མཚལ་དཀར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚལ་དཀར།
འདི་རང་བྱུང་འབྱུང་བ་དཀོན་ཞིང་། རྒྱ་དཀར་ནག་ནས་ཚོང་དུ་འོང་ལ། དངུལ་རྡོ་དང་ཞ་ཉེའི་རྡོ་ཚན་ཆེར་བཞུས་ནས་དངུལ་དང་། ཞ་ཉེ་འདོན་པའི་སྐབས་སུ་ཐབ་ཀྱི་ཞབས་སུ་ཆགས་པའི་དངོས་པོ་ཡིན། ཁ་དོག་སེར་སྐྱ་ལྗང་ཞད་ཡོད་པ་ཕྱི་ངོས་འཇམ་ཞིང་། ངོ་བོ་ཧ་ཅང་ལྕི་ལ་ཅུང་ཟད་མཁྲེགས་པ་སེན་མོས་ཐུབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
密陀僧
ཕྱི་ཡིག་གི་མིང་།
Lithargyrum(Massicot)
རིགས་དབྱེ།
གཏེར་དངོས།
1 ངོ་སྤྲོད། 

འདི་རང་བྱུང་འབྱུང་བ་དཀོན་ཞིང་། རྒྱ་དཀར་ནག་ནས་ཚོང་དུ་འོང་ལ། དངུལ་རྡོ་དང་ཞ་ཉེའི་རྡོ་ཚན་ཆེར་བཞུས་ནས་དངུལ་དང་། ཞ་ཉེ་འདོན་པའི་སྐབས་སུ་ཐབ་ཀྱི་ཞབས་སུ་ཆགས་པའི་དངོས་པོ་ཡིན། ཁ་དོག་སེར་སྐྱ་ལྗང་ཞད་ཡོད་པ་ཕྱི་ངོས་འཇམ་ཞིང་། ངོ་བོ་ཧ་ཅང་ལྕི་ལ་ཅུང་ཟད་མཁྲེགས་པ་སེན་མོས་ཐུབ་པ་ཙམ་དང་། ཕྱི་ནང་རིམ་པར་ཆགས་པའི་ཉམས་ཅན་བརྡུང་ན་ཕྱེ་ཆོག་པ། བཅད་ཁ་འོད་སིབ་ཅན་ཅོག་ལ་མའི་ཁ་སོ་འདྲ་བ། གྲུབ་ཆ་གཙོ་བོ་ནིPbo(氧化铅)དང་། Pbo2(二氧化铅)བཅས་ཅུང་ཟད་འདྲེས་པ། སྲ་ཚད2~3°དང་། བསྡུར་ལྗིད་ཁེ8~9ཡོད་པ། སོ་སེག་ཅིང་བྲོ་བ་མེད་པ། མེར་བསྲེགས་ན་ཞུ་ནས་ཞུན་ཁུ་རང་མདོག་འབྱུང་བ་དེ་གྲང་ནས་སྲ་མཁྲེགས་འོད་དང་ལྡན་པའི་དངོས་པོར་འགྱུར་བ། ཁོང་སྨན་དུ་སྦྱར་ན་སླ་ངར་བརྔོས་ནས་དུག་ཕྲལ་བྱ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།