ཡོངས་འཛིན་རིག་མཛོད། >ས་ཁམས། >གཏེར་ཁ། >བྲག་གཡམ།

མཚོ་ཆུ་དྭངས་མ་བཙན་གྱི་བྲག

མཚོ་ཆུ་དྭངས་མ་བཙན་གྱི་བྲག་ཅེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་གི་ཁོངས་སུ་ཡོད་པའི་རི་བོ་ཞིག་ཡིན་པ་དང་། རི་བོ་དེ་ནི་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རྒྱ་ར་གྲོང་ཚོའི་བྱང་ངོས་ཕྱོགས་སུ་ཡོད་པ་དང་། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་ནས་བར་ཐག་སྤྱི་ལེ71ལྷག་ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

ལྡིང་ཁུང་བྲག་ཕུག

ལྡིང་ཁུང་བྲག་ཕུག་ཅེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་བྲག་ཕུག་ཅིག་ཡིན་པ་དང་། བྲག་ཕུག་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཆུ་མདོ་གྲོང་རྡལ་སྟེང་གྲོང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ཕྱོགས་ཀྱི་སྤྱི་ལེ3ལྷག་ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

མདོ་དཀྱིལ་ཤེལ་ཁང་།

འདི་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བཱ་ཟ་གཡོན་ཕུ་ལུང་པར་ཡོད།

རིགས་དབྱེ།  

གཡས་ཁོག་ཆུ་བོའི་འགྲམ་གྱི་བྲག་རྡོ།

འདི་ནི་ཨ་མྱེས་རྨ་ཆེན་གྱི་འཁོར་དང་འབྲེལ་ཡོད་གནས་རིའི་གྲས་ཤིག་ཡིན།

རིགས་དབྱེ།  

ཆུ་དཀར་སྣའི་བྲག་རིའི་ལྟེབ་བརྩེགས།

དེ་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་ཡོད།

རིགས་དབྱེ།  

འཛེང་དཀར།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེར་ཡོད་པ་དང་། མང་ཆེ་བ་ཁ་མཐོའི་རྫ་ལས་འབྱུང་ཞིང་། དེ་ལས་བབ་པའི་ཆུ་ཀླུང་གི་རྒྱུད་སོགས་ནས་རྙེད་ཐུབ་པ་དང་། ཡུལ་འགའ་ཞིག་ལ་འཛེང་གི་བྲག་ཡོད་པ་སྟེ། དབྱིབས་དང་ཆེ་ཆུང་ངེས་མེད། ཕལ་ཆེར་ཕྱི་ངོས་ཅུང་འཇམ་ཞིང་ཟླུམ་པའི་རྣམ་པ་ཅན། ཁ་དོག་དཀར་གྲོ་གསེར་ཐིག་ཅན། ངོ་བོ་ལྕི་ལ་མཁྲེགས་ཤིང་ཁྲོབ་པ། བཅག་ཁ་མི་སྙོམས་པ་ཞིག་ཡིན།

རིགས་དབྱེ།