ཡོངས་འཛིན་རིག་མཛོད། >ས་ཁམས། >གཏེར་ཁ།

དུང་ཚེར་མ་ཅན།

འདི་ནི་ཐ་མ་སྟེ། ཤེལ་ཕྲེང་དུ། ཀཎྜ་ཤཾ་ཁ། ཞེས་པ་དུང་ཚེར་མ་ཅན་ནམ་དུང་རྭ་ཅན་ཟེར་ཏེ། དུང་གི་ཕྱི་ལ་གཅན་གཟན་གྱི་མཆེ་བ་འདྲ་བའི་དུང་གི་ཚེར་མས་ཁྱབ་པ་ཞིག་འབྱུང་བ་དང་། ཞེས་གསུངས་སོ།། རྒྱ་ཡིག་གི་མིང་། 栉棘骨螺 ཕྱི་ཡིག་གི་མིང་། Murex triremis(Perry) མིང་གཞན། དུང་རྭ་ཅན། རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ནི་ཐ་མ་སྟེ། ཤེལ་ཕྲེང་དུ། ཀཎྜ་ཤཾ་ཁ། ཞེས་པ་དུང་ཚེར་མ་ཅན་ནམ་དུང་རྭ་ཅན་ཟེར་ཏེ། དུང་གི་ཕྱི་ལ་གཅན་གཟན་གྱི་མཆེ་བ་འདྲ་བའི་དུང་གི་ཚེར་མས་ཁྱབ་པ་ཞིག་འབྱུང་བ་དང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

སྨུག་ནག་པདྨ་རཱ་ག

ཁ་དོག་དམར་སྨུག་ནང་དུ་ཁྲག་རྩ་ཕྲ་མོ་འདྲ་བའི་སྤྲིན་རིས་ཡོད་པ། མཚན་ཉིད་པདྨ་རཱ་ག་དང་མཐུན་པ། འདི་ལ་རིན་ཆེན་ཡང་ཞུན་བདུད་རྩི་སྨན་མཛོད་ལས། རང་བྱུང་རྡོ་རིགས་ཁ་དོག་དམར་སྨུག་ནལ་ལྟ་བུ། དེ་ལས་དྭངས་ཤིང་དཀྱིལ་དུ་བལ་འདབ་ཆུར་བཅུག་པ་ལྟ་བུའི་རང་བྱུང་རྡོ་རིས་ཅན་སྣུམ་འོད་འབར་བ་མཆོག་དང་། ཞེས་གསུངས་སོ།། རྒྱ་ཡིག་གི་མིང་། 紫色红宝石 ཕྱི་ཡིག་གི་མིང་། Purple Ruby མིང་གཞན། པུཥྤེ་རཀྟ། རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། ཁ་དོག་དམར་སྨུག་ནང་དུ་ཁྲག་རྩ་ཕྲ་མོ་འདྲ་བའི་སྤྲིན་རིས་ཡོད་པ། མཚན་ཉིད་པདྨ་རཱ་ག་དང་མཐུན་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཞི་མིག

ཤེལ་ཕྲེང་ལས། མཉྫི་ནི་བཻཌཱུརྱ་ནི། བྱི་ལའི་མིག་ལྟར་སེར་བ། མཚན་མོ་འོད་ཟེར་འབྱུང་བ། ནང་དུ་སྐུད་པ་དགུ་བཅུག་པ་འདྲ་བ་མེ་ལ་བཅུག་ན་འོད་ཟེར་ལྷག་པར་ཆེ་བའོ།། ཞེས་གསུངས་པ་ལྟར་ཁ་དོག་སེར་པོ་ལ་སེར་སྨུག་དང་། ནག་པོ་སྣ་ཚོགས་འདྲེས་པ་ཞིག་གོ། རྒྱ་ཡིག་གི་མིང་། 虎眼石(木变石) ཕྱི་ཡིག་གི་མིང་། Tiger eye རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། ཤེལ་ཕྲེང་ལས། མཉྫི་ནི་བཻཌཱུརྱ་ནི། བྱི་ལའི་མིག་ལྟར་སེར་བ། མཚན་མོ་འོད་ཟེར་འབྱུང་བ། ནང་དུ་སྐུད་པ་དགུ་བཅུག་པ་འདྲ་བ་མེ་ལ་བཅུག་ན་འོད་ཟེར་ལྷག་པར་ཆེ་བའོ།།

རིགས་དབྱེ།   ས་ཁམས།གཏེར་ཁ།

ནཱི་མ་ལ།

འདི་ཡང་ཨིནྡྲ་ནཱི་ལ་ཕལ་པ་སྟེ། ནཱི་མ་ལའམ། ནཱི་ལམ་ཞེས་པ། ཨ་མེ་རི་ཁ་དང་། ཀོ་ལུན་པིས་ཡ། ཁ་ན་ཊ། དབྱིན་ཇི། ཀྲེ་ཅང་། ཨན་ཧུའེ། ཤིན་ཅང་། མཚོ་སྔོན་སོགས་ནས་ཐོན་པ་དང་། ཆེ་ཆུང་ངེས་མེད། དབྱིབས་ཕལ་ཆེར་བརྒྱད་ལིང་དང་། ངོས་མང་། གྲུ་བཞི་སོགས་ཅི་རིགས་དང་། ཁ་དོག་སྔོ་དམར། སྔོ་ལྗང་། ཤེལ་མདོག སྔོ་སྐྱ་སོགས་སྣ་ཚོགས་འབྱུང་བ། རྡོ་སྲུབས་གསལ་ཞིང་ཅུང་ཟད་དྭངས་པ། མཚན་ཉིད་ཅོང་ཞི་བཟང་པོ་འདྲ་བ་ཞིག་གོ། རྒྱ་ཡིག་གི་མིང་། 紫萤石 ཕྱི་ཡིག་གི་མིང་། Fluorite མིང་གཞན། ནཱི་ལམ། ནཱི་མ་ལ། རིགས་དབྱེ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཆུ་ཚན་རིང་བསྲེལ།

འདི་རང་ལྗོངས་ཀྱི་གངས་ཏི་སེ་སོགས་གནས་ཆེན་རྣམས་དང་། དེ་མིན་གྱི་ཆུ་ཚན་འབྱུང་ས་འགའ་ཞིག་ནས་འབྱུང་། དེ་ནི་ས་གཏིང་རིང་པོ་ནས་འོང་བའི་ཆུ་ཚན་དེས་ས་འོག་གི་གཏེར་དངོས་སྣ་ཚོགས་དང་། ཁྱད་པར་ཐན་སོན་ཀའེ་ཡི་གྲུབ་ཆ་ཁྱེར་ནས་དེ་ཉིད་འགུལ་སྐྱོད་དམ་ཤུགས་ཀྱིས་གོང་བུར་འགྲིལ་བ་ཡིན་པས། དབྱིབས་མང་ཆེ་བ་རླུམ་རིལ་དང་། ནས་འབྲུ་དང་ཡུངས་དཀར་གྱི་འབྲུ་ཙམ་པ། ངོ་བོ་སྲ་ལ་མཁྲེགས་པ་ཞིག་ཡིན་ནོ།། རྒྱ་ཡིག་གི་མིང་། 矿泉舍利(碳酸钙) ཕྱི་ཡིག་གི་མིང་། Calcite CaCO3 མིང་གཞན། གངས་རིའི་འཕེལ་གདུང་། རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ།

རིགས་དབྱེ།   ས་ཁམས།གཏེར་ཁ།

རྨ་བྱའི་མགྲིན་འདྲ།

འདི་ཡན་སོན་དང་འཕྲད་ན་ལྦུ་སོབ་འབྱུང་ཞིང་། བསྡུར་ལྗིད་རྡོ་རིགས་མརྒད་ལས་ཡང་བ། རྡོ་ལ་རི་མོ་སྔོན་པོ་དོད་པའམ་བརྡར་ན་ཕྱེ་མ་སྔོན་པོ་འབྱུང་བ། ཁ་དོག་མཐིང་སྨུག་ཅན་རྣམས་མུ་མེན་དང་ཅུང་འདྲ་ཡང་བཅག་ཁ་འཇམ་པ་དང་། མཐིང་སྐྱ་དང་སྔོ་ལྗང་ཅན་ལས་འཆོས་པའི་ཕྲ་རྒྱན་ལ་ལ་ལས་གཡུ་ལེགས་པར་བརྩི་ཡང་དོན་དུ་གཡུ་རང་མིན་ནོ།། རྒྱ་ཡིག་གི་མིང་། 硅孔雀石 ཕྱི་ཡིག་གི་མིང་། Chysocolla རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ཀྲི་ལི་དང་། ཨ་མེ་རི་ཁ། མོ་ཤིས་ཀོ ཀྲ་དབྱིར། དབྱི་སེ་རི་ཡ། ཤིན་ཅང་གི་ཧ་རྨིས་སོགས་ནས་ཐོན། གྲུབ་ཆ་གཙོ་བོ་ནི(CuAl)2H2Si2O5(OH)4nH2ཡིན་པ་དང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

དུང་དཀར།

འདི་དུང་དཀར་ཞེས་པ་གོང་རིགས་དཀར་འཇམ་མཐུག་ལ་ཅུང་ཆུང་བ་དགོན་པ་ཕལ་གྱིས་མཆོད་དུང་དང་དུང་དཀྱུས་སོགས་བྱེད་པ་སྟེ། ཤར་རྒྱ་མཚོ་དང་། ལྷོ་རྒྱ་མཚོ། ཧིན་རྡུ་རྒྱ་མཚོ་ཆེན་པོ་སོགས་སུ་གནས་ཤིང་། རུས་པ་ལུས་ཀྱི་ཕྱིར་ཆགས་པའི་སྲོག་ཆགས་དུང་གི་རུས་སྐོགས་ཏེ་མཚན་ཉིད་ཕལ་ཆེར་འདྲ་བ་ལ། བཟོ་དབྱིབས་དང་ཁ་དོག་སོགས་ཅུང་མི་འདྲ་བ་ཧ་ཅང་མང་ངོ་།། རྒྱ་ཡིག་གི་མིང་། 海螺 ཕྱི་ཡིག་གི་མིང་། Rapana bezoar(Linnaeus) རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་དུང་དཀར་ཞེས་པ་གོང་རིགས་དཀར་འཇམ་མཐུག་ལ་ཅུང་ཆུང་བ་དགོན་པ་ཕལ་གྱིས་མཆོད་དུང་དང་དུང་དཀྱུས་སོགས་བྱེད་པ་སྟེ། ཤར་རྒྱ་མཚོ་དང་། ལྷོ་རྒྱ་མཚོ།

རིགས་དབྱེ།   ས་ཁམས།གཏེར་ཁ།

སྤོས་ཤེལ།

འདིའི་ངོ་བོ་ནི་སྤོས་དཀར་ཤིང་དང་དེའི་ཐང་ཆུ་ས་འོག་ཏུ་སོང་ནས་ལོ་ཁྲི་ཕྲག་མང་པོ་འདས་པའི་འགྱུར་རྡོ་ཡིན་པས་སྤྱིར་བཏང་རྡོ་སོལ་ཡོད་ས་ནས་ཐོན། འདི་ནི་ནོར་བུའི་རིགས་ཀྱི་རྒྱན་ཆར་གཏོགས་པས། དྭངས་འཐིབ་འདྲེས་པ་སེར་སྨུག་དྭངས་པའི་ནང་དུ་སེར་སྐྱའི་སྤྲིན་རིས་འདྲེས་པ་སོགས་རང་བྱུང་གི་ཉམས་དང་ལྡན་པ་ཞིག་ཡིན་ནོ།། རྒྱ་ཡིག་གི་མིང་། 密腊(琥珀) ཕྱི་ཡིག་གི་མིང་། Ambrum(Amber) མིང་གཞན། སྦུར་ལེན། རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ལོ་མ་ཉི་ཡ་དང་། སི་སི་རི་གླིང་ཕྲན། རྒྱ་ནག་དང་། རང་ལྗོངས་ཀྱི་ས་ཆ་འགའ་ནས་ཐོན། ངོ་བོ་ནི་སྤོས་དཀར་ཤིང་དང་དེའི་ཐང་ཆུ་ས་འོག་ཏུ་སོང་ནས་ལོ་ཁྲི་ཕྲག་མང་པོ་འདས་པའི་འགྱུར་རྡོ་ཡིན་པས་སྤྱིར་བཏང་རྡོ་སོལ་ཡོད་ས་ནས་ཐོན།

རིགས་དབྱེ།   ས་ཁམས།གཏེར་ཁ།

ནལ།

དབྱིབས་ཕལ་ཆེར་སྒང་དྲུག ངོས་མང་། ལེབ་མོ་སོགས་ཅི་རིགས་ལ། ཁ་དོག་དམར་སྨུག་ཤེལ་ལྟར་དྭངས་ཤིང་སྲ་ལ་མཁྲེགས་པ། དེ་ལས་འཆོས་པའི་རྒྱན་ཕྲེང་སོགས་སྣ་ཚོགས་འབྱུང་བའོ།། རྒྱ་ཡིག་གི་མིང་། 玫瑰红色绿宝石 ཕྱི་ཡིག་གི་མིང་། Beryllus Roseus(Morganite) རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་མ་ཏ་ཅ་སི་ཅ་དང་། པཱ་ཤིས། ཨབ་གྷི་ནི་སི་ཐན། ཨ་མེ་རི་ཁ། ཨུ་རུ་སུ། མོ་སང་པི་ཁེ། ཤིན་ཅང་ཨར་ཐེ་སོགས་ནས་འབྱུང་། དབྱིབས་ཕལ་ཆེར་སྒང་དྲུག ངོས་མང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

དུང་།

འདི་ནི་མཆོག་སྟེ་གཡས་སུ་འཁྱིལ་བའོ།། ཤེལ་ཕྲེང་དུ། དུང་ལ་རིགས་ལྔ་འབྱུང་སྟེ། མཆོག་འབྲིང་དམན་གསུམ་དུ་ཕྱེ་ན། དཀྵི་ཎ་ཝ་རྟ་ཤཾ་ཁ་ཞེས་པ་དུང་གཡས་སུ་འཁྱིལ་བ་སྟེ། འདི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དུང་སྐྱེ་བ་ལྔ་པ་ཡིན་པར་བཤད་དོ།། རྒྱ་ཡིག་གི་མིང་། 海螺 ཕྱི་ཡིག་གི་མིང་། Rapana bezoar(Linnaeus) མིང་གཞན། སྐྱེ་བ་ལྔ་པ། བཀྲ་ཤིས་དུང་། རྒྱལ་པོ་འཁྱིལ་པ། རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ནི་མཆོག་སྟེ་གཡས་སུ་འཁྱིལ་བའོ།།

རིགས་དབྱེ།   ས་ཁམས།གཏེར་ཁ།

བ་སོ།

གླང་པོ་ཆེའི་མཆེ་བ་སྟེ། འདི་སྲོག་ཆགས་གཞན་གྱི་རུས་པ་དང་མི་ནོར་བའི་ཁྱད་རྟགས་ནི། ཤེལ་ཕྲེང་དུ། གང་ཡིན་པ་དེའི་སྒང་དུ་མཆིལ་མ་ཐིགས་པ་ནས་ཕྱེད་ཙམ་བླུགས་པའི་སྟེང་དུ་རྩྭ་འཇག་སྐྱའི་ཚལ་པ་ཁབ་ཙམ་སྣ་ནས་འབྲུ་ཕྱེད་གཉིས་ཙམ་ཡོད་པ་ཞིག་འཕྲེད་ལ་བཞག་པས་འཕྲེད་དུ་མི་སྡོད་པར་རུས་པའི་སྣ་རྒྱུད་དུ་འཁོར་ན་ངེས་པའོ།། ཞེས་གསུངས་སོ།། རྒྱ་ཡིག་གི་མིང་། 象牙 ཕྱི་ཡིག་གི་མིང་། ivory མིང་གཞན། ག་ཛ་དནྟ། རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་གླང་པོ་ཆེའི་མཆེ་བ་སྟེ། རིང་ཐུང་སྨི1.5~1.8ཡོད་ལ་སྦོམ་ཕྲ་ཕལ་ཆེར་མིའི་དཔུང་པ་ཙམ་ལྕི་ལ་ཁོང་སྦུབས་ཅན་འབྱུང་བས་ནོར་འཕྲང་མེད།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཀོ་རཉྫ།

འདི་ནི་ཕ་ལམ་དམན་པ་སྟེ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་མང་པོ་དང་། རྒྱ་ནག་དང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ནས་ཀྱང་ཐོན། ངོ་བོ་སྲ་ལ་མཁྲེགས་པ། ཆེ་ཆུང་ངེས་མེད། དབྱིབས་ཕལ་ཆེར་རྒྱ་མདུད་དང་། གྲུ་བཞི། ངོས་མང་སོགས་སྣ་ཚོགས་འབྱུང་ཞིང་། ཅུང་འཐིབས་ཤིང་ཕལ་ཆེར་ཁ་རུ་ཚྭའི་རྡོག་པོ་འདྲ་བ་ཞིག་གོ། རྒྱ་ཡིག་གི་མིང་། 石榴石(紫牙乌) ཕྱི་ཡིག་གི་མིང་། Carnet རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ནི་ཕ་ལམ་དམན་པ་སྟེ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་མང་པོ་དང་། རྒྱ་ནག་དང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ནས་ཀྱང་ཐོན།

རིགས་དབྱེ།   ས་ཁམས།གཏེར་ཁ།

བ་ནུ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་འགའ་ནས་ཐར་ཐོར་རྙེད་ཐུབ་ཅིང་། གདོད་མའི་མཚོ་གནས་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ་རྡོ་རྒྱུ་ཕལ་ཆེར་རྡོ་ཐལ་ལམ་བྲག་རྡོ་སྤྱི་དང་འདྲ་བ། སྲ་མཁྲེགས་ལྕི་བའི་ཉམས་ཅན། དབྱིབས་ཟླུམ་ནར་རྩ་བ་སྦོམ་ཞིང་རྩེ་ཕྲ་བ། བའི་ནུ་མདེལ་འདྲ་བ། ཁ་དོག་སྔོ་སྐྱ་གཉེར་རིས་ཅན། འགའ་ཞིག་དཀྱིལ་དུ་ནུ་ཁུང་ཡོད་པ། རྡོ་ལ་རི་མོ་བྲིས་ན་སྔོ་སྐྱ་དོད་པ། བརྡར་ན་རྭ་གཞོབ་བྲོ་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 珠角石 རིགས་དབྱེ། གཏེར་དངོས། ངོ་སྤྲོད། 

རིགས་དབྱེ།   ས་ཁམས།གཏེར་ཁ།

གངས་ཐིགས།

འདི་མཆོག་སྟེ་བོད་རང་སྐྱོང་ལྗོངས་ཀྱི་གངས་རི་མང་བའི་ཡུལ་འགའ་ཞིག་གི་ཏི་སེ་དང་འདྲེས་པའི་བྲག་ལས་བྱུང་བའི་གཏེར་རྡོ་སྟེ་དབྱིབས་དང་ཆེ་ཆུང་ངེས་མེད། འགའ་ཞིག་ཕྱི་ལ་བྲག་གི་དྲེག་པ་ཡོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 高山风化硬石膏 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་མཆོག་སྟེ་བོད་རང་སྐྱོང་ལྗོངས་ཀྱི་གངས་རི་མང་བའི་ཡུལ་འགའ་ཞིག་གི་ཏི་སེ་དང་འདྲེས་པའི་བྲག་ལས་བྱུང་བའི་གཏེར་རྡོ་སྟེ་དབྱིབས་དང་ཆེ་ཆུང་ངེས་མེད། འགའ་ཞིག་ཕྱི་ལ་བྲག་གི་དྲེག་པ་ཡོད་པ། གྲུབ་ཆ་གཙོ་བོ་ནིCaSO4(硫酸钙)ཡིན་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

དཀར་པོ་སྦལ་རྒྱབ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ནས་ཐོན་ཞིང་། མང་ཆེ་བ་ཅོང་ཞི་ཡོད་པའི་རྫ་དང་བྲག་ལས་འབྱུང་། དབྱིབས་ཕལ་ཆེར་ལེབ་མོ་ཡིན་པ་ལ་རྔམ་མཐུག་པ། ཆེ་ཆུང་ངེས་མེད། ཁ་དོག་དཀར་པོ། འགའ་ཞིག་ལ་སེར་ཉམས་ཅུང་ཟད་ཡོད་པ། སྟེང་འོག་གམ་མདུན་རྒྱབ་གཉིས་རྡོ་རྒྱུ་དང་མཚན་ཉིད་ཅུང་མི་འདྲ་བ། བཅད་ཁར་ཕྱི་ནང་རིམ་པའི་རི་མོ་ཡོད་པ། ངོ་བོ་ཅོང་ཞིའི་རིགས་འདྲ་བ་ལ་དེ་ལས་ཅུང་ཟད་མཁྲེགས་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 瘤状硅镁石 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ནས་ཐོན་ཞིང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

མཐིང་སྔོན།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་ཐོན་པའི་ཟངས་ཀྱི་གཏེར་རྡོ་ཞིག་སྟེ་ཟངས་རྡོ་གཞན་དང་ཁྱད་པར་སྤང་མ་དང་འདྲེས་པའམ་མཉམ་དུ་གནས། ཁ་དོག་སྔོན་པོ་དང་མཐིང་ནག ཐོག་མར་ས་འོག་ནས་རློན་པ་སྙི་ལ་མཁའ་རླུང་དང་འཕྲད་པས་རིམ་བཞིན་སྲ་མཁྲེགས་རྡོ་རུ་འགྱུར་ཞིང་། རྡོ་ལ་རི་མོ་སྔོན་པོ་དོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 石青(蓝铜矿) ཕྱི་ཡིག་གི་མིང་། Azuritum མིང་གཞན། མཐིང་། ཀུ་ཤུའི་ཁམས། དུས་ཀྱི་མེ་ཏོག བྱ་ཁྱུང་རྡོ། མིག་སྨན་སྔོན་པོ། མེ་ཏོག་མིག་སྨན།

རིགས་དབྱེ།   ས་ཁམས།གཏེར་ཁ།

རྡོ་ཆུ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེའི་ཆུ་ཚན་དང་། མཚུར་ཁུ་ཡོད་ས་གར་ཡང་འབྱུང་ཞིང་། ཆུ་ཚན་གྱི་མཐའ་འཁོར་གྱི་བྲག་རྡོའི་ངོས་སུ་ཆགས་པ། གསར་པ་སོབ་ཅིང་། རྙིང་པ་རིམ་པས་སྲ་བར་འགྱུར་བ། ཕྱི་ནང་རིམ་པར་ཆགས་རིམ་ཡོད་པ། ཁ་དོག་ཅི་རིགས་ལ་འགའ་ཞིག་ལ་ལྕགས་ཀྱི་བཙའ་དྲེག་དམར་སེར་འདྲེས་པ། རོ་ཅུང་ཟད་སྐྱུར་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 泉华 ཕྱི་ཡིག་གི་མིང་། Sinter མིང་གཞན། ཆུ་སྐྱུར་རྡོ། རྡོ་སྐྱུར། རྡོ་རུལ་བཅས་སོ།། རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེའི་ཆུ་ཚན་དང་། མཚུར་ཁུ་ཡོད་ས་གར་ཡང་འབྱུང་ཞིང་། ཆུ་ཚན་གྱི་མཐའ་འཁོར་གྱི་བྲག་རྡོའི་ངོས་སུ་ཆགས་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཁ་རུ་ཚྭ།

ལན་ཚྭའི་རིགས་ཤིག་སྟེ། རྡོག་པོ་ཆེ་ཆུང་ངེས་མེད་ལ། དབྱིབས་ཕལ་ཆེར་ཟུར་མང་དང་། འགའ་ཞིག་གྲུ་བཞི་ཅན། ཁ་དོག་དམར་སྨུག་གམ་དམར་ཁམ། འགའ་ཞིག་དུད་ཁ། ལྕི་ཞིང་མཁྲེགས་ལ་ཁྲོབ་པ་བཅག་ཁ་དམར་སྨུག་འོད་དང་ལྡན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 紫硇砂 ཕྱི་ཡིག་གི་མིང་། Halitum violaceum མིང་གཞན། མ་ལོ་ཎ། སྨིན་ཚྭ་བཅས་སོ།། རིགས་དབྱེ། གཏེར་དངོས། ངོ་སྤྲོད།  ལན་ཚྭའི་རིགས་ཤིག་སྟེ། རྡོག་པོ་ཆེ་ཆུང་ངེས་མེད་ལ། དབྱིབས་ཕལ་ཆེར་ཟུར་མང་དང་། འགའ་ཞིག་གྲུ་བཞི་ཅན།

རིགས་དབྱེ།   ས་ཁམས།གཏེར་ཁ།

གངས་ཐིགས།

དམན་པ་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེའི་ས་དམར་ཡོད་ས་ནས་ཐར་ཐོར་འབྱུང་བའི་གཏེར་རྡོ་ཆེ་ཆུང་ངེས་མེད་ལ་གྲུབ་ཆ་ལིའུ་སོན་ཀའེ་ཡིན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 硬石膏 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  དམན་པ་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེའི་ས་དམར་ཡོད་ས་ནས་ཐར་ཐོར་འབྱུང་བའི་གཏེར་རྡོ་ཆེ་ཆུང་ངེས་མེད་ལ་གྲུབ་ཆ་ལིའུ་སོན་ཀའེ་ཡིན་པ་དང་། སྲ་ཚད1~2.5°དང་བསྡུར་ལྗིད་ཁེ2.8~3ཡོད་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

བ་ནུ་ཆེ་བ།

འདི་བ་ནུ་དང་རིགས་གཅིག་ལ་དབྱིབས་ཟླུམ་ནར། སྣ་བ་ནུ་ལས་རིང་ཞིང་། སྣེ་གཉིས་ལ་སྦོམ་ཕྲའི་ཁྱད་པར་ཆེར་མེད་པ། ཕལ་ཆེར་ཆག་དུམ་ཁོ་ན་འབྱུང་བ། འདི་ལ་བཻ་སྔོན་དུ་བ་ནུ་ཕོ་རིགས་ཡིན་པར་བཞེད་དོ།། རྒྱ་ཡིག་གི་མིང་། 竹节石 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བ་ནུ་དང་རིགས་གཅིག་ལ་དབྱིབས་ཟླུམ་ནར། སྣ་བ་ནུ་ལས་རིང་ཞིང་། སྣེ་གཉིས་ལ་སྦོམ་ཕྲའི་ཁྱད་པར་ཆེར་མེད་པ། ཕལ་ཆེར་ཆག་དུམ་ཁོ་ན་འབྱུང་བ། འདི་ལ་བཻ་སྔོན་དུ་བ་ནུ་ཕོ་རིགས་ཡིན་པར་བཞེད། དེང་དུས་སྨན་མིང་རྒྱ་ཡིག་ཏུ་བསྒྱུར་བ་འགའ་ཞིག་ལ།

རིགས་དབྱེ།   ས་ཁམས།གཏེར་ཁ།

མཚལ་དཀར།

འདི་རང་བྱུང་འབྱུང་བ་དཀོན་ཞིང་། རྒྱ་དཀར་ནག་ནས་ཚོང་དུ་འོང་ལ། དངུལ་རྡོ་དང་ཞ་ཉེའི་རྡོ་ཚན་ཆེར་བཞུས་ནས་དངུལ་དང་། ཞ་ཉེ་འདོན་པའི་སྐབས་སུ་ཐབ་ཀྱི་ཞབས་སུ་ཆགས་པའི་དངོས་པོ་ཡིན། ཁ་དོག་སེར་སྐྱ་ལྗང་ཞད་ཡོད་པ་ཕྱི་ངོས་འཇམ་ཞིང་། ངོ་བོ་ཧ་ཅང་ལྕི་ལ་ཅུང་ཟད་མཁྲེགས་པ་སེན་མོས་ཐུབ་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 密陀僧 ཕྱི་ཡིག་གི་མིང་། Lithargyrum(Massicot) རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་རང་བྱུང་འབྱུང་བ་དཀོན་ཞིང་། རྒྱ་དཀར་ནག་ནས་ཚོང་དུ་འོང་ལ། དངུལ་རྡོ་དང་ཞ་ཉེའི་རྡོ་ཚན་ཆེར་བཞུས་ནས་དངུལ་དང་། ཞ་ཉེ་འདོན་པའི་སྐབས་སུ་ཐབ་ཀྱི་ཞབས་སུ་ཆགས་པའི་དངོས་པོ་ཡིན། ཁ་དོག་སེར་སྐྱ་ལྗང་ཞད་ཡོད་པ་ཕྱི་ངོས་འཇམ་ཞིང་། ངོ་བོ་ཧ་ཅང་ལྕི་ལ་ཅུང་ཟད་མཁྲེགས་པ་སེན་མོས་ཐུབ་པ་ཙམ་དང་། ཕྱི་ནང་རིམ་པར་ཆགས་པའི་ཉམས་ཅན་བརྡུང་ན་ཕྱེ་ཆོག་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

དུང་འདྲ།

འདི་གདོད་མའི་དུས་སུ་བོད་འདི་རྒྱ་མཚོ་ཆེན་པོ་ཡིན་པའི་སྐབས་ཀྱི་མཚོ་གནས་དུང་དཀར་རིགས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། རྡོ་རྒྱུ་ཕལ་ཆེར་བྲག་རྡོ་སྤྱིར་བཏང་པ་དང་འདྲ་བ་ལ། དབྱིབས་དུང་དཀར་འདྲ་བ་འཁྱིལ་རིམ་སོགས་གསལ་པོ་ཡོད་པ། འགའ་ཞིག་བྱེའུ་མགོའི་རྒྱུ་འདྲ་བ། ནང་ཁོག་སྟོང་ཡོད་པའང་འབྱུང་ཞིང་ཁ་དོག་སྔོ་སྐྱ་སྲ་ཞིང་མཁྲེགས་ལ་ལྕི་བ། རྡོ་ལ་རི་མོ་བྲིས་ན་སྐྱ་དཀར་དོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 海螺石 ཕྱི་ཡིག་གི་མིང་། Sinospirifer རིགས་དབྱེ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ད་ཆུ།

འདི་ནི་མུ་ཟི་དང་དངུལ་ཆུ་འདྲེས་སྦྱོར་ལས་སྣོན་བྱས་ནས་བྱུང་བས་གྲུབ་ཆ་སོགས་མཚན་ཉིད་ཕལ་ཆེར་ཅོག་ལ་དང་མཐུན་པ་དང་། དམིགས་བསལ་གྱི་རྟགས་ནི་ཀ་ཏོ་ར་སོགས་སྣོད་དུ་བླུགས་པའི་ཉམས་ཡོད་པ། སོ་ཅུང་ཟད་སེག་ཅིང་བྲོ་བ་མེད་ལ་མེར་བསྲེགས་ན་མུ་ཟིའི་དྲི་མནམ་ཞིང་མེ་ལ་བཏབ་ན་འོད་སྔོ་ཝུང་འོང་བ་ཞིག་ཡོད། ཕྱེ་མ་ཞིབ་པར་བཏུལ་ནས་ཡན་སོན་གྱི་ནང་དུ་སྦངས་རྗེས་ཟངས་གཙང་མར་ཕྱིས་པ་ལ་བྱུགས་ན་དངུལ་གྱི་མདོག་ལྟར་འགྱུར་བའོ།། རྒྱ་ཡིག་གི་མིང་། 银朱(合成硫化汞) ཕྱི་ཡིག་གི་མིང་། Hydragyrum Sulphidum རིགས་དབྱེ། གཏེར་དངོས། ངོ་སྤྲོད།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཟི་ལ།

འདི་གཤའ་དཀར་ལ་ཟངས་དང་ཞ་ཉེ་ཕྲན་བུ་བསྲེས་པའི་འདྲེས་སྦྱོར་ལྕགས་རིགས་ཏེ། མཚན་ཉིད་ཕལ་ཆེར་གཤའ་དཀར་འདྲ་བ་དཀར་ཞིང་མཉེན་ལ་གཤའ་ལས་འཇུ་སླ་ཞིང་ཞ་ཉེ་ལས་སྲ་བ་ཞིག་ཡིན་ནོ།། རྒྱ་ཡིག་གི་མིང་། 锡镴 རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད།  འདི་གཤའ་དཀར་ལ་ཟངས་དང་ཞ་ཉེ་ཕྲན་བུ་བསྲེས་པའི་འདྲེས་སྦྱོར་ལྕགས་རིགས་ཏེ། མཚན་ཉིད་ཕལ་ཆེར་གཤའ་དཀར་འདྲ་བ་དཀར་ཞིང་མཉེན་ལ་གཤའ་ལས་འཇུ་སླ་ཞིང་ཞ་ཉེ་ལས་སྲ་བ། ཤེལ་ཕྲེང་དུ། རྒྱ་ནག་ནས་འབྱུང་བས་ཁ་དོག་དང་རྒྱུ་གཤའ་དཀར་འདྲ་ལ། དེ་ལས་སྲ་ཞིང་མཁྲེགས་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

གངས་ཐིགས།

འདི་ནི་འབྲིང་བ་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ནས་ཐར་ཐོར་ཐོན་པ་དང་། གཏེར་རྡོ་དབྱིབས་དང་ཆེ་ཆུང་ངེས་མེད། ཁ་དོག་དཀར་པོ་ཡིན་པ་ལ་ཡུལ་སའི་དབང་གིས་ཕྱི་དྲེག་དམར་མདངས་ཅན་ཞིག་ཡིན། རྒྱ་ཡིག་གི་མིང་། 雪花状硬石膏 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འབྲིང་བ་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ནས་ཐར་ཐོར་ཐོན་པ་དང་། གཏེར་རྡོ་དབྱིབས་དང་ཆེ་ཆུང་ངེས་མེད། ཁ་དོག་དཀར་པོ་ཡིན་པ་ལ་ཡུལ་སའི་དབང་གིས་ཕྱི་དྲེག་དམར་མདངས་ཅན། གྲུབ་ཆ་ལིའུ་སོན་ཀའེ་ཡིན་ལ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཚ་ལའི་དྭངས་མ།

འདི་ནི་ཚ་ལའི་རྡོ་ཆུ་ཁོལ་དུ་བསྐོལ་ནས་ཁུ་བ་དར་ཚགས་སུ་དྲངས་ཏེ་རྫ་མར་བླུགས་ལ། རྫ་མའི་ཁར་འཕྲེད་ཤིང་བཏང་ནས་དེ་ལས་སྲོ་སྐུད་ཀྱི་སྣེ་མོར་ལྕགས་སོགས་ལྕི་བའི་དངོས་པོ་རེ་བཏགས་པའི་ཛར་བུ་མང་པོ་ཐད་ཀར་ཚ་ཁུའི་ནང་དཔྱངས་ནས་བཞག་པས། ཐག་པའི་རྒྱུད་དུ་ཞུན་ཆགས་ཀྱི་དངོས་པོ་ལྟ་བུ་ཆགས་ཡོང་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 月石坠 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་ནི་ཚ་ལའི་རྡོ་ཆུ་ཁོལ་དུ་བསྐོལ་ནས་ཁུ་བ་དར་ཚགས་སུ་དྲངས་ཏེ་རྫ་མར་བླུགས་ལ། རྫ་མའི་ཁར་འཕྲེད་ཤིང་བཏང་ནས་དེ་ལས་སྲོ་སྐུད་ཀྱི་སྣེ་མོར་ལྕགས་སོགས་ལྕི་བའི་དངོས་པོ་རེ་བཏགས་པའི་ཛར་བུ་མང་པོ་ཐད་ཀར་ཚ་ཁུའི་ནང་དཔྱངས་ནས་བཞག་པས།

རིགས་དབྱེ།   ས་ཁམས།གཏེར་ཁ།

ལན་ཚྭ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཚྭ་གཏེར་ཕལ་མོ་ཆེ་ནས་ཐོན་ཞིང་། ཚྭ་ཁྲོན་ནས་ཚྭ་ཆུ་བླངས་ནས་ཞུན་ཆགས་བྱས་པ་ལས་བྱུང་བ་སྟེ། ཡུལ་དང་ལག་ལེན་གྱི་ཁྱད་པར་དང་། གྲུབ་ཆ་གཞན་འདྲེས་ཚད་ཀྱི་དབང་གིས་དབྱིབས་ངེས་མེད་ཅུང་ཟད་ཞིབ་པའམ་ཡང་ན་ཕྱེ་མ་ཅི་རིགས་ལ། ཁ་དོག་དཀར་པོ་དྭངས་ཤིང་། འགའ་ཞིག་ཚྭ་ཞིང་གི་ས་མདོག་གིས་བསྒྱུར་བས་དམར་ཉམས་ཡོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 石盐 ཕྱི་ཡིག་གི་མིང་། Sal(Salt) མིང་གཞན། ཡུལ་ཚྭ། ཚོང་ཚྭ། ཟས་ཚྭ། འགྱུར་བྱེད། ཆུ་རོ། དཔྱིད་དུས་ཆགས་བཅས་སོ།། རིགས་དབྱེ། གཏེར་དངོས།

རིགས་དབྱེ།   ས་ཁམས།གཏེར་ཁ།

ད་ཚུར།

མཚུར་དཀར་པོ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན། རྒྱུན་དུ་མེ་རིའི་བྲག་དང་། ཚུར་རིགས་གཞན་ཡོད་པའི་ས་ཆ་བཅས་སུ་གནས་པའི་ལུའུ་སོན་ཡན་ཞེས་པའི་རིགས་ཀྱི་གཏེར་དངོས་སམ་ཚུར་རིགས་ཏེ། བཅག་ཁ་ཤེལ་འོད་དང་ལྡན་ཞིང་མི་སྙོམས་པ་སོགས་འབྱུང་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 白矾(明矾) ཕྱི་ཡིག་གི་མིང་། Alumen(Alum) མིང་གཞན། དཀར་ཚུར་དང་། ཚུར་དཀར། མཚུར་དཀར། རྒྱ་མཚུར་དཀར་པོ་བཅས་སོ།། རིགས་དབྱེ། གཏེར་དངོས། ངོ་སྤྲོད། མཚུར་དཀར་པོ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན།

རིགས་དབྱེ།   ས་ཁམས།གཏེར་ཁ།

བུ་ཅོང་མཆོག

མཆོག་ནི་སག་རི་ཆགས་པ་འདྲ་ཞེས་སྲབ་ལ་འབྲུམ་ཅན་གོག་ལྤགས་འདྲ་བ་དང་། རབ་ནི་ཞོ་ཡི་སྤྲིས་མ་འདྲ་ཞེས་འཇམ་ལ་རྩི་ཆགས་པ་འབོལ་ཞིང་སྙི་བ་སོགས་རིགས་བཞི་ཡོད། རྒྱ་ཡིག་གི་མིང་། 石笋 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  མཆོག་ནི་སག་རི་ཆགས་པ་འདྲ་ཞེས་སྲབ་ལ་འབྲུམ་ཅན་གོག་ལྤགས་འདྲ་བ་དང་། རབ་ནི་ཞོ་ཡི་སྤྲིས་མ་འདྲ(板状石膏CaSO4)ཞེས་འཇམ་ལ་རྩི་ཆགས་པ་འབོལ་ཞིང་སྙི་བ། འབྲིང་ནི་ཕྱིང་པའི་རས་མོ་འདྲ(马尾石膏CaSO4)ཞེས་དཀར་སྲབ་ཕྲུམ་པ་སུལ་ཞིབ་འཕྲེད་ཆགས་ཅན། ཐ་མ་གད་པ་ཆད་པ་འདྲ(片状石膏CaSO4)ཞེས་ས་ཕག་འདྲ་བ་དཀར་སོབ་རིམ་པར་ཆགས་པ་བཅས་བུ་ཅོང་བཞིའོ།།

རིགས་དབྱེ།   ས་ཁམས།གཏེར་ཁ།

འབྲུག་རུས།

འདི་ད་ལྟ་འཇིག་རྟེན་ཐོག་རྒྱུན་ཆད་པའི་གདོད་མའི་སྲོག་ཆགས་ཀྱི་རུས་པའི་འགྱུར་རྡོ་ཡིན་ཞིང་། ཧྲན་ཤིས་དང་། སི་ཁྲོན། ཡུན་ནན་སོགས་རྒྱ་ནག་གི་ཞིང་ཆེན་མང་པོ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགར་ཡང་ཐར་ཐོར་རྙེད་རྒྱུ་ཡོད། དབྱིབས་སྲོག་ཆགས་ཀྱི་རུས་པ་འདྲ་བ། ཕྱི་ཅུང་འཇམ་ཞིང་ཚིགས་དབྱིབས་སོགས་གསལ་པོ་ཡོད་ལ། ནང་ལྷ་སོབ་ཅན་ངོ་བོ་ལྕི་ལ་རྡོ་ཡིན་པ། ཕྱེ་མར་བཏུལ་སླ་བ། ཆེ་ཆུང་མ་ངེས་པ་ཅི་ཡང་འབྱུང་བའོ།། རྒྱ་ཡིག་གི་མིང་། 龙骨 ཕྱི་ཡིག་གི་མིང་།

རིགས་དབྱེ།   ས་ཁམས།གཏེར་ཁ།