ཡོངས་འཛིན་རིག་མཛོད། >རིག་གནས། >དྲ་བའི་རིག་གནས། >གཞན་དག

འོད་རིག་པ།

འོད་རིག་པ(optics)ནི་དངོས་ལུགས་རིག་པའི་ཡན་ལག་གི་རིག་ཚན་གལ་ཆེན་ཞིག་ཡིན་ལ། འོད་རིག་བཟོ་སྐྲུན་ལག་རྩལ་དང་འབྲེལ་བ་ཡོད་པའི་རིག་ཚན་ཞིག་ཀྱང་ཡིན། སྒྲ་དོག་འཇུག་གི་ངོས་ནས་བཤད་ན། འོད་རིག་པ་ནི་འོད་དང་མཐོང་ཕྱོགས་སྐོར་གྱི་ཚན་རིག་ཅིག་ཡིན་ལ། opticsཡི་ཐ་སྙད་དེ་སྔ་མོ་ནས་མིག་དང་མཐོང་ཚུལ་ལ་འབྲེལ་བ་ཡོད་པའི་བྱ་དངོས་ཁོ་ན་ཡིན། རྒྱུན་དུ་བརྗོད་པའི་འོད་རིག་པ་ནི་སྒྲ་ཡངས་འཇུག་ཡིན་ཏེ། རླབས་ཕྲན་དང་དམར་ཕྱིའི་ཐིག མཐོང་ཐུབ་འོད། སྨུག་ཕྱིའི་ཐིག་ནསXའཕྲོ་ཐིག་དངγའཕྲོ་ཐིག་བར་གྱི་རླབས་རིམ་རྒྱ་ཆེ་བའི་ཁྱབ་ཁོངས་ནང་དུ་གློག་ཁབ་ལེན་འགྱེད་འཕྲོ་བྱུང་བ་དང་། ཁྱབ་སྤེལ། བསྡུ་ལེན། མངོན་སྟོན། དེ་བཞིན་དངོས་པོ་ཕན་ཚུན་བྱེད་ནུས་འདོན་པའི་ཚན་རིག་ལ་ཞིབ་འཇུག་བྱེད་པ་ཡིན། ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ནི་དམར་ཕྱི་ནས་སྨུག་ཕྱིའི་རླབས་རིམ་ཡིན་ལ་དེ་ནི་དངོས་ལུགས་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

རྒྱལ་ཁབ་སྦྲེལ་རེས་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་།

རྒྱལ་ཁབ་སྦྲེལ་རེས་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་ནི2011ལོ་ཟླ་བ5པར་བཙུགས་པ་དང་། འགན་འཁྲི་གཙོ་བོ་ནི་སྦྲེལ་རེས་དྲ་རྒྱའི་ཆ་འཕྲིན་ཁྱབ་སྤེལ་བྱེད་ཕྱོགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་སྦྲེལ་རེས་དྲ་རྒྱའི་ཆ་འཕྲིན་ཁྱབ་སྤེལ་གྱི་ཁྲིམས་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་དང་མཛུབ་ཁྲིད། མཐུན་སྦྱོར། འབྲེལ་ཡོད་སྡེ་ཁག་གིས་སྦྲེལ་རེས་དྲ་རྒྱའི་ཆ་འཕྲིན་ནང་དོན་དོ་དམ་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་དྲ་ཚིགས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་ཡིན།

རིགས་དབྱེ།  

དྲ་ཐོག་སློབ་སྦྱོང་།

དྲ་རྒྱའི་སློབ་སྦྱོང་གི་བྱེད་ཐབས་ནིPCདང་དྲ་རྒྱ་བརྒྱུད་ནས། དྲ་ཐོག་ཏུ་དྲ་རྒྱའི་ཐོན་ཁུངས་ལ་མིག་བཤར་དང་། དྲ་ཐོག་སྤེལ་རེས་དང་དྲ་ཐོག་སློབ་ཁང་སོགས་ཀྱི་བྱེད་སྟངས་ཀྱིས་ཤེས་བྱ་ཐོབ་པ་དང་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པ། རང་ཉིད་མཐོར་འདེགས་ཀྱི་དམིགས་ཡུལ་དུ་སླེབས་པ་དང་། དྲ་རྒྱའི་སློབ་སྦྱོང་གིས་སྲོལ་རྒྱུན་གྱི་སློབ་གསོའི་རྣམ་པའི་དུས་ཚོད་དང་བར་སྟོང་ཆ་རྐྱེན་གྱི་ཚད་བཀག་མེད་པར་བཟོས་པ་དང་། སྲོལ་རྒྱུན་སློབ་གྲྭའི་སློབ་གསོའི་བྱེད་ནུས་ལས་མཆེད་པ་ཡིན་ལ། སློབ་ཁྲིད་ཐོན་ཁུངས་བེད་སྤྱོད་གང་ལེགས་ཐོབ་པ་དང་། སློབ་ཁྲིད་རྩ་འཛུགས་བརྒྱུད་རིམ་ལ་ཀློད་ཡངས་རང་བཞིན་དང་བརྗེ་རེས་རང་བཞིན། མཐུན་སྦྱོར་རང་བཞིན། རང་ཚུགས་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་པའི་རྐྱེན་གྱིས་དེ་ནི་སློབ་མ་ལྟེ་བར་འཛིན་པའི་སློབ་གསོའི་རྣམ་པ་ཞིག་རེད།

རིགས་དབྱེ།  

ཉོ་ཚོང་ཟིན་ཐོ།

ཉོ་ཚོང་ཟིན་ཐོ་ཞེས་པ་ནི་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་དུ་ཉོ་ཚོང་ལ་གྲོས་མཐུན་བྱུང་བའི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ཀྱི་ཡི་གེའི་རང་བཞིན་གྱི་ཟིན་ཐོ་བཀོད་པ་ལ་ཟེར།

རིགས་དབྱེ།  

བཤད་འཁྲིད་པ།

བཤད་འཁྲིད་པ་ཟེར་བ་ནི་ཆེད་དུ་མངགས་ནས་འགྲེམས་སྟོན་ལ་བཤད་པ་རྒྱག་མཁན་གྱི་ལས་དོན་མི་སྣ་དེ་ཡིན་ནོ། །

རིགས་དབྱེ།  

རིག་དངོས་ཀྱི་གསལ་བཤད་བྱང་བུ།

རིག་དངོས་གསལ་བཤད་བྱང་བུ་ཟེར་བ་ནི་རིག་དངོས་འགྲེམས་སྟོན་བྱ་སྐབས་སུ་དེའི་མདུན་ནམ་གཡས་གཡོན་འོས་འཚམ་ཀྱི་ས་ཆ་ཞིག་ཏུ་འཇོག་པར་བྱེད་པ་དང་རིག་དངོས་དེ་གའི་རྩ་བའི་གནས་ཚུལ་མདོར་བསྡུས་ཙམ་རྟོགས་པར་བྱེད་པའི་གསལ་བཤད་བྱང་བུ་ཞིག་ཡིན།

རིགས་དབྱེ།  

རིག་དངོས་ཉམས་གསོ།

རིག་དངོས་ཉམས་གསོ་ཟེར་བ་ནི་མྱུར་སྐྱོབ་རང་བཞིན་གྱི་སྔོན་འགོག་བྱ་ཐབས་སུ་འགྲོ་བ་ཡིན་ཏེ། ཉམས་རྒུད་དུ་སོང་བའི་རིག་དངོས་གང་ཞིག་དེའི་ཉེན་ཚབས་དེ་བས་ཆེ་རུ་མི་འགྲོ་བ་དང་ཡང་ན་ཚད་ལྡན་གྱི་ལག་རྩལ་སྤྱད་དེ་ཉམས་པ་དང་གཏོར་བརླག་ཏུ་སོང་བ་རྣམས་སླར་གསོ་ཡོང་བའི་བྱ་ཐབས་ལ་ཟེར།

རིགས་དབྱེ།  

གཡོ་བའི་རིག་གནས།

གཡོ་བའི་རིག་གནས་ནི་གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྣམ་པར་གནས་པའི་རིག་གནས་ཤིག་ལ་བྱ།

རིགས་དབྱེ།  

གསར་འགྱུར་བརྒྱུད་བསྒྲགས་རིག་པ།

གསར་འགྱུར་བརྒྱུད་བསྒྲགས་རིག་པ་ནི་སྲིད་སྐྱོང་ཏང་གི་གསར་འགྱུར་བྱ་འགུལ་དང་ཁྱབ་སྤེལ་བྱ་འགུལ་དང་དེ་མིན་ཆ་འཕྲིན་ཁྱབ་སྤེལ་གྱི་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། ཁྱབ་ཁོངས་ནི་དྲ་སྦྲེལ་དང་སྨྱན་སྦྱོར་གསར་པ་དང་འབྲེལ་བ་ཡོད།

རིགས་དབྱེ།  

དཔེ་མཛོད་ཁང་།གསང་འཕྲིན་དང་ཡིག་ཆ་རིག་པའི་ཐ་སྙད།

《དཔེ་མཛོད་ཁང་། གསང་འཕྲིན་དང་ཡིག་ཆ་རིག་པའི་ཐ་སྙད》ནི་སྤྱི་ལོ2019ལོའི་ཟླ8པའི་ཚེས1ཉིན་ཚན་རིག་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན།

རིགས་དབྱེ།  

རིག་ཚན་སློབ་ཁྲིད།

རིག་ཚན་སློབ་ཁྲིད་ནི་སློབ་ཁྲིད་ཀྱི་ནུས་པ་དང་སློབ་ཁྲིད་ཀྱི་རིགས་པའི་གཞུང་ལུགས་དངོས་སུ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་དུ་བྱས་པའི་རབ་འབྱམས་པའི་ཆེད་ལས་ཤིག་ཡིན་ཞིང་། གཙོ་བོ་ལས་ཞུགས་གཙོ་བོར་བྱེད་པ་དང་། རིག་གཞུང་ཞིབ་འཇུག་གི་རབ་འབྱམས་པ་དང་ཁྱད་པར་ཡོད།

རིགས་དབྱེ།  

རིག་གནས་རྗེས་ལུས་ཐེབས་པ།

དེ་ནི་ཨ་རིའི་རིག་གནས་མཁས་པ་ཝེ་ལེན་ཨའོ་ཀུ་པིན་གྱིས་བཏོན་པའི་དོན་སྤྱི་ཞིག་ཡིན་ཞིང་། དེའི་གོ་དོན་ནི་རིག་གནས་ཁྱབ་ཁོངས་ཤིག་གསར་གཏོད་བྱེད་པར་ཟེར་བ་དང་། རིག་གནས་ཁྱབ་ཁོངས་གཞན་དག་གིས་ལེགས་སྒྲིག་བྱ་དགོས་ཤིང་། ལེགས་སྒྲིག་བྱས་པའི་རྐྱེན་གྱིས་རྗེས་ལུས་ཐེབས་པའི་དུས་ཚོད་དེ“རིག་གནས་རྗེས་ལུས་ཐེབས་པ”ཞེས་པ་དེ་ཡིན།

རིགས་དབྱེ།  

བྱ་བའི་གྲུབ་འབྲས།

ཁེ་ལས་དོ་དམ་ཁྱབ་ཁོངས་ཀྱི་བརྡ་ཆད་ཅིག་ཡིན། བྱ་བའི་གྲུབ་འབྲས་ནི་བྱ་བའི་དུས་ཚོད་ངེས་ཅན་ཞིག་གི་མཐའ་མའི་ཐོན་ཚད་ལ་ཟེར། གྲངས་ཚད་ངེས་ཅན་གྱི་བྱ་བའི་གྲུབ་འབྲས་ལ་དབོར་འདྲེན་བཟོ་པའི་དབོར་འདྲེན་བྱེད་ཚད་དང་། ཕྱིར་ཚོང་པའི་དངུལ་གྲངས་དང་ཉོ་ཚོང་རིན་གོང་ཆུ་ཚད། དེ་བས་གལ་ཆེ་བ་ནི་ངོ་བོ་གཏན་འཁེལ་གྱི་བྱ་བའི་གྲུབ་འབྲས་ཀྱི་ཚད་འཇལ་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

དེང་རབས་རིག་གནས།

དེང་རབས་རིག་གནས་ནི་སྤྱི་ཚོགས་དང་མི་རང་ངོས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་པའི་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་ཡིན། དེང་རབས་ཀྱི་རིག་གནས་ནི་བཟོ་ལས་སྤྱི་ཚོགས་ནས་གསར་དུ་བྱུང་བའི་རིག་གནས་ཤིག་ཡིན། དེང་རབས་རིག་གནས་ཀྱིས་མི་རིགས་ཤིག་གི་རིག་གནས་ཁྲོད་ཟིན་པའི་བསྡུར་ཚད་དེས་མི་རིགས་དེའི་འཕེལ་རྒྱས་ཆུ་ཚད་མཚོན་ཡོད། དེང་རབས་རིག་གནས་ནི་རྒྱལ་ཁབ་ཅིག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ཀྱི་མི་རྣམས་ཀྱི་ད་ལྟའི་འཚོ་བ་སྐྱེལ་སྟངས་དང་ཚན་རྩལ་ཆུ་ཚད་ལས་གྲུབ་པའི་བསམ་བློའི་འདུ་ཤེས་གསར་པ་དང་། ཀུན་སྤྱོད་ཀྱི་ཚད་གཞི། བྱ་སྤྱོད་ཀྱི་ཚད་གཞི་སོགས་ཕྱོགས་བསྡུས་བྱས་པ་ཞིག་ཡིན།

རིགས་དབྱེ།  

བསམ་པའི་རིན་ཐང་།

བསམ་པའི་རིན་ཐང་ནི་འཇར་མན་གྱི་ཧྲེ་ལེ་སྐད་ཡིན། དེ་ནི་རིན་ཐང་གི་གཞི་རྩའི་ངོ་བོ་གཞིར་བཟུང་ནས་བགོས་པའི་རིན་ཐང་རིགས་བཞིའི་ནང་གི་རིན་ཐང་ཅུང་མཐོ་བ་དེ་ཡིན། དེ་ལ་མཛེས་པ་དང་བཙོག་པའི་མཛེས་རིག་གི་རིན་ཐང་དང་། ཡང་དག་པ་དང་ནོར་འཁྲུལ་གྱི་རིན་ཐང་། དེ་བཞིན་རང་ཉིད་དམིགས་ཡུལ་དུ་འཛིན་པའི་ཤེས་བྱ་ཁོ་ནའི་རིན་ཐང་བཅས་སུ་དབྱེ་ཆོག ཅུང་མཐོ་བའི་རིན་ཐང་ནི་ཅུང་དམའ་བའི་རིན་ཐང་དང་འདྲ་བར་མི་མང་པོས་བགོས་ནས་ལོངས་སུ་སྤྱོད་མི་རུང་། དཔེར་ན་སྒྱུ་རྩལ་ཐོན་རྫས་སོ་སོར་བགོ་མི་རུང་བ་དང་ཟས་རིགས་ནི་བགོ་བཤའ་བརྒྱབ་ན་ད་གཟོད་གཞན་གྱིས་ལོངས་སུ་སྤྱད་ཆོག་པ་ལྟ་བུ་ཡིན།

རིགས་དབྱེ།  

སྤྱི་བདེ་རིག་པ།

སྤྱི་བདེ་རིག་པ་ནི་ཀྲུང་གོའི་སྤྱི་བདེ་བྱ་བའི་ཆོས་ཉིད་དང་ཁ་གཏད་འཇལ་བའི་སྐོར་གྱི་ཤེས་བྱའི་མ་ལག་ཅིག་ཡིན་ལ། ཀྲུང་གོའི་མི་དམངས་དམངས་གཙོའི་སྲིད་དབང་འོག་གི་སྤྱི་བདེ་བྱ་བའི་ལག་ལེན་ཉམས་མྱོང་གི་ཕྱོགས་བསྡོམས་དང་སྙིང་བསྡུས་ཡིན། སྤྱི་བདེ་རིག་པ་ནི་སྤྱི་བདེ་རིག་ཚན་གྱི་སྤྱི་མིང་ཡིན། སྤྱི་བདེ་རིག་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་གྱི་སྤྱི་ཚོགས་འབྲེལ་བ་ལེགས་སྒྲིག་བྱེད་པའི་བྱ་སྤྱོད་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ཕན་ཚུན་སྣོལ་བའི་ཕྱོགས་བསྡུས་རིག་ཚན་ཞིག་ཡིན།

རིགས་དབྱེ།  

མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས།

མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆེད་ལས་ནི་རིམ་པ་དང་པོའི་རིག་ཚན་ཞིག་ཡིན་ཞིང་། གནས་སྐབས་སུ“ཁྲིམས་ལུགས་རིག་པའི” རྣམ་གྲངས་ནང་དུ་བཀོད་སྒྲིག་བྱས་ཡོད་ལ། མངའ་འོག་ཏུ་རིམ་པ་གཉིས་པའི་རིག་ཚན་བཞི་སྟེ། ཚན་རིག་སྤྱི་ཚོགས་རིང་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་བཅས་ཡིན།

རིགས་དབྱེ།  

གཞུང་ལུགས་དཔལ་འབྱོར་རིག་པ།

གཞུང་ལུགས་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་རིག་པའི་གཞི་རྩའི་དོན་སྤྱི་དང་། ཁྱབ་ཁོངས། ཁྱབ་ཁོངས་མ་ལག་བཅས་ཀྱིས་གྲུབ་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ཞིང་། དེའི་ནང་དུ་སྤྱིར་བཏང་གི་གཞུང་ལུགས་དཔལ་འབྱོར་རིག་པ་དང་དམིགས་བསལ་གྱི་གཞུང་ལུགས་དཔལ་འབྱོར་རིག་པ་གཉིས་འདུས།

རིགས་དབྱེ།  

སྒྲ་རིག་པ།

སྒྲ་རིག་པ(Acoustics)ཞེས་པ་ནི་འཕྲུལ་ཆས་ཀྱི་རླབས་འབྱུང་བ་དང་། ཁྱབ་སྤེལ། བསྡུ་ལེན། ཕན་ནུས་བཅས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ལ་ཟེར།

རིགས་དབྱེ།  

སྐུད་མེད་གློག་གི་དངོས་ལུགས།

སྐུད་མེད་གློག་གི་དངོས་ལུགས་ནི་དངོས་ལུགས་རིག་པའི་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་རིག་ཚན་ཞིག་ཡིན། རིག་ཚན་འདིར་ཉེ་རབས་དངོས་ལུགས་རིག་པ་དང་གློག་རྡུལ་ཆ་འཕྲིན་ཚན་རིག་གི་རྩ་བའི་གཞུང་ལུགས། ཐབས་ཤེས། དངོས་བཤེར་བྱེད་ཐབས་བཅས་སྤྱད་དེ། ཁབ་ལེན་ར་བ་དང་གློག་ཁབ་ལེན་གྱི་རླབས་དང་དངོས་པོ་ཕན་ཚུན་བྱེད་ནུས་འདོན་པར་ཞིབ་འཇུག་བྱེད་པའི་གཞི་རྩའི་ཆོས་ཉིད་ཡིན། དངོས་ལུགས་རིག་པའི་རྩ་བའི་གཞུང་ལུགས་ཀྱི་ཐབས་ཤེས་དང་ཉེ་རབས་དངོས་བཤེར་ལག་རྩལ་རྨང་གཞི་བྱས་ཏེ་ཕྱི་རོལ་ཡུལ་གྱི་སྣང་ཚུལ་གྱི་རྩ་བའི་ཆོས་ཉིད་ལ་ཞིབ་འཇུག་བྱས་ནས་གློག་རྡུལ་ལྷུ་ཆས་གསར་པ་དང་མ་ལག་གསར་བ་གསར་འབྱེད་བྱས་ཏེ་དངོས་སྤྱོད་བྱེད་པ་ཡིན།

རིགས་དབྱེ།  

སྐྱེ་མེད་རྫས་འགྱུར།

《སྐྱེ་མེད་རྫས་འགྱུར》ནི་ཝུའུ་ཧན་སློབ་ཆེན་གྱིས་མཁོ་འདོན་བྱས་པའི་ཡིད་སྨོན་སློབ་ཚན་ཞིག་ཡིན་པ་དང་སློབ་ཁྲིད་དགེ་རྒན་ནི་ཚའེ་ཕིང་ཡིན།

རིགས་དབྱེ།  

ཀྲུང་གོའི་གསར་འགྱུར་བྱ་གཞག་འཕེལ་རྒྱས་ཀྱི་སྙན་ཞུ།

སྤྱི་ལོ2020ལོའི་ཟླ12པའི་ཚེས21ཉིན་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས(བསྡུས་མིང་ལ་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཞེས་ཟེར)ཀྱིས《ཀྲུང་གོའི་གསར་འགྱུར་བྱ་གཞག་འཕེལ་རྒྱས་ཀྱི་སྙན་ཞུ(སྤྱི་ལོ2020ལོར་ཁྱབ་བསྒྲགས་བྱས)》ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤྱི་ལོ2014ལོ་ནས་བཟུང་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་གསར་འགྱུར་བྱ་གཞག་འཕེལ་རྒྱས་གནས་ཚུལ་དང་འབྲེལ་བ་ཡོད་པའི་ལོ་འཁོར་སྙན་ཞུ་ལྔ་བ་དེ་རེད།

རིགས་དབྱེ།  

ཀྲུང་གོའི་གསར་འགྱུར་ལས་དོན་གྱི་ལོ་རྒྱུས།

《ཀྲུང་གོའི་གསར་འགྱུར་ལས་དོན་གྱི་ལོ་རྒྱུས》ནི་སྤྱི་ལོ2002ལོའི་ཟླ8པར་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ལ། རྩོམ་པ་པོ་ནི་ཏིང་ཀན་ལིན་ཡིན།

རིགས་དབྱེ།  

བརྩེ་སེམས་བྱང་བུ།

བརྩེ་སེམས་བྱང་བུ་ནི་སྤྱི་ཕན་བྱང་བུ་ཞིག་ཡིན་པ་དང་ལེ་ལག་ཚང་བའི་རྒན་གསོའི་འདུ་འགོད་དང་རྣམ་གྲངས་རྐྱང་པའི་རོགས་སྐྱོབ་འདུ་འགོད་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་སྤྱི་ཚོགས་ཅན་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་སྟངས་བརྒྱུད་ལོ་ལྟར་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་ས་གནས་ཁག་གི་སྤྱི་ཕན་སྒྲིག་གཞིས་བསྡུ་ལེན་བྱེད་ཀྱིན་ཡོད། བྱང་བུ་གཙོ་བོ་གཅིག་དང་བྱང་བུ་ཕལ་བ་གཉིས་ནི་དོན་དངོས་ཐོག་གཅེས་སེམས་མི་སྣ30ཡིས་དབང་པོ་སྐྱོན་ཅན1ལ་རོགས་རམ་བྱེད་ཀྱིན་ཡོད་པ་རེད། གཅེས་སེམས་མི་སྣས་ཐད་ཀར་ཞལ་འདེབས་རྒྱག་མི་དགོས་པར་འཛད་སྤྱོད་བརྒྱུད་རིམ་ཁྲོད་ཚོང་པས་ཆ་བསགས་ཕྱིར་སློག་བྱེད་པའི་རྣམ་པའི་ཐོག་ནས་ཞལ་འདེབས་བརྒྱབ་པ་སྟེ། ཚོང་ལས་ཞབས་ཞུའི་ལས་རིགས་དང་། གཅེས་སེམས་ཚོགས་མི། གྲངས་གཞིའི་མཛོད་བཅས་ཟུང་དུ་འབྲེལ་བའི་དོ་དམ་ལས་སྟེགས་ཤིག་རེད།

རིགས་དབྱེ།  

གཞི་གྲངས་ཆེན་མོའི་བཟོ་བཀོད་པ།

གཞི་གྲངས་ཆེན་མོའི་བཟོ་བཀོད་པས་གཞི་གྲངས་འབོར་ཆེན་འཚོལ་བསྡུ་དང་། གཙང་སེལ། དབྱེ་ཞིབ། བཅོས་སྐྱོང་། སྔོག་འདོན་བཅས་བྱེད་ཆོག་པ་མ་ཟད། གཞི་གྲངས་དེ་དག་བེད་སྤྱོད་དང་། དོ་དམ། སྲུང་སྐྱོང་། ཞབས་ཞུ་བཅས་ཀྱི་འབྲེལ་ཡོད་ལག་རྩལ་ལས་དོན་སྤེལ་ཆོག

རིགས་དབྱེ།  

སྒྲིག་གཞི་རང་བཞིན་གྱི་མཚན་ཉིད།

སྒྲིག་གཞི་རང་བཞིན་གྱི་མཚན་ཉིད་ནི་དབྱིན་ཇིའི་ལུའོ་སུའུ་སྐད་ཡིན། གལ་ཏེ་ང་ཚོས་མཚན་ཉིད་འཇོག་པའི་བྱ་དངོས་ནི་ཤེས་ཟིན་པའི་གཞི་རྒྱུ་ལས་གྲུབ་པའི་སྒྲིག་གཞི་ཞིག་ཡིན་ན། ང་ཚོས་གཞི་རྒྱུ་འདི་དག་བཤད་པ་དང་སྒྲིག་གཞི་འདི་གྲུབ་པའི་འབྲེལ་བ་དེ་དག་བརྒྱུད་ནས་དེར་མཚན་ཉིད་འཇོག་ཆོག གལ་ཏེ་མཚན་ཉིད་བཞག་པའི་བྱ་དངོས་ནི་ཚོགས་སྤྱི་ཞིག་ཡིན་ན། དེའི་གྲུབ་ཚུལ་ཁོ་ན་བཤད་དགོས། རྒྱུ་མཚན་ནི་གཞི་རྒྱུ་དེ་དག་ལ་འཆར་གཞི་ཆེན་པོ་དང་འབྲེལ་བ་མེད།

རིགས་དབྱེ།  

ཀྲུང་གོའི་རིག་དངོས་གསལ་འབྱེད་དྲ་བ།

ཀྲུང་གོའི་རིག་དངོས་གསལ་འབྱེད་དྲ་བ་ནི་པེ་ཅིང་གྲོང་ཁྱེར་རིག་གནས་སྲུང་སྐྱོབ་རིག་དངོས་གསལ་འབྱེད་ལྟེ་གནས་ཀྱིས་བཙུགས་པའི་གནའ་རྫས་ཉར་ཚགས་ལ་དགའ་མཁན་དང་རིག་གནས་སྲུང་སྐྱོབ་རིག་དངོས་ལྟེ་གནས་དབར་འབྲེལ་གཏུག་བྱེད་པའི་སྤེལ་རེས་ལས་སྟེགས་ཤིག་རེད།

རིགས་དབྱེ།  

ཀྲུང་གོའི་རིག་དངོས་ཉར་ཚགས་ཕྱོགས་སྟོན་དྲ་བ།

ཀྲུང་གོའི་རིག་དངོས་ཉར་ཚགས་ཕྱོགས་སྟོན་དྲ་བ་ནི་ཆེད་ལས་རང་བཞིན་གྱི་ཉར་ཚགས་རིགས་ཀྱི་དྲ་ཚིགས་ཤིག་ཡིན་པ་དང་དེའི་པར་གཞི་གཙོ་བོ་ནི་ཉར་ཚགས་ཕྱོགས་སྟོན་དང་། རིག་དངོས་གསལ་འབྱེད། རིག་དངོས་ཉམས་གསོ། རིག་དངོས་གསལ་འབྱེད་གསོ་སྦྱོང་། དེང་རབས་གྲགས་ཅན་གྱི་ཡིག་རིས་སོགས་ཡོད།

རིགས་དབྱེ།  

དངོས་དཔང་ཞིབ་འཇུག་ཐབས།

དེ་ནི་ཕྱི་རོལ་ཡུལ་གྱི་སྣང་ཚུལ་ངོས་འཛིན་བྱས་ཏེ་མི་རྣམས་ལ་དངོས་གནས་དང་། གོ་ཆོད་པ། གཏན་འཁེལ། གནད་ལ་འཁེལ་བ་བཅས་ཀྱི་ཤེས་བྱའི་ཞིབ་འཇུག་བྱེད་ཐབས་མཁོ་འདོན་བྱེད་པ་དང་། དེའི་གཙོ་གནད་ནི་སྣང་ཚུལ་དེ་ཉིད་ཀྱི“ཅི་ཞིག་ཡིན་པའི”གནད་དོན་ཞིབ་འཇུག་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

ཁྱད་གཤིས།

ཁྱད་གཤིས་ཀློག་སྟངས་ནིtexingདང་རྒྱ་ཡིག་གི་ཐ་སྙད་ཅིག་ཡིན་ལ། དོན་ནི་བྱ་དངོས་ཤིག་ལ་དམིགས་བསལ་དུ་ཡོད་པའི་ངོ་བོ་ལ་ཟེར་ཞིང་།《སུན་ཀྲུང་ཧྲན་སྐུ་གཤེགས་པ་དང་རྒྱལ་དམངས་གསར་བརྗེ》ལས་བྱུང་བ་ཡིན།

རིགས་དབྱེ།