྱོད་དོན་ཁྲོད། ཉེས་གསོག་ལོ་ཚད་ནི་ལོ18ནས40བར་ཡིན་པའི་གཞོན་ནུས80%ཡས་མས་ཟིན་ཡོད་པ་དང་། ཆ་སྙོམས་ཀྱི་ལོ་ཚད་ནི་ལོ23%ཡིན་པ་རེད། སློབ་ཆུང་སློབ་མའི་བརྟག་དཔྱད་མཇུག་འབྲས་ཞིག་ལས་མཚོན་པ་ནི། མི42.5%ཡི་སློབ་ཆུང་སློབ་མས་ཧེ་ཁུ(མཁས་ནག)ལ་དད་གུས་བྱེད་པ་དང་ད་དུང་མི32.5%ཡི་སློབ་ཆུང་སློབ་མ་ཧེ་ཁུ་བྱེད་རྒྱུའི་བསམ་བློ་འཁོར་ཡོད་པ་རེད།

དེ་དང་ཆབས་ཅིག དྲ་རྒྱ་ཚད་བརྒལ་གྱིས་སྤྱོད་པ་ཡིས་གཞོན་ནུ་ལོ་ཆུང་གི་ལུས་སེམས་འཚར་ལོང་ལ་ཚོད་དཔག་བྱེད་ཐབས་བྲལ་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ནས། དྲ་རྒྱར་སེམས་རྟེན་འདོད་ཀྱི་འདུན་པ་དྲག་པོ་བྱུང་ཡོད་པ་རེད།

3 དྲ་ཐོག་རླབས་ཤུད་དང་བདེ་འཇགས།

འགྲོ་བ་མིའི་རིགས་ཀྱི་ཉིན་རྒྱུན་འཚོ་བའི་ནང་གི་བྱེད་སྒོ་ཡོད་ཚད་གློག་ཀླད་རྩིས་འཁོར་དང་དྲ་རྒྱའི་ནང་འཐིམ་ནས་འགྲོ་བཞིན་པའི་དུས་སྐབས་འདིར། རང་རེའི་བོད་ཀྱི་སྤྱི་ཚོགས་ལ་ཆ་མཚོན་ན་ཡང་ཉེ་བའི་ལོ་ཤས་ནང་དེང་དུས་ཀྱི་འཕྲུལ་ཆས་དང་དྲ་རྒྱའི་ཐོག་གི་མཐུན་རྐྱེན་ཁག་ལ་འབྲེལ་འདྲིས་ཟབ་ཏུ་ཕྱིན་ཡོད། ང་ཚོ་གློག་ཀླད་དྲ་རྒྱ་དང་ཅི་ཙམ་གྱིས་འབྲེལ་འདྲིས་ཟབ་ཏུ་ཕྱིན་པའི་ཚོད་ཀྱིས་དེང་རབས་ཀྱི་ཡོ་ཆས་དང་མཐུན་རྐྱེན་ཚང་མ་ཡང་དེ་ཙམ་གྱི་ང་ཚོའི་ཉིན་རྒྱུན་གྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་ལ། དེ་ཡང་དྲ་རྒྱའི་སྤྱོད་སྒོ་ཤུགས་ཆེ་རུ་ཕྱིན་པའི་དབང་གིས་དེས་རིམ་བཞིན་ང་ཚོའི་མི་ཚེའི་ནང་གི་བྱ་བཞག་ཡོད་ཚད་ལ་ཡང་སྟངས་འཛིན་བྱེད་འགོ་ཚུགས་ཡོད་པ་མ་ཟད་བརྒྱུད་རིམ་དེའི་ཁྲོད་དུ་དྲ་རྒྱའི་སྟེང་དུ་ནག་ཉེས་ཀྱི་ལས་ཀའི་རིགས་ཀྱང་ཇེ་མང་དུ་འགྲོ་གི་ཡོད་པ་ཚང་མས་མཁྱེན་གསལ་ཡིན་ལ་དེའི་ཁྲོད་ཀྱི་དཔེ་མཚོན་ཆུང་ངུ་གཅིག་ཞུས་ན། དེང་སང་ནག་ཉེས་ཅན་གྱི་མི་ཁ་ཤས་ཀྱིས་ཆོག་མཆན་མེད་པར་མི་གཞན་གྱི་གློག་འཕྲིན་ཡིག་སྒམ་ནང་གསང་སྟབས་ཀྱི་སྒོ་ནས་འཛུལ་ཏེ་མི་དེའི་སྒེར་གྱི་གསང་བ་དང་ཡིག་ཆ་གལ་ཆེན་ཁག་རྐུ་བཞིན་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་འདིར་ནན་གྱིས་ཞུས་འདོད་པ་ནི་ཚད་གཞི་མཐོ་མིན་ལ་མ་ལྟོས་པར་མི་ཚང་མར་དྲ་རྒྱའི་ཐོག་གི་ཉེན་ཁའི་རིགས་ལ་འགོག་སྲུང་བྱེད་པའི་ཤེས་བྱ་དགོས་རྒྱུ་ནི་ད་ལྟའི་དུས་ཀྱི་ཁ་ཚ་དགོས་གཏུག་གི་དོན་གནད་གལ་ཆེན་ཞིག་ཆགས་འདུག

3_1 ཇེ་མལ་གྱི་ཁྱད་ཆོས།

དྲ་རྒྱའི་ཐོག་གློག་འཕྲིན་གྱི་མཐུན་རྐྱེན་སྤྲོད་མཁན་མང་པོ་ཡོད་ཀྱང་དེ་དག་གི་ཁྱད་ཆོས་དང་ཉེན་སྲུང་ནུས་པའི་དབར་ལ་ཁྱད་པར་ཆེན་པོ་ཡོད། དེ་ཡང་ཤེས་གསལ་ལྟར་ན། ད་ལྟའི་དུས་ཀྱི་གློག་འཕྲིན་གྱི་མཐུན་རྐྱེན་སྤྲོད་མཁན་མང་པོ་ཡོད་པའི་གྲས་ནས་ཇེ་མལ(Gmail) དེ་གདམ་ག་ཡག་ཤོས་དེ་ཆགས་ཡོད། གང་ཡིན་ཞེ་ན།

དང་པོ། ཇེ་མལ(Gmail)ལ་སྲུང་སྐྱོབ་ཀྱི་ནུས་པ་ཡོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་ཇེ་མལ་ནང་བཟོས་ཡོད་པ་ཡིན་ན། ཇེ་མལ་གྱིས་རྟག་ཏུ་ཁྱོད་ཀྱི་གློག་འཕྲིན་དེHttpsནང་ཁ་ཕྱེ་གི་རེད་ལ། འདི་ནི་ཇེ་མལ་གྱི་ཁྱད་ཆོས་གལ་ཆེ་ཤོས་དེ་ཡིན། མཐུན་རྐྱེན་འདི་ཇེ་མལ་གྱིས་སྔ་ས་ན་རང་སྒྲིག་བྱས་ཡོད་སྟབས་ཁྱོད་ཀྱིས་བསྐྱར་དུ་སྒྲིག་བཟོ་བྱེད་མི་དགོས། ཡིན་ཡང་གློག་འཕྲིན་སྒྲིག་བཟོའི་ནང་དུ་ག་དུས་ཡིན་ཡངhttpsནང་ཁ་ཕྱེ་མིན་གྱི་གདམ་ག་ཡོད་པས། ཁྱོད་ཀྱིས་གདམ་ག་དེ་ཡང་སྒྲིག་བཟོ་བྱས་ཡོད་མེད་ལྟ་རྒྱུ་ཧ་ཅང་གལ་ཆེ། ཡཱ་ཧུའུ(Yahoo)དང་ཧའོ་ཁྲི་མལ(Hotmail)ལ་སོགས་པའི་གློག་འཕྲིན་གྱི་མཐུན་རྐྱེན་སྦྱོར་མཁན་མང་ཆེ་བས་ཁྱོད་ཀྱིས་ཁ་བྱང་དང་གསང་ཚིག་རྒྱག་སྐབས་མ་གཏོགསhttpsགྱི་མཐུན་རྐྱེན་སྤྲོད་ཀྱི་མེད། ཁྱོད་རང་སོ་སོའི་ཡིག་སྒམ་ནང་འཛུལ་སྐབས་དང་། ཡིག་སྒམ་ནང་ཡི་གེ་ཀློག་པ་དང་གཏོང་བ། འབྱོར་བ་སོགས་ཀྱི་སྐབས་སུ་དྲ་རྒྱའི་ཁ་བྱང་འབྲི་སའི་སྒམ་ཆུང་ནངhttpལསSམེད་པ་ཡིན་ན་ཁྱོད་ཀྱི་གློག་འཕྲིན་གྱི་ཉེན་སྲུང་གི་ནུས་པ་བརླག་ཚར་བ་རེད་ལ་གནས་སྟངས་དེའི་འོག་ནས་མི་གཞན་གྱིས་ལས་སླ་པོའི་ངང་ཁྱོད་ཀྱི་ཡིག་སྒམ་ནང་འཛུལ་ཏེ་གསང་བ་ཡོད་ཚད་ལྟ་ཀློག་བྱེད་ཐུབ་པ་ཡིན།

གཉིས་པ། ཇེ་མལ་ནང་ཁྱོད་ཀྱིས་ཉེ་ལམ་གྱི་བྱེད་སྒོ་ཡོད་ཚད་ལ་ཞིབ་ཕྲ་བལྟ་ཐུབ།

ཇེ་མལ་ལ་གཞན་དང་མ་འདྲ་བའི་མཐུན་རྐྱེན་གཞན་ཞིག་ཡོད་པ་ནི་ཁྱོད་ཀྱིས་རང་ཉིད་ཀྱི་གློག་འཕྲིན་གྱི་ཁ་ཕྱེ་རྗེས། གློག་འཕྲིན་དྲ་ངོས་གཡས་ཕྱོགས་ཀྱི་སྣེ་མོ་རུ་ཡོད་པའི་ཡི་གེ་detail ཞེས་པ་དེའི་སྒང་ལ་བསྣན་ན། ཉེ་ལམ་ཁྱོད་ཀྱི་གློག་འཕྲིན་ས་གནས་གང་དང་དུས་ཚོད་ག་ཚོད་ཐོག་ལ་ཁ་ཕྱེ་ཡོད་མེད་སོགས་ཞིབ་ཕྲ་བལྟ་ཐུབ། གལ་ཏེ་ཁྱོད་ཀྱིས་གློག་འཕྲིན་ངོས་སུ་ཉེན་བརྡ་གཏོང་བའི་འདམ་ག་བསྒྲིགས་ཡོད་ཚེ། ཇེ་མལ་གྱིས་ཁྱོད་རང་ནམ་རྒྱུན་སྡོད་སའི་ས་གནས་མ་ཡིན་པའི་རྒྱ་ནང་གི་གྲོང་ཁྱེར་ཆེ་ཁག་དང་ཕྱི་རྒྱལ་སོགས་ནས་ཁྱོད་ཀྱི་གློག་འཕྲིན་ནང་འཛུལ་གྱི་ཡོད་པའི་གནས་ཚུལ་རིགས་བྱུང་ཚེ་ལམ་སེང་ཁྱོད་ལ་བརྡ་ཁྱབ་གཏོང་གི་རེད།

གསུམ་པ། ཇེ་མལ་གྱིས་གློག་འཕྲིན་ནང་འབྱོར་བའི་ཟུར་སྣོན་ཡིག་ཆའི་རིགས་ལ་དྲ་འབུ་ཡོད་མེད་ཞིབ་འཇུག་བྱེད་ཐུབ།

ཇེ་མལ་གྱིས་ཟུར་སྣོན་ཡིག་ཆའི་རིགས་ལ་དྲ་འབུ་ཡོད་མེད་ཞིབ་འཇུག་བྱེད་ཐུབ་ཀྱི་ཡོད་རུང་། སྔོན་ཚུད་ནས་ཉེན་ཁར་ངོས་འཛིན་བྱས་ཚར་བའི་དྲ་འབུ་རྣམས་མ་གཏོགས། ཉེ་ལམ་ཆེད་དུ་མི་སྡེ་དང་ཚོགས་པ་གང་རུང་ལ་གནོད་སྐྱོན་བྱེད་པར་དམིགས་ནས་བཟོས་པའི་དྲ་འབུ་གསར་བའི་རིགས་ཀྱིས་གནོད་སྐྱོན་ཐེབས་ཚར་བའི་ཡིག་ཆ་ཁག་་ཇེ་མལ་གྱི་མཐུན་རྐྱེན་འདིས་ངོས་ཟིན་མི་ཐུབ། དཀའ་ངལ་དེ་ལ་དམིགས་ནས་རྗེ་མེལ་གྱིས་ཁྱོད་ལ་འབྱོར་བའི་ཡིག་ཆ་དང་དཔར་ལ་སོགས་པའི་ཟུར་སྣོན་གྱི་རིགས་ཁ་གཏུགས་ཕབ་ལེན་བྱེད་མ་དགོས་པར་ཟུར་སྣོན་འོག་གི་ཡི་གེviewཐོག་ལ་བསྣུན་ནས་ལྟ་ཀློག་བྱས་ཆོག་པའི་མཐུན་རྐྱེན་བསྐྲུན་ཡོད། ཁྱོད་ཀྱིས་ཟུར་སྣོན་ཡིག་ཆ་དེ་ཕབ་ལེན་མ་བྱས་པར་ལྟ་ཞིབ་བྱེད་སྐབས་ཡིག་ཆ་དེGoogle serverབརྒྱུད་ནས་མཐོང་གི་ཡོད་སྟབས། ཟུར་སྣོན་ཡིག་ཆ་དེར་དྲ་འབུ་ཡོད་རུང་། དེས་ཁྱོད་ཀྱི་གློག་ཀླད་སོགས་ལ་གནོད་སྐྱོན་བྱེད་མི་ཐུབ། གལ་ཏེ་ཁྱོད་ཀྱིས་ལྟ་ཞིབ་བྱས་ཚར་བའི་ཡིག་ཆ་མི་གཞན་དང་གྲོགས་པོ་ནང་ཁུལ་ལ་སྤྱི་སྤྱོད་བྱེད་འདོད་ཡོད་ཚེ། (Google doc)ནང་དུ་ཉར་ཚགས་ཀྱང་བྱས་ཆོག

བཞི་པ། ཇེ་མལ་གྱིས་ཁྱོད་རང་སོ་སོའི་གློག་འཕྲིན་ཡིག་སྒམ་ནང་འཛུལ་བར་སྟངས་འཛིན་བྱེད་པའི་ནུས་པ་སྤྲོད ཀྱི་ཡོད།

ཁྱོད་ཀྱིས་སོ་སོའི་གློག་འཕྲིན་གྱི་གསང་ཚིག་ཡང་ནས་ཡང་དུ་བརྗེ་བོ་རྒྱག་དགོས་ལ། མི་གཞན་གྱིས་ཁྱོད་ཀྱི་གསང་ཚིག་རྐུ་བ་ལ་བརྟེན་ནས་རང་ཉིད་སོ་སོའི་གློག་འཕྲིན་ཡིག་སྒམ་ནང་འཛུལ་མ་ཐུབ་པའི་གནས་ཚུལ་བྱུང་ཚེ། ངེས་པར་དུ་གསང་ཚིག་སླར་རྙེད་ཡོང་ཆེད་སྔ་ས་ནས་ལམ་ཁ་འདྲ་མིན་མང་པོ་བཟོ་དགོས།་ཁྱོད་ཀྱི་གློག་འཕྲིན་ཡིག་སྒམ་ནང་མི་གཞན་པ་འཛུལ་མ་ཐུབ་པའི་ཆེད་དུ་རྗེ་མེལ་ནང་རིམ་པ་གཉིས་ཀྱི་ར་སྤྲོད་བྱེད་པའི་མཐུན་རྐྱེན་སྤྲོད་ཀྱི་ཡོད། རིམ་པ་གཉིས་ཀྱི་ར་སྤྲོད་བྱེད་པའི་མཐུན་རྐྱེན་དེ་སྒྲིག་བཟོ་བྱེད་པར་ཁྱོད་རང་ཐོག་མར་ཐོ་འགོད་སྒྲིག་བཟོ(account setting)ནང་འཛུལ་རྗེས་རིམ་པ་གཉིས་ཀྱི་ར་སྤྲོད་བེད་སྤྱོད་གཏོང་བ(using 2 step virification)སྒང་ལ་བསྣུན་ན་ཁྱོད་རང་གི་ཁ་པར་ཨང་གྲངས་རྒྱག་སའི་སྒམ་ཆུང་ཞིག་མངོན་ཡོང་གི་རེད་ལ།་དེ་ནང་དུ་ཁ་པར་ཨང་གྲངས་བསྐངས་ཚར་བའི་རྗེས་ཁྱོད་ཀྱི་ཁ་པར་སྒང་ལ་ར་སྤྲོད་ཨང་གྲངས་ཤིག་བསྐུར་ཡོང་གི་རེད། ཨང་གྲངས་དེ་མཐའ་མར་ར་སྤྲོད་བྱེད་སའི་སྟོང་ཆའི་ནང་བསྐངས་ནས་ར་སྤྲོད(Verify)ཞེས་པའི་སྒང་ལ་བསྣུན་ན། རིམ་པ་གཉིས་ཀྱི་ར་སྤྲོད་རེ་གྲུབ་ཚར་བ་རེད། ཁྱོད་ཀྱིས་རིམ་པ་གཉིས་པའི་ར་སྤྲོད་ཀྱི་མཐུན་རྐྱེན་དེ་སྒྲིག་བཟོ་བྱས་པ་ཡིན་ན། མི་གཞན་པས་ཁྱོད་ཀྱིས་གློག་འཕྲིན་གྱི་གསང་བའི་ཨང་གྲངས་རྐུ་ཐུབ་རུང་། ཁྱོད་ཀྱི་ཁ་པར་སྒང་ལ་འབྱོར་བའི་རིམ་པ་གཉིས་པའི་ར་སྤྲོད་ཀྱི་ཨང་གྲངས་དེ་ཁྱོད་རང་གཅིག་པུར་མ་གཏོགས་མེད་པས། མི་གཞན་པ་ཁྱོད་རང་གི་གློག་འཕྲིན་ཡིག་སྒམ་ནང་འཛུལ་མི་ཐུབ།

རིམ་པ་གཉིས་པའི་ར་སྤྲོད་དང་འབྲེལ་བའི་བརྙན་པར་ལ་གཟིགས་འདོད་ཡོད་ན། དྲ་གནསhttp://www.youtube.com/watch?v=zMabEyrtPRgའདི་ལ་གཟིགས་རོགས།

ཇེ་མལ་ལ་ཉེན་ཁ་འགོག་སྲུང་བྱེད་པའི་ནུས་པ་ཆེན་པོ་ཡོད་རུང་། མི་འགའ་ཤས་ཀྱིས་ཁྱོད་ཀྱི་གློག་འཕྲིན་ཁ་བྱང་རྐུས་ནས་སྒྲིག་བཟོ་བྱས་ཏེ་ཁྱོད་ལ་ཧ་གོ་མ་བཅུག་པའི་སྒོ་ནས་ཁྱོད་ལ་འབྱོར་བའི་ཡིག་ཆ་་ཡོངས་རྫོགས་མི་གཞན་ལ་གཏོང་ཐུབ།

3_2 Tabལ་ཡོད་པའི་ཉེན་ཁ་གཙོ་བོ་གསུམ། 

དང་པོ། ཐོ་མཛོད(Account)དང(Import)ནང་འདྲེན།

གློག་འཕྲིན་སྒྲིག་བཟོ་ནང་ཁྱོད་ཀྱིས་ངེས་པར་དུ་མི་གཞན་སོ་སོའི་གློག་འཕྲིན་ཡིག་སྒམ་ནང་འཛུལ་རྒྱུའི་ཆོག་མཆན་སྤྲད་ཡོད་མེད་ལྟ་དགོས་ལ། གལ་ཏེ་ཆོག་མཆན་སྤྲད་པའི་བརྡ་ལན་མཐོང་ཚེ་ཆོག་མཆན་སྤྲད་པའི་ཁ་བྱང་དེ་མ་ཐག་ཏུ་ནུས་མེད་བཟོ་དགོས།

གཉིས་པ། ཚགས་སྣོད(Filter)

མི་གཞན་གྱིས་ཁྱོད་ཀྱི་ཡིག་སྒམ་བརྒྱུད་ནས་ཡི་གེ་བཏང་བའམ། ཁྱོད་ལ་འབྱོར་བའི་ཡི་གེར་ཚགས་བརྒྱབ་ནས་མི་གཞན་ལ་བཏང་ཡོད་མེད་ལ་ཡོད་མེད་ལ་ཡང་ཞིབ་ལྟ་བྱེད་རྒྱུ་ཧ་ཅང་གལ་ཆེ།

གསུམ་པ། བརྒྱུད་གཏོང་བྱེད་པ། (Forwarding and POP/IMAP)

ཁྱོད་ཀྱིས་རང་ཉིད་ཀྱི་གློག་འཕྲིན་ནང་སྔར་ནས་སྒྲིག་བཟོ་མ་བྱས་པར་ཁྱོད་ལ་འབྱོར་པའི་ཡི་གེ་དག་ཁྱོད་ཀྱིས་ངོ་ཐག་མི་ཆོད་པའི་ཁ་བྱང་སོགས་ལ་བཏང་ཡོད་མེད་ཀྱང་རྒྱུན་དུ་ཞིབ་ལྟ་བྱེད་དགོས།

མཐའ་སྡོམ་དེར་བཟང་ཕྱོགས་ཀྱི་ངོས་ནས་གླེང་ན། ཁྱོད་ཀྱིས་རང་ཉིད་གློག་འཕྲིན་གྱི་བདེ་འཇགས་སྒྲིག་བཟོར་བསྒྱུར་བཅོས་གཏོང་སྐབས། ཇེ་མལ་གྱིས་རྟག་ཏུ་ཁྱོད་ཀྱི་གློག་འཕྲིན་གྱི་གསང་ཚིག་བསྐྱར་དུ་འཇུག་དགོས་པའི་བརྡ་ལན་གཏོང་གི་རེད། གོ་རིམ་འདིས་ཁྱོད་རང་ཇེ་མལ་ནང་འཛུལ་ཡོད་པའི་སྐབས་སུ་མི་གཞན་གྱིས་ཁྱོད་ཀྱི་གློག་ཀླད་ལ་སྟངས་འཛིན་བྱས་ནས་གནོད་པ་སྐྱེལ་བའི་ལས་གཞི་སོགས་འགོག་སྲུང་བྱེད་ཐུབ་པ་ཡིན།

མདོར་ན། མི་སོ་སོས་དགོས་དོན་འདྲ་མིན་ལ་དམིགས་ནས་གློག་འཕྲིན་ཁ་བྱང་མ་འདྲ་བ་མང་པོ་་ཉར་གྱི་ཡོད་པས་ཇེ་མལ་ཁོ་ན་མ་གཏོགས་གཞན་བེད་སྤྱོད་མི་གཏོང་པའི་གནས་སྟངས་ཆགས་རྒྱུ་དཀའ་ལས་ཁག་པོ་ཡིན། འོན་ཀྱང་གློག་འཕྲིན་གྱི་མཐུན་རྐྱེན་སྤྲོད་མཁན་གྱི་གྲས་ནས་ཡག་ཤོས་དང་བརྟན་ཤོས་དེ་གང་ཡིན་པ་ཧ་གོ་བའི་ཐོག་ནས་སྤྱི་ཚོགས་ནང་ལ་དེའི་སྐོར་གྱི་ཤེས་བྱ་ཁྱབ་སྤེལ་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་།

གལ་ཏེ་ཁྱོད་ཀྱིས་ཡཱ་ཧུའུ་ཁ་བྱང་ནང་མི་གཞན་ལ་ཡིག་འབྲེལ་བྱས་པའི་ལོ་རྒྱུས་དང་འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་སོགས་ཡོད་པའི་རྒྱུ་མཚན་གྱིས་ཇེ་མལ་ཐོག་ལ་བརྗེ་སྤོར་བྱེད་ཐུབ་ཀྱི་མི་འདུག་བསམ་ན། དོན་དངོས་ཐོག་ དེ་ནི་དཀའ་ངལ་ཆེན་པོ་ཞིག་མ་རེད། གང་ཡིན་ཞེ་ན་། ཁྱོད་ཀྱིས་གློག་འཕྲིན་སྒྲིག་བཟོ་ནང་གི་ཐོ་མཛོད་དང་ནང་འདྲེན་བརྒྱུད་ནས་རང་ཉིད་ཀྱི་སྔར་ནས་འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་ཚང་མ་ཇེ་མལ་གྱི་ནང་དུ་ཚུར་འདྲེན་བྱེད་ཐུབ། གློག་འཕྲིན་གྱི་མཐུན་རྐྱེན་སྤྲོད་མཁན་ཆ་ཚང་མཐའ་གཅིག་ཏུ་བརྟན་པོ་མེད་ཀྱང་། དེ་དག་གི་ཁྲོད་ནས་ད་ལྟའི་ཆར་ཇེ་མལ་དེ་ཡག་ཤོས་ཡིན། གང་ཡིན་ཞེ་ནGoogleབཟོ་ཚོང་ཁང་གིས་གཞན་དང་མི་འདྲ་བར་དྲ་ཐོག་གི་བདེ་འཇགས་དང་ཉེན་སྲུང་གི་གནད་དོན་སོགས་ལས་ཀའི་གཙོ་གནད་དུ་འཛིན་གྱི་ཡོད་པས། ཁྱོད་ཀྱིས་ཡིད་ཆེས་བློས་འགེལ་གང་འཚམ་བྱས་ཆོག་པ་ཡིན།

གལ་ཏེ་ཁྱོད་ཀྱི་གློག་ཀླད་རྩིས་འཁོར་དེ་སྔ་ས་ནས་དྲ་འབུ་ཡིས་ཟིན་ནས་མི་གཞན་གྱིས་སྟངས་འཛིན་བྱས་ཚར་ཡོད་ཚེ། སུ་ཞིག་གིས་ཀྱང་ཁྱོད་རང་དྲ་ཐོག་གི་བདེ་འཇགས་དང་འབྲེལ་བའི་ཉེན་ཁ་ལས་སྐྱོབ་མི་ཐུབ་པས། ཁྱོད་ཀྱིས་ངེས་པར་དུ་རང་ཉིད་ཀྱི་གློག་ཀླད་རྩིས་འཁོར་གཙང་མ་བཟོ་དགོས།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།